13276

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཐུང་ཤད་ཀྱི་རྣམ་པ་ཅན
Tibetan Definition ཨ་ཐུང་ཡང་ཟེར། དེ་ལ་དབྱེ་ན། ལྟེ་བའི་མི་ཤིགས་པའི་ཨ་ཐུང་ནི། གཏུམ་མོའི་རྟེན་དང་ཁམས་དམར་ཆའི་དྭངས་མ་མཚོན་བྱེད་ཅིག དབྱིབས་ནི་དབུ་ཆེན་གྱི་ཤད་གྱེན་དུ་འགྲེང་བའི་རྣམ་པ་འདྲ་བ་ཞིག་ཡོད། སྙིང་གའི་མི་ཤིགས་པའི་ཨ་ཐུང་ནི། ཤིན་ཏུ་ཕྲ་བའི་སྲོག་འཛིན་གྱི་རླུང་མཚོན་བྱེད་ཡིན་ཞིང༌། འཇམ་དཔལ་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་པའི་ཨ་དེ་ཡང༌། སྙིང་གའི་མི་ཤིགས་པའི་སྲོག་འཛིན་གྱི་རླུང་ཕྲ་མོ་མཚོན་བྱེད་ཀྱི་ཨ་ཐུང་དེ་ལ་ཟེར་བ་ཡིན། ཞིབ་པ་རྗེའི་རིམ་ལྔ་གསལ་སྒྲོན་སོགས་སུ་གཟིགས།