1315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་དྲུང
Tibetan Definition 2 རྟག་བརྟན་མི་འགྱུར་བ་མཚོན་བྱེད་ཀྱི་གཡས་སུ་འཁྱིལ་བའི་རིས་མོ་ཞིག རྒྱ་གར་སྐད་དུ་སྭསྟིཀ་ svastika ཟེར། དེང་སང་ཕྱི་རྒྱལ་བས་ swastika ཞེས་འབྲི་བར་བྱེད་དོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས། སྭསྟི་ཀ། བདེ་ལེགས་ཅན་ནམ་བཀྲ་ཤིས་ལྡན་ནོ། །ཞེས་གསུངས་སོ། །དེ་ཡང་ཕྱི་རྒྱལ་བའི་ཚིག་མཛོད་ནང་Sanskrit svastika, from svasti ‘well-being,’ from su ‘good’ + asti ‘being” ཞེས་བཤད་དོ། །