10481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་གཅན
Tibetan Definition (འདུལ་བ) 1 ལའི་རྩེ་མོར་བསྡད་དེ་དགྲ་སོགས་ཀྱི་བྱ་ར་བྱེད་མཁན། གཅན་པ་དང་དོན་འདྲ་བར་སེམས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཕ་རོལ་གྱི་དཔུང་གི་ཚོགས་འོང་བ་རིག་པར་བྱ་བའི་ཕྱིར་དང། ལམ་ཉམ་ང་བ་ཡོངས་སུ་བསྲུང་བའི་ཕྱིར་བཞག་པའི་སྐྱེས་བུ་ནི་ལ་གཅན་ནོ། །ཞེས་གསུངས་པ་ལྟར་རོ། །ཡང་དེ་ཉིད་ལས། གནོད་པར་བྱེད་པ་ལ་སོགས་པ་འོང་བ་ཡོངས་སུ་སྤང་བའི་ཕྱིར་ལ་གཅན་དག་ལ་བཀོད་པའོ། །ཞེས་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༤༠བ༤ལས། ལ་གཅན་པ་ཞེས་བྱ་བ་ནི་ལ་སྲུང་བར་བསྐོས་པའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ལའི་སྟེང་ནས་དགྲ་སོགས་ལ་མིག་གིས་བྱ་ར་བྱེད་པས་ན། ལ་གཅན་ནམ་ལ་སྤྱན་ཞེས་མིང་ཐོགས་སོ། །གཅན་ནི་སྤྱན་དང་དོན་འདྲ་བ་ཡིན། ཞིབ་པར་གཅན་པ་ཞེས་པའི་ཐད་དུ་གཟིགས། 2 ལ་ཁྲལ་སྡུད་མཁན། བརྒྱད་སྟོང་པ་ལས། ལ་གཅན་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། ཞེས་དང་། དེའི་ཐད་ཀྱི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། ལ་གཅན་ནི་ཤོ་གམ་གྱིས་གཅོད་པའོ། །ཞེས་གསུངས་སོ། །བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས་ཀྱང་། ལ་གཅན་ནི་ཤོ་གམ་གྱི་གནས་སོ། །ཞེས་གསུངས་སོ། །