10232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨེའུ་ཟན
Tibetan Definition 2 རྨེའུ་ཟན་ནི་རྩམ་པ་དང་མར་བུ་རམ་སོགས་བསྲེས་པའི་འཕན་ཡུལ་གྱི་ཟས་ཤིག་གི་མིང་ཡིན་པར་བཤད། ལོ་རྒྱུས་ནི། ཁྱིམ་ཚང་ཞིག་ཏུ་རྨེའུ་ཟན་ནང་མི་ཚང་མར་ཆ་སྙོམས་སུ་བགོས་ནས་ཡོད་པ་ལ། བུས་དྲན་རྒྱུ་རྒོད་པོ་བྱས་ཏེ་ཕ་མ་གཉིས་ཀྱི་སྐལ་བ་ནས་ཟོས། རང་གི་སྐལ་བ་རྒྱབ་ཏུ་སྦས་ནས་བཞག་པ་ཁྱིས་ཁྱེར་བ་ཤེས་པ་ན་ཕངས་ཏེ་འགྱོད་ཅིང་ངུས་པའི་དཔེ་ཞིག་སྟེ། ངེད་ཅག་དགོས་པ་ཆུང་ཚེགས་ལའང་ཕངས་ཤིང་འགྱོད་ན། དལ་འབྱོར་ཆུད་ཟོས་སུ་གཏོང་བར་ཅིས་མི་ཕངས་ཏེ་ཕངས་རིགས་སོ་ཞེས་སྙིང་པོ་ལེན་པར་གདམས་པའི་དཔེ་ཞིག་གོ།