10529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལན་ཀན
Tibetan Definition པུ་ཤུའམ་ཁ་ཁྱེར་ཞེས་ཀྱང་བྱ་སྟེ། ཁང་པའི་ཁྱམས་ཀྱི་མཐའ་སྐོར་དུ་སྤང་ལེབ་བམ་ཤིང་གི་དྲ་མིག་ཇེ་མཛེས་སུ་བསླངས་པའི་མིང་ངོ་། །ཞེས་དབྱངས་ཅན་དགའ་བློའི་འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་ལས་བཤད་དོ། །ལྕགས་རི། ར་བའམ། ར་སྐྱོར། དྲ་མིག་ལྡན་པའི་ར་བ། ཤིང་ར། ལམ་ཁའི་གཡས་གཡོན་གྱི་ར་བའམ་ར་སྐྱོར། སྐས་ཀྱི་གདང་བུ། ལག་འཇུ་བཅས་ཀྱི་མིང་། དབྱིན་ཇིས་railling, fence, enclosure ཟེར། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ལན་ཀན་ཞེས་བྱ་བ་ནི་རྒྱུ་བའི་དོན་དུ་ལམ་ “ཁ་ཁྱེར” གྱིས་བསྐོར་བའོ། །ཞེས་གསུངས་སོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༦༤བ༤ལས། ལན་ཀན་ཞེས་བྱ་བ་ནི་རྒྱུ་བའི་ལམ་གཅད་པའོ། །ཞེས་གསུངས། ལན་ཁན་ཞེས་བྲིས་པའང་སྣང་། བོད་རྒྱ་ཚིག་མཛོད་ཆེན་མོར་འདི་རྒྱ་མིའི་སྐད་ཡིན་པར་བྱས་འདུག པུ་ཤུ། སྟེགས་བུ། མདའ་ཡབ་བཅས་ཀྱི་མིང་དུའང་བཤད།