8650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་གྱི་སེམས་ཀྱི་རྒྱུད་ལྟ་བ་ངན་པ་རྣམ་པ་དགུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1. ཀུན་ནས་ཁེབས་པའི་ཡིད་ཀྱི་ལྟ་བ་ངན་པ་གང་གི་ཕྱིར་མ་རིག་པའི་མུན་པས་ཀུན་ནས་ཁེབས་པའི་ཡིད་ཅེས་གསུངས་པའོ། ། 2. ཡིད་ཀྱི་ཀུན་ཏུ་རྟོག་པའི་ལྟ་བ་ངན་པ་གང་གི་ཕྱིར་ང་རྒྱལ་གྱི་རྒྱལ་མཚན་ཤིན་ཏུ་བསྒྲེང་བའི་ཀུན་ཏུ་རྟོག་པ་རྣམས་ཞེས་གསུངས་པའོ། ། 3. སྲིད་པའི་ཡིད་ལ་བྱེད་པའི་ལྟ་བ་ངན་པ་གང་གི་ཕྱིར་སྲིད་པའི་དྲ་བས་མངོན་པར་འདོད་པའི་ཡིད་ལ་བྱེད་པ་རྣམས་ཞེས་གསུངས་པའོ། ། 4. སྒྱུ་དང་གཡོའི་བསམ་པའི་ལྟ་བ་ངན་པ་གང་གི་ཕྱིར་སྒྱུ་དང་གཡོའི་ཐིབས་པོའི་རྗེས་སུ་རྒྱུ་བའི་སེམས་ཀྱི་བསམ་པ་རྣམས་ཞེས་གསུངས་པའོ། ། 5. ཕྲག་དོག་དང་སེར་སྣའི་སྦྱོར་བའི་ལྟ་བ་ངན་པ་གང་གི་ཕྱིར་ཕྲག་དོག་དང་སེར་སྣ་དང་མཚུངས་པར་ལྡན་པས་འགྲོ་བར་སྐྱེ་བ་སྦྱོར་བ་རྣམས་ཞེས་གསུངས་པའོ། ། 6. འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་འདྲིས་པའི་ལས་ལ་སོགས་པའི་ལྟ་བ་ངན་པ་གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་འདྲིས་པའི་ལས་ལ་སོགས་པ་རྣམས་ཞེས་གསུངས་པའོ། ། 7. སྦྱར་བའི་སེམས་ཀྱི་མེ་ལྕེ་འབར་བའི་སེམས་ཀྱི་ལྟ་བ་ངན་པ་གང་གི་ཕྱིར་ཁྲོ་བ་དང་ཁོན་དུ་འཛིན་པས་སྦར་བའི་སེམས་ཀྱི་མེ་ལྕེ་འབར་བ་རྣམས་ཞེས་གསུངས་པའོ། ། 8. ལས་བྱ་བ་མངོན་པར་བསྒྲུབ་པའི་ལྟ་བ་ངན་པ་གང་གི་ཕྱིར་ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པས་ལས་བྱ་བ་མངོན་པར་སྒྲུབ་པ་རྣམས་ཞེས་གསུངས་པའོ། ། 9. སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་ས་བོན་གྱི་ལྟ་བ་ངན་པ་གང་གི་ཕྱིར་འདོད་པ་དང་། སྲིད་པ་དང་། མ་རིག་པའི་ཟག་པ་དང་འབྲེལ་བའི་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་ས་བོན་རྣམས་ཀྱིས་ཞེས་གསུངས་པའོ། །

Tibetan Source 《བསྟན་འགྱུར་མདོ་སྡེ་ངི་པ་》ཤ་146བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number