10871

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ
Tibetan Definition ཤ་ལྔའི་མིང་། ཤ་ལྔ་ནི། བ་ལང་གི་ཤ། ཁྱིའི་ཤ། གླང་པོ་ཆེའི་ཤ། རྟའི་ཤ། མིའི་ཤ་དང་ལྔའོ། །སྒྲ་བཤད་ནི། དེ་ལྔས་དངོས་གྲུབ་མྱུར་དུ་འགུགས་པར་བྱེད་པས་ལྕགས་ཀྱུ་དང་འདྲ་བས་དེ་སྐད་ཅེས་བྱ་སྟེ། རྗེའི་སྔགས་རིམ་ཆེན་མོ་༤༣༣བ་ལས། ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་ཞེས་ཀྱང་གསུངས་ཏེ་དངོས་གྲུབ་འགུགས་པ་དང་གསལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས།