10454

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་ཆམ་ལ་དབབ
Tibetan Definition དབུགས་འགྲོ་འོང་གི་རྒྱུ་བ་ཧ་ཅང་རགས་པ་དེ་དག་བརྟུལ་བའམ་ཞི་བར་བྱས་ནས་དབུགས་དལ་བུའི་གཏོང་བ་ལ་ཟེར། སྤྱིར་ཆམ་ལ་ཕབ་ནི། ཚར་གཅོད་པ་དང༌། བརྟུལ་བ། ཞི་བར་བྱེད་པ་དང༌། དབང་དུ་བསྡུ་བ་བཅས་ཀྱི་དོན་ཡིན། དཔེར་ན་དགྲ་བོ་ཆམ་ལ་ཕབ་ཅེས་པ་ལྟ་བུ། ཞིབ་པར་བཤད་ན། སྒོམ་ལ་ཐོག་མར་འཇུག་པའི་ཚེ། དབུགས་འགྲོ་འོང་ཉེར་གཅིག་ཙམ་བགྲངས་པའི་སྒོ་ནས་རྣམ་རྟོག་ཤིན་ཏུ་རགས་པ་རྣམས་ཞི་བར་བྱས་ནས་རླུང་སྟེ་དབུགས་དལ་བུའི་གཏོང་བ་ལ་སེམས་གཏད་པ་ལ་ཟེར། འདི་ནི་རྟོག་པ་ཕྱི་རོལ་དུ་གཡེང་བ་ལྡོག་པའི་ཐབས་དམ་པའོ། །སྒྲ་བཤད་ནི། རླུང་སྟེ་དབུགས་ཀྱི་རྒྱུ་བ་ཤིན་ཏུ་རགས་པ་དག་བརྟུལ་བའམ་ཞི་བར་བྱེད་པས་ན་རླུང་ཆམ་ལ་དབབ་ཅེས་བྱའོ། །