10662

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་མ་མོ
Tibetan Definition (འདུལ་བ) ལུང་ཞུ་བ་ལ་ལེའུ་བཅུ་ཡོད་པའི་ནང་ནས་ལེའུ་དགུ་པའི་མིང་ཡིན། འདི་ལུང་ཞུ་བ་༼ པ ༽༢༣༣བ༤ན་གསལ། ལུང་ཞུ་བའམ་ལུང་དམ་པའི་ལེའུ་བཅུ་ནི། འདུལ་བྱེད། གཅིག་ལས་འཕྲོས་པ། ལྔ་ཚན། བཅུ་དྲུག་ཚན། གླེང་གཞི། རྐྱང་པའམ་སིལ་བུ། གཏམ་གྱི་གཞི། མ་ན་པི་ཀའམ་བྲམ་ཟེའི་བུ་མོས་ཞུས་པ། ལུང་མ་མོ། ལུང་དངོས་གཞི་སྟེ་ལེའུ་བཅུའོ། །ལུང་ཞུ་བ་༼ པ་པ ༽སྟེ་གླེགས་བམ་ཐ་མ་༣༡༠བ༣ལས། སྤྱིའི་སྡོམ་ལ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །ལྔ་ཚན་བཅུ་དྲུག་ཚན་དང་ནི། །གླེང་གཞི་རྐྱང་པ་གཏམ་གྱི་གཞི། །མ་ན་པི་ཀ་མ་མོ་དང་། །ལུས་སོགས་སྟོན་པ་ཐ་མ་སྟེ། །ལེའུ་དག་ཏུ་ཡང་དག་འདོད། །ཅེས་གསུངས་པ་ལྟར་རོ། །དེ་ཉིད་ལས། འདུལ་བ་མ་མོ་ལྟ་བུ་ལ། །བསྙེན་པར་རྫོགས་པའི་ཕུང་པོ་དང་། །རབ་ཏུ་ལྡན་དང་བྱ་བ་ཡི། །ཕུང་པོ་གསུམ་དུ་ཤེས་པར་བྱ། །མ་དང་འདྲ་ཕྱིར་མ་མོ་འོ། །ཞེས་གསུངས་སོ། །ཡང་མཚོ་ཊཱིཀ་ཡིག་ཆུང་དུ་གཞུང་དམ་པ་ལ་ལེའུ་བཅུ་གཅིག་ཡོད་པར་བཤད་དེ། དེ་ཡང་གཞུང་དམ་པ་ལ་ལེའུ་བཅུ་གཅིག་ཡོད་དེ་ལུང་ཞུ་བ་དང་། ལུང་འདུལ་བྱེད་དང་། ལུང་གཅིག་ལས་འཕྲོས་པ་དང་། ལུང་ལྔ་ཚན་པ་དང་། ལུང་བཅུ་དྲུག་པ་དང་། ལུང་སིལ་བུ་དང་། གཏམ་གྱི་གཞི་དང་། མན་པི་ཀ་ཞེས་བྱ་སྟེ། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་དང་། ལུང་མ་མོ་དང་། ཨུ་པ་ལིས་ཀུན་དྲིས་པ་དང་ལེའུ་བཅུ་གཅིག་གོ །ཞེས་གསུངས་ཀྱང་གསུངས་སོ། །