10451

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་གི་དཀྱིལ་འཁོར
Tibetan Definition མངོན་པ་མཛོད་ནས་བཤད་ཚུལ་ལ། འཇིག་རྟེན་གྱི་ཁམས་འདིའི་འོག་གཞིར་གྱུར་པའི་རླུང་གི་དཀྱིལ་འཁོར་ནི། རྔམས་སུ་སྟེ་སྟེང་འོག་ཏུ་དཔག་ཚད་ས་ཡ་ཕྲག་གཅིག་དང་དྲུག་འབུམ་ཡོད་ལ། རྒྱར་ནི་སྟོང་གསུམ་དང་མཉམ་པས་གྲངས་མེད་པ་དང་ལྡན་པ་སེམས་ཅན་སྤྱིའི་ལས་ཀྱི་སྟོབས་ཀྱིས་འཆགས་སོ། །རླུང་དེའི་མིང་ནི་འཇམ་པོ་ཞེས་བྱ་བ་དང༌། དབྱིབས་ནི་ཟླུམ་པོའོ། །ཁ་དོག་སྣ་ཚོགས་པའམ། ཁ་ཅིག་ནི་སྔོ་སྐྱར་འདོད་ལ། ཡོན་ཏན་ནི་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པའི་སྲ་བ་དང༌། ལས་ནི་བརྟེན་པ་རྣམས་འདེགས་པ་དང༌། ངོ་བོ་ནི་ས་ལ་སོགས་པ་རྫས་བརྒྱད་ཀྱི་རང་བཞིན་ཡིན་ཀྱང་རླུང་ཤས་ཆེ་བའི་ཕྱིར་རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ། །ཞེས་མཆིམས་མཛོད་ནས་བཤད་པ་ལྟར་རོ། །