9306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའ་འཚོ་བ་ཡོངས་སུ་དག་པའི་ཆོས་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་སྟེ། ཚུལ་འཆོས་པ་དང་། ཁ་གསག་གི་རྙེད་པ་དང་བྲལ་བ་རྣམས་ཡིན། བརྡའི་རྙེད་པ་དང་བྲལ་བ་རྣམས་ཡིན། གཞོགས་སློང་གི་རྙེད་པ་དང་བྲལ་བ་རྣམས་ཡིན། ཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བ་རྣམས་ཡིན། མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། རྙེད་པ་ལ་ཞེན་པ་མེད་པ་རྣམས་ཡིན། རྙེད་པ་ལ་ཆགས་པ་མེད་པ་རྣམས་ཡིན། ཡོངས་སུ་ཡི་ཆད་པའི་རང་བཞིན་མེད་པ་རྣམས་ཡིན། ཆོས་ཀྱི་རྙེད་པས་ཆོག་ཤེས་པ་རྣམས་ཡིན་ནོ། ། དེ་ལས།

1. བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་། ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པའི་རྒྱུ་རྙེད་པའི་ཕྱིར་ལུས་ཀྱིས་ཚུལ་འཆོས་པར་མི་བྱེད། ངག་གིས་ཚུལ་འཆོས་པར་མི་བྱེད། སེམས་ཀྱི་ཚུལ་འཆོས་པར་མི་བྱེད་དོ། ལུས་ཀྱིས་ཚུལ་འཆོས་པར་མི་བྱེད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་བྱེད་པ་དང་། སྦྱིན་པའི་བདག་པོ་མཐོང་ན། སྤྱོད་ལམ་མི་འཆོས་སོ། སྤྱོད་ལམ་མི་འཆོས་ཤེ་ན། གཉའ་ཤིང་གང་ཙམ་དུ་ལྟ་བ་དང་། སྐྱོ་བར་ལྟ་བ་དང་། སྒྲིབ་པ་མེད་པར་ལྟ་བས་གོམ་པ་བགས་ཀྱིས་དལ་དལ་ནས་འདོར་ཞིང་འདེགས་པ་མ་ཡིན། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། ། ངག་གིས་ཚུལ་འཆོས་པ་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི། རྙེད་པའི་རྒྱུ་རྙེད་པའི་ཕྱིར་བཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན། རྗེས་སུ་འབྲང་བའི་ཚིག་བརྗོད་པ་མ་ཡིན་ཏེ། ངག་གིས་ཚུལ་འཆོས་པ་མི་བྱེད་དོ། ། སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་བྱེད་པའམ་སྤྱིན་པའི་བདག་པོས་རྙེད་པ་བསྟབས་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་སེམས་ཀྱིས་འདོད་པ་སྐྱེད་པ་ན་ཡིན་ནོ། ། ཚིག་གིས་འདོད་པ་ཆུང་ལ། ། སེམས་ཀྱིས་རྙེད་པ་འདོད་པ་འདི་ནི། ནང་གི་གདུང་བ་ཡིན་ཏེ། སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། ། བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་། ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ནོ། ། 2. བརྡའི་རྙེད་པ་དང་བྲལ་བ་ཡིན་ནི། བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་བྱེད་པའམ། སྦྱིན་བདག་མཐོང་ན། བདག་གོས་ཀྱིས་ཕོངས་སོ། ། བདག་ལྷུང་བཟེད་ཀྱིས་ཕོངས་སོ། ། བདག་ནད་ཀྱི་རྐྱེན་རྩིས་ཕོངས་སོ། ། ཞེས་བརྡ་མི་བྱེད་ཅིང་། སྦྱིན་པ་བྱེད་པའམ། སྦྱིན་བདག་མཐོང་ན། བདག་གོས་ཀྱིས་ཕོངས་སོ། ། བདག་ལྷུང་བཟེད་ཀྱི་ཕོངས་སོ། ། བདག་ནད་ཀྱི་རྐྱེན་རྩིས་ཕོངས་སོ། ། ཞེས་བརྡ་མི་བྱེད་ཅིང་། སྦྱིན་པ་བྱེད་པའམ། སྦྱིན་བདག་ལ་མི་སློང་ཞིང་ཚིག་ཏུ་མི་བརྗོད་དེ། བྱང་ཆུབ་སེམས་དཔའ་བརྡའི་རྙེད་པ་དང་བྲལ་བ་ཡིན་ནོ། ། 3. གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ནི། བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་བྱེད་པ་དང་། སྦྱིན་བདག་མཐོང་ན། བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས་དངོས་པོ་ཆེ་གེ་མོ་ཞིག་བྱེན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ། ། དེས་ཀྱང་བདག་ལ་འདི་ནི། ཚུལ་ཁྲིམས་དང་ལྡན་པར་རིག་སྟེ། མང་དུ་ཐོས་པའོ། ། འདོད་པ་ཆུང་བའོ། ། ཞེས་འདི་དང་འདི་བྱེན་ནོ། ། བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི་སེམས་ཉེ་བར་བཞག་སྟེ་བླངས་སོ། ། ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དེ། བྱང་ཆུབ་སེམས་དཔའ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ནོ། ། 4. བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནི། བྱང་ཆུབ་སེམས་དཔའ་ནི། ལུས་ལ་རྨ་བྱུང་བ་དང་། སེམས་ལ་རྨ་བྱུང་བར་རྙེད་པ་ཚོལ་པ་མ་ཡིན་ཏེ། དེ་ལ་ལུས་ཀྱི་རྨ་ནི། རྙེད་པའི་རྒྱུ་རྙེད་པའི་ཕྱིར་རྒྱུག་པ་དང་། ཀུན་ཏུ་རྒྱུག་པ་དང་། ཚུལ་ཁྲིམས་འཆལ་བར་སྤྱོད་པའོ། ། སེམས་ཀྱི་རྨ་ནི། རྙེད་པ་ལ་སྨོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་རྙེད་པ་དག་ལ་གནོད་སེམས་མང་བ་སྟེ། བྱང་ཆུབ་སེམས་དཔའ་མི་རིགས་པ་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། ། 5. བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་སྲང་ལ་སྒྱུ་མེད་པ་དང་། གཞལ་བ་ལ་སྒྱུ་མེད་པ་དང་། ཡིད་བརྟན་པ་ལ་གནོད་པར་བྱེད་པ་མེད་པ་དང་། གཡོས་རྙེད་པ་མི་སྒྲུབ་པ་སྟེ། བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ། ། 6. བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ། ཆོས་ཀྱི་དང་འདྲེས་པའམ། དགེ་འདུན་གྱི་དང་འདྲེས་པའམ། མ་བྱིན་པའམ། མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། ཆགས་པའི་སེམས་མི་སྐྱེད་དོ། བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། ། 7. – 10.བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་བདག་གིར་མི་བྱེད། ནོར་དུ་མི་རྩི། ཚོགས་སུ་མི་བྱེད་ཅིང་། དུས་དུས་སུ་དགེ་སྦྱོང་དང་། བྲམ་ཟེ་དང་། ཕ་མ་དང་། མཛའ་བ་དང་། བློན་པོ་དང་། གཉེན་བཤེས་དང་། སྣག་གི་གཉེན་མཚོམས་དག་ལ་གཏོང་ཞིང་། དུས་དུས་སུ་བདག་ཀྱང་ཡོངས་སུ་སྤྱོད་ལ། ཡོངས་སུ་སྤྱོད་པའི་ཚེ་ཆགས་པ་མེད་པ་དང་། ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། ། རྙེད་པ་མ་རྙེད་ནའང་སྐྱོ་བའི་སེམས་མི་སྐྱེད་ཅིང་ཡོངས་སུ་ཡི་མི་ཆད་དེ། སྦྱིན་པ་བྱེད་པ་དང་། སྦྱིན་བདག་རྣམས་ལ་མ་དད་པར་མི་འཛིན་པ་ཡིན་པ་སྟེ། དེ་ཆོས་དང་མཐུན་པར་རྙེད་པ། དགེ་འདུན་གྱིར་གཏོགས་པ། དེ་བཞིན་གཤེགས་པས་བསྔགས་པ། བྱང་ཆུབ་སེམས་དཔས་མ་སྨད་པ། ལྷས་བསྟོད་པ། ཚངས་པ་མཚུངས་པར་སྤྱོད་པས་མི་དབྱེ་བས་ཆོག་ཤེས་པ་ཡིན་ནོ། །

Tibetan Source 《མདོ་ཚ་པ་》ཤ་163ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number