10638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལི་ཤི
Tibetan Definition (གསོ་རིག) ཟངས་ཀྱི་གཟེར་ཆུང་འདྲ་བའི་སྨན་སྣ་ཞིག་སྟེ་དབྱིན་སྐད་དུ་ clove ཟེར་བ་དེའོ། །དེའི་སྡོང་པོ་ལ་ཕྱི་རྒྱལ་བས་ Syzygium aromaticum ཟེར། དེའི་མེ་ཏོག་བསྐམས་པའི་ཐེའུ་དེ་རིན་ཐང་ཆེ་བའི་སྨན་སྣ་ཞིག་ཡིན། རྒྱ་གར་བས་ཁ་ལག་ལ་བླུག་རྒྱུའི་སྨན་སྣ་གལ་ཆེན་ཞིག་དང་། འདི་སོ་ན་བར་ཡང་ཕན་ཞིང་། དེ་མུར་ན་སོའི་ན་ཟུག་གཅོག འདིའི་ཐོན་ཁུངས་ནི་ཨིན་ཌོ་ནི་ཤི་ཡ་དང་རྒྱ་གར་སོགས་ཡིན། འདི་ལ་ལྷ་ཡི་མེ་ཏོག་དང་། དཔལ་གྱི་མིང་ཅན་ཡང་ཟེར། རིན་གོང་ཆེ་བའི་རྩི་སྨན་གྱི་རིགས་ཤིག་སྟེ། རོ་ཚ། ཞུ་རྗེས་དྲོད། ནུས་པས་དྲོད་སྐྱེད། ཟས་འཇུ། ཡི་ག་འབྱེད། སྲོག་རྩའི་ནད་དང་གྲང་རླུང་སེལ།