1190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞེས་པ
Tibetan Definition བཞུགས་པའི་དོན། འཚོ་ཞིང་གཞེས་པ་ལྟ་བུ། མདོ་མཛངས་བླུན་༡༩༡བ༦ལས། བཙུན་པ་ཅུང་ཙམ་གཞེས་ཤིག་ཅེས་པ་ལྟ་བུ། འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༢༦༥བ༧ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ལ་ཞེས་གསུངས་པ་ལྟར་རོ། །བསྟན་དར་ལྷ་རམས་པའི་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་ལས། གསོལ་བའི་བཞེས་དང་བཞུགས་པའི་གཞེས། །ཞེས་གསུངས་པ་ལྟར་རོ། །