9975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚིག་དོན་མཛོད་ཀྱི་རྡོ་རྗེའི་གནས་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། ཚིག་དོན་མཛོད་ལས་བྱུང་བ་སྟེ།

1. དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ། 2. དེ་ལས་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ། 3. འཁྲུལ་དུས་གཞི་དེས་ཁྱབ་ཚུལ་བསྟན་པ། 4. གནས་གང་ལ་བརྟེན་པ། 5. དེའི་སྣང་བ་ཆེན་པོ་ལམ་གང་ལས་འབྱུང་བ། 6. སྒོ་གང་ལས་འཆར་བ། 7. ཡུལ་གང་ལ་སྣང་བ། 8. དེ་ཇི་ལྟར་ཉམས་སུ་བླང་བ། 9. རྟགས་ཚད་ངེས་པས་གཏན་ལ་དབབ་པ། 10. ཉམས་ལེན་མ་རྫོགས་ན་བར་དོར་ཡེ་ཤེས་ཀྱི་སྒྲོན་མ་བསྟན་པ། 11. དེ་ཐམས་ཅད་ཀྱི་མཐར་ཐུག་གྲོལ་ས་ཆེན་པོ་གང་ཡིན་པ་བསྟན་པ་དང་བཅུ་གཅིག་གོ །

Tibetan Source 《 ཀློང་ཆེན་མཛོད་བདུན་ག་པ་》ཤ་2བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number