10457

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་རྟགས
Tibetan Definition (ཞུགས་རྟགས་ནི) ནོར་བུའི་དབུས་ཀྱི་དམིགས་རྟེན་ཕྲ་མོ་ལྟ་བུ་ལ་དམིགས་པ་གཏད་རེས་ཀྱིས་སྣ་བུག་གཉིས་ཀ་ནས་རླུང་མཉམ་རྒྱུ་ཤེད་མཚུངས་ངེས་ཅན་དུ་ཐེངས་པ་བྱུང་ན། བསྒོམ་སྟོབས་ཀྱིས་རླུང་དབུ་མར་ཞུགས་པའི་རྟགས་ཡིན། (གནས་རྟགས་ནི) སྣ་བུག་གི་རྒྱུ་བ་འཆད་པ་དང་ལྟོ་བ་མི་འགུལ་བ་གཉིས་ཚོགས་བྱུང་ན་རྟགས་འཁྲུལ་མེད་ཡིན་པར་གསུངས། སྣ་བུག་གི་རྒྱུ་བ་འཆད་པ་ཙམ་ནི་བྱིང་བ་ཕྲ་མོ་བསགས་པ་ (བྱིང་བ་ཕྲ་མོ་བསགས་ཞེས་པ་བྱིང་བ་ཕྲ་མོ་མ་ཆོད་པར་ལྷག་མ་ལུས་པའི་དོན་ཡིན) ལའང་འབྱུང་སྲིད་པར་གསུངས། (ཐིམ་རྟགས་ནི) ས་ཆུ་ལ་ཐིམ་པ་སོགས་རྟགས་ཅན་བརྒྱད་དང༌། སྨིག་རྒྱུ་སོགས་ནང་རྟགས་བརྒྱད་གོ་རིམ་མ་འཆོལ་བར་ངེས་ཅན་དུ་བྱུང་ན་རླུང་དབུ་མར་ཐིམ་པའི་རྟགས་ཡིན། གོ་རིམ་ངེས་པ་མེད་པའི་ཆ་འདྲ་དྲན་མེད་དུ་བརྒྱལ་བ་དང་གཉིད་མཐུག་སོགས་ལའང་འབྱུང་སྲིད་པས་ཡིད་བརྟན་མེད་པར་གསུངས་སོ། །