11994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག
Tibetan Definition པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་བསྟོད། རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར། རྗེ་ཤེས་རབ་སེངྒེ་ལ་གནང་བའི་བླ་མའི་རྣལ་འབྱོར་མན་ངག་ཡོན་ཏན་ཤེས་རབ་ཀྱིས་ཞུས་ངོར་རྗེ་ཡི་བླ་མའི་རྣལ་འབྱོར། དེ་ལ་བརྟེན་པའི་འཕོ་བ། རྒྱ་མཚོ་རིན་ཆེན་སྒྲོན་གྱིས་ཞུས་ངོར་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར། ཡང་རྗེ་ཡི་བླ་མའི་རྣལ་འབྱོར། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསོལ་འདེབས། བྱ་ཁྱུང་མཁན་པོས་ཞུས་པ་རང་གི་སྐུ་བསྟོད། སྙན་ངག་དོན་རྒྱན་སོ་ལྔ་སངས་རྒྱས་སོ་ལྔ་དང་སྦྱར་བ། དགེ་འདུན་རིན་ཆེན་གྱིས་ཞུས་ངོར་གསོལ་འདེབས། ཆོག་ཐུ་རྒྱལ་པོས་ཞུས་ངོར་ཀྱཻ་རྡོར་བླ་བརྒྱུད་གསོལ་འདེབས། སྐུ་འབུམ་ཆོས་རྗེའི་བརྟན་བཞུགས། དམིགས་བརྩེ་མའི་ཊཱི་ཀ། ཤེར་སྙིང་མཆན་བུ། ལམ་གཙོའི་རྣམ་བཤད། སྙན་ངག་ཚིག་རྒྱན། རྒྱལ་པོ་ཧོར་ཐ་ཇིའི་ཞུས་ངོར་ནཱ་རོ་ཆོས་དྲུག་གི་དམར་ཁྲིད། གསུང་མགུར་ལེ་ཚན་སུམ་ཅུ་སོ་གཉིས། འཇིགས་བྱེད་སྒྲུབ་ཐབས། འཇིགས་བྱེད་སྒྲུབ་ཐབས་མདོར་བསྡུས། འཇིགས་བྱེད་རྫོགས་རིམ་རྣལ་འབྱོར་བཞི་ཡི་ཁྲིད། ལྷ་བཙུན་གྱིས་ཞུས་ངོར་བྱང་ཆུབ་སེམས་ཀྱི་གདམས་པ། ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་དངོས་གྲུབ་བང་མཛོད། ཡང་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་སྒྲིབ་གཉིས་དག་བྱེད་བདུད་རྩིའི་ཆུ་རྒྱུན། ཐུབ་དབང་སྒྲུབ་ཐབས། སེང་གེའི་གདོང་ཅན་མའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་གསང་སྒྲུབ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། འཇམ་དབྱངས་དང༌། སྤྱན་རས་གཟིགས་གཉིས་ཀྱི་སྒྲུབ་ཐབས། བཅུ་གཅིག་ཞལ་གྱི་བསྙེན་པའི་ཆོ་ག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་སྒྲུབ་ཐབས། བྱ་ཁྱུང་མཁན་པོས་ཞུས་ངོར་དགའ་ལྡན་དུ་བགྲོད་པའི་འཕོ་བ། ངམ་རིང་བྱམས་ཆེན་ལ་བསྟོད་པ། ཡང་བྱམས་པའི་བསྟོད་པ། གྲོ་ཆང་གི་རྡོ་རྗེ་འཆང་དང༌། བཅུ་གཅིག་ཞལ་གྱི་སྐུ་འདྲའི་ཞལ་བྱང༌། བྱ་ཁྱུང་བྲག་གི་སྐུའི་ཞལ་བྱང༌། དྲིས་ལན་ལེ་ཚན་གཉིས། ཀུན་རིག་གི་དཀྱིལ་འཁོར་གྱི་ཞལ་བྱང༌། ལྷ་རྣམས་ཀྱི་མངོན་རྟོགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ནི། དམ་ཚིག་གསུམ་བཀོད། བྱམས་པ། འཇམ་དབྱངས། འཇམ་དབྱངས་སྨྲ་སེང༌། འཇམ་དབྱངས་དཀར་པོ། འཇམ་དབྱངས་ནག་པོ། གཙུག་ཏོར་རྣམ་རྒྱལ། གདུགས་དཀར། འོད་ཟེར་ཅན་མ། ལོ་གྱོན་མ། དབྱངས་ཅན་མ་དཀར་མོ། སོ་སོར་འབྲང་མ། སྟོང་ཆེན་རབ་འཇོམས། གསང་སྔགས་རྗེས་སུ་འཛིན་མ། བསིལ་བའི་ཚལ་ཆེན་མོ། རྨ་བྱ་ཆེན་མོ། མི་གཡོ་བ་སྔོན་པོ། མི་གཡོ་བ་དཀར་པོ། ཚེ་དཔག་མེད། ཡང་ཚེ་དཔག་མེད། བཅུ་གཅིག་ཞལ། སྤྱན་རས་གཟིགས་ཕྱག་བཞི་པ། སེངྒེ་སྒྲ། ཁ་སར་པཱ་ཎི། སྒྲོལ་སྔོན། སྒྲོལ་དཀར། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། རྟ་མགྲིན་ཤྭ་ན་བཞི་སྐོར། རྟ་མགྲིན་ནག་པོ། མི་འཁྲུགས་པ། རྣམ་འཇོམས། ཕྱག་རྡོར་གཏུམ་པོ། གོས་སྔོན་ཅན། ཨུ་ཙཱ་ཡ། འབྱུང་པོ་འདུལ་བྱེད། གཏུམ་པོ་ཁྱུང་ལྔ། ཕྱག་རྡོར་ཁྱུང་ཁྲ། ཁྱུང་ནག་སྨེ་བ་བརྩེགས་པ། ཁྲོ་བོ་སྨེ་བ་བརྩེགས་པ་དང་བཅས་པ་རྣམས་སོ། །མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་མངའ་གསོལ། ལྷ་མོ་ལ་དྲང་ངེས་ཀྱི་སྒོ་ནས་བསྟོད་པ་མདུང་དམར་ཅན་གྱི་བྲིས་སྐུའི་ཞལ་བྱང༌། རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་ཐབས། བྱ་ཁྱུང་བྲག་གི་བྱམས་སྐུའི་གཉེར་གཏད་ཞལ་ཡིག །ལྕམ་སྲིང་གི་མཆོད་འཕྲེང་བཤགས་བསྟོད། ལོ་རྒྱུས། རྟེན་ལ་གཟུང་གཞུག་འབུལ་ཚུལ། སྐུ་འབུམ་བྱང་ཆུབ་མཆོད་རྟེན་བཞེངས་པའི་དཀར་ཆག་སྙན་ངག་ཞལ་ཡིག་གི་རིམ་པ། དམ་བཅའི་རིམ་པ། རྟོགས་བྱེད་རྩིས་ཀྱི་ལག་ལེན་སྐོར། ཆབ་ཤོག་གི་རིམ་པ། དྲིས་ལན་ཕྲན་བུ། ཆབ་གཏོར་བརྒྱ་རྩའི་རིམ་པ། རྨ་ཆེན་སྤོམ་རའི་གསོལ་མཆོད། ལྷ་རྒྱལ་དཀྱིལ་རིའི་གསོལ་མཆོད། རྒོད་རྩིའི་གསོལ་མཆོད། ཨ་ཕྱི་ཆོས་སྒྲོན་གསོལ་མཆོད། དམ་ཅན་རྡོར་ལེགས་གསོལ་མཆོད། བསྟན་འཛིན་མཁས་པའི་གསོལ་འདེབས་བཅས། སྐྱིད་ཤོད་པའི་གསུང་འབུམ་པོད་གཅིག་ལ་ཤོག་གྲངས་སུམ་བརྒྱ་དང་ཉི་ཤུ་རྩ་དྲུག་བཞུགས་པ་རྫོགས་སོ། །