13174

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློང་བ་རིགས་པ་སློང་བའི་སྤང་ལྟུང༌
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བདུན་པ་ནི། ཁྱིམ་པ་ཆོས་དྲུག་ལྡན་ལ་དགེ་སློང་རང་ཉིད་ཆོས་གོས་མེད་པར་སློང་བ་རིགས་ཀྱང་ཆོས་གོས་ཟུང་གཅིག་ལས་ལྷག་པ་བསླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་བསམ་གཏན་པ་བཞི་བཅུས་སྦྱིན་བདག་སྒོ་རེ་རེ་ནས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་བསླངས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །མཚོ་ཊཱིཀ་ལས། སློང་བ་རིགས་པ་སློང་བའི་ངོ་ཏི་གསལ་བར་མ་གསུངས་པས་ད་དུང་དཔྱད་པར་རིགས་སོ། །རྗེ་བཙུན་འདུལ་བ་ལས། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་གྲོང་ཁྱེར་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུ་ཆོམ་རྐུན་གྱིས་བཅོམ་པ་སྦྱིན་བདག་ལ་གོས་སློང་དུ་གནང་བའི་ཚེ་ཉེར་དགས་འདི་དག་ལ་བརྟེན་ནས་རྙེད་པ་རྒྱ་ཆེན་པོ་བསྒྲུབ་བོ་སྙམ་དུ་བསམས་ནས་དེ་དག་དང་བཅས་ཏེ། ཁྱིམ་པ་ལས་གོས་གྲངས་མང་དུ་བསླངས་ཏེ་དགེ་སློང་སོ་སོ་ལ་སྟོད་གཡོགས་སྨད་གཡོགས་ཙམ་བྱིན་ནས་གཞན་ཉེར་དགའ་རང་གིས་ཁྱེར་བ་ན་གཞན་དག་སྨོད་པ་ལ་བརྟེན་ནས་བཅས་པའི་ཕྱིར། གཉིས་པ་ཡོད་དེ། བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གོས་བླངས་པས་རབ་བྱུང་གི་ཆོས་གོས་ཟུང་གཅིག་ལས་ལྷག་པ་ཐོབ་པ་ལས་བྱུང་བའི་ལྟུང་བ་དངོས་གཞི་དེ། སློང་བར་རིགས་པ་སློང་བའི་སྤང་ལྟུང་ཡིན་པའི་ཕྱིར། ཞེས་གསུངས།