10246

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨྱ་བ
Tibetan Definition 3 ཉམས་པ། ལི་ཤིའི་གུར་ཁང་ལས་བཤད་དོ། །མེའི་དུགས་ཀྱིས་མྱོས་ཤིང་འཁྲུགས་པའི་དོན་དུ་བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་༤༩བ༡ལས་བཤད་དོ། །དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས། རྨྱ་བ་ནི། ཁམས་མྱོག་པའམ་ཁམས་འཁྲུགས་ནས་དྲན་པ་ཉམས་པ། ཤིན་ཏུ་ཐང་ཆད་དེ་མྱོས་པའི་དོན་ལའང་བཤད་དོ། །ཞེས་གསུངས་སོ། །འདིའི་ཐད་ཀྱི་རིན་ཆེན་ཕྲེང་བ་༼ གེ ༽༡༢༣ན ༥ལས། ལུས་སེམས་ལྕི་ཕྱིར་ལས་བྲལ་བ། །གང་ཡིན་པ་ནི་རྨི་བའོ། །ཞེས་གསུངས་པའི་རྨི་བ་དང་རྨྱ་བ་གཉིས་དོན་གཅིག་ཡིན་མིན་དཔྱད་དོ། །