13300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཙ་མ
Tibetan Definition ཨ་ཁ་ཞེས་པ་དང་དོན་གཅིག ཡིད་ཕམ་པ། ཕངས་པ། སྙིང་རྗེ་བ་བཅས་ཀྱི་ཚིག་སྟེ། པཎྜི་ཏ་མྲྀ་ཏི་ཛྙ་ན་བོད་དུ་བྱོན་ཏེ་ཐོག་མར་འགྲོ་དོན་ཆེར་མ་བྱུང་བར་ཁམས་སུ་འཁྱམས་ཏེ་ལུག་རྗི་ཡང་མཛད་ཚུལ་ཕྱིས་ཇོ་བོ་རྗེས་ཐོས་པ་ན། ཨ་ཙ་མ་ཁྱེད་བོད་བསོད་ནམས་རེ་ཆུང༌། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་ཞིག་ལ་ཇོ་བོ་མྲྀ་ཏི་ཛྙ་ན་ལས་ལྷག་པ་གསུངས་ནས་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཕྱུང་བར་བཞུགས། ཞེས་ལོ་རྒྱུས་དག་ལས་འབྱུང་བ་བཞིན་ནོ། །