10633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལི་མོའི་བུ
Tibetan Definition དགེ་བཤེས་པོ་ཏོ་བའི་སློབ་མ་སྤྱན་སྔ་བའི་མཚན། སྤྱན་སྔ་བའི་མ་ཡུམ་གྱི་མཚན་ལ། ལི་མོ་ཡེ་ཤེས་སྒྲོན་ཞེས་བྱ་ལ། དེའི་བུ་ཡིན་པས་ལི་མོའི་བུའོ། །བེའུ་བུམ་སྔོན་པོའི་འགྲེལ་པར། པོ་ཏོ་བ་རང་ཉིད་ལ་ལི་མོའི་བུ་ཞེས་འབྱུང་ཡང་། དེ་ལེ་མོའི་བུ་དང་ནོར་བ་ཡིན་ནམ་སྙམ་མོ། །ལེ་མོའི་བུ་ཞེས་པའི་ཐད་དུ་གཟིགས། རྗེའི་ལམ་རིམ་ཆེན་མོ་ལས། པོ་ཏོ་བའི་ཞལ་ནས་སྤྱན་སྔ་ལ། ལི་མོའི་བུ། ཅི་ཙམ་པའི་ཆོས་བཤད་ཅིག་བྱས་ཏེ་ལེགས་སོ་གཅིག་ཀྱང་བདག་གིར་བྱེད་མ་མྱོང༌། ཞེས་གསུངས་པ་ལྟར་རོ། །