10886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེའམ་རོལ་པའི་རྡོ་རྗེའི་གསུང་འབུམ་དཀར་ཆག
Tibetan Definition ༼ ཀ་པར ༽་རྒྱལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དང༌། གསང་བའི་རྣམ་ཐར་ཤོག་བུ་ལྔ་བརྒྱ་དང་བཅུ་གཉིས། ༼ ཁ་པར ༽གྲུབ་མཐའ་ཆེན་མོ་ལེ་ཚན་གསུམ་ལ་བཞི་བརྒྱ་སོ་དྲུག ༼ ག་པར ༽དག་ཡིག་མིང་གི་གྲངས་ལེ་ཚན་བཅུ་གཉིས་ལ་ཉིས་བརྒྱ་བཅུ་གསུམ། སུམ་རྟགས་ཊཱི་ཀ་ལ་བཅུ་གཅིག་ལམ་སྒྲོན་ས་བཅད། བར་དོ་འཕྲང་སྒྲོལ་ས་བཅད། བར་དོ་འཕྲང་སྒྲོལ། རྟེན་འབྲེལ་བསྟོད་པའི་ཊཱི་ཀ། བཟང་སྤྱོད་ཊཱི་ཀ། ལྟ་ཁྲིད་བསྡུས་པ་རྒྱས་པ། གསོལ་འདེབས། བསླབ་བྱ་ལེ་ཚན་གཉིས། རང་ལ་གྲོས་འདེབས་རྣམས་སོ། །༼ ང་པར ༽ཁྲི་ཆེན་ངག་དབང་མཆོག་ལྡན་ཀྱི་རྣམ་ཐར་ལ་གོ་གཉིས། །བདེ་མཆོག་བསྟོད་པ། འཇིགས་བྱེད་བསྟོད་པ། འཇམ་དབྱངས་བསྟོད་པ། ཐུབ་དབང་མཛད་བཅུའི་བསྟོད་པ། སྒྲོལ་དཀར། དབྱངས་ཅན། ཞལ་བཞི་རྣམས་ཀྱི་བསྟོད་པ། རྒྱལ་བའི་བསྟན་པ་ལ་འཇུག་ཚུལ། བློ་སྦྱོང་ཆོས་སྒོ། སེམས་བསྐྱེད་ཚུལ། ལམ་རིམ་དགུང་ལོ་བཅུ་གཅིག་པར་གནང་བ། ཆོས་གླུ་རིང་མོ་སོགས་མགུར་མ་ལེ་ཚན་བཅུ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་གོང་མ་ལྷ་སྐྱོང་རྒྱལ་པོ་སོགས་ཀྱི་ཞབས་བརྟན་ལེ་ཚན་ཉེར་ལྔ། འཕགས་པ་ལྷ། མདོ་མཁར་བ། གུང་པཎྜི་ཏ་སོགས་ལ་ཆབ་ཤོག་ལེ་ཚན་བརྒྱད། རྟེན་བཞེངས་ཕན་ཡོན། བཀའ་འགྱུར་སྨོན་ཚིག་སྙན་དར་འདོད་གསོལ་སོགས་ལེ་ཚན་བཅུ་གསུམ། གྲུབ་མཐའི་དོགས་སེལ། རི་བོ་རྩེ་ལྔའི་གནས་བསྟོད། ལམ་སྒྲོན་ས་བཅད། གདུགས་དཀར་འཁོར་ལོ་རྒྱལ་མཚན་ལ་འཇོག་ཚུལ། དྲང་སྲོང་མངོན་དགའི་གཏམ་སོགས། ཁྱོན་སྒྲིལ་སུམ་བརྒྱ་སུམ་ཅུ་སོ་ལྔ། ༼ ཅ་པ་ལ ༽འཇིགས་བྱེད་བདེ་མཆོག་འཇམ་དབྱངས་ཙོང་ཁ་པ་སོགས་ཀྱི་བླ་མའི་རྣལ་འབྱོར་ལེ་ཚན་བདུན། གྲུབ་རྒྱལ་སྒྲོལ་དཀར་བདེ་མཆོག་དཀར་པོ་རྣམས་ཀྱི་ཚེ་སྒྲུབ་ལེ་ཚན་བདུན། འཇམ་དབྱངས་སེར་དཀར་ནག་པོ་ཁྱུང་ཁྲ་ཛམ་ནག་བདེ་མཆོག་ལྷན་སྐྱེས་རྡོར་སེམས་ཡུམ་བཅས་སོགས་སྒྲུབ་ཐབས་ལེ་ཚན་བདུན། གསང་འདུས་བསྙེན་ཡིག རྫོགས་རིམ་སྤྱི་འགྲོའི་རྩ་རླུང་ཐིག་ལེའི་རྣམ་གཞག་དུས་འཁོར་རྩ་རླུང་ཐིག་ལེའི་རྣམ་གཞག་རྒྱལ་བ་རྒྱ་མཚོའི་ཚོགས་མཆོད། བདེ་མཆོག་ལྷ་ལྔའི་སྨོན་ཤིས་ཟབ་མཆོད། ཆོས་སྐྱོང་སྤྱི། རྣམ་སྲས། སྐུ་ལྔ། ཕོ་ལྷ་དུང་སྐྱོང༌། རྨ་ཆེན། རྩེ་ལྔ་རྣམས་ཀྱི་གཏོར་འབུལ། རི་བོ་རྩེ་ལྔ། རི་བོ་དྭངས་བསིལ་སོགས་ཀྱི་བསངས་མཆོད་ལེ་ཚན་དུ་མ། ཀླུ་གཏོར། གཟའ་ཡུམ་ཆོ་ག་བདེ་མཆོག་ལུས་དཀྱིལ་བུམ་ཆོག་དབང་ཆོག་ཚེམ་བུ་དམར་ཁྲིད། དྲིལ་བུ་ལུས་དཀྱིལ་བསྐྱེད་རིམ། དེ་ཡི་རྫོགས་རིམ་དོད་ཐུབ་ནཱ་རོ་གཏུམ་མོ་སྒོམ་ཚུལ། དྲིལ་བུ་ལུས་དཀྱིལ་སྦྱིན་སྲེག་དེ་ཡི་ལྷོ་སྒོ་ཆོ་ག་བདེ་མཆོག་ཡབ་དང་ཡུམ་གྱི་ཕྲེང་སྔགས་ངེས་དོན་བོད་སྐད་དུ་འགྲེལ་བ་ལེ་ཚན་གཉིས། ཕྱག་རྡོར་འཁོར་ཆེན་བདག་བསྐྱེད་དང་མདུན་བསྐྱེད་རྡོ་རྗེའི་ལྷུན་པོ། དེ་ཡི་སྦྱིན་སྲེག་འདོད་འཇོ། དྲག་པོ་གསུམ་འདུལ་ལས་ཚོགས། མི་འཁྲུགས་པའི་སྒྲུབ་ཐབས་མངོན་དགའི་ཐེམ་སྐས། ཁྱོན་བསྒྲིལ་སུམ་བརྒྱ་དྲུག་ཅུའོ། །