1060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་མལ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་བཅུ་བཞི་པ། གནས་མལ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་འདུན་གྱི་གནས་མལ་དེ་མ་བསྡུས་པར་བླ་གབ་མེད་པ་ལྟ་བུ་དེ་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་གིས་དགེ་འདུན་རྣམས་ཀྱི་གནས་མལ་མ་བསྡུས་པར་སོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་གྱི་གནས་མལ་ཆུད་ཟོས་པར་འགྱུར་བའོ། །འདིའི་གནས་མལ་ཞེས་པ་ཉལ་ཁྲི་དང་མལ་སྟན་སོགས་ལ་ཟེར། འདི་ལ་གནས་མལ་ཕན་ཕུན་དུ་གྱུར་པའི་ལྟུང་བྱེད་ཀྱང་ཟེར།