1711

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲངས་གནས་བརྒྱ་དང་སོ་ལྔ
Tibetan Definition མདོ་ཕལ་ཆེན་ལས་འབྱུང་བའི་གྲངས་གནས་བརྒྱ་དང་སུམ་ཅུ་སོ་ལྔ་ནི། ༡ བྱེ་བ། ༢ ཁོད་ཁོད། ༣ ཐ་དགུ། ༤ ཁྲིག་ཁྲིག ༥ ཐམས་ཐམས། ༦ མྱད་མྱིད། ༧ གང་ཡ། ༨ བན་བུན། ༩ ཕྱར་ཕྱུར། ༡༠ ལྕག་ལྕིག ༡༡ བྱང་བྱིང་། ༡༢ ཆེམ་ཆེམ། ༡༣ ཕྱལ་ཕྱོལ། ༡༤ ཁྱུད་ཁྱུད། ༡༥ ཟར་ཟེར། ༡༦ ཁྲིབ་ཁྲིབ། ༡༧ ཡ་གངས། ༡༨ ཆོ་མ། ༡༩ ཁྲམ་ཁྲིམ། ༢༠ ནབ་ནུབ། ༢༡ སང་སང་། ༢༢ བརྒྱུད་ཡས། ༢༣ གཏང་ཡས། ༢༤ བཀྲ་ཡར། ༢༥ གསའ་ཡས། ༢༦ མཚུངས་མེད། ༢༧ ལམ་ལུམ། ༢༨ ཡལ་ཡོལ། ༢༩ ཁྲལ་ཁྲུལ། ༣༠ ཐུད་ཐུད། ༣༡ བསམ་ཕྱོད། ༣༢ བྲང་བྲེང་། ༣༣ བགྲོད་ཡས། ༣༤ བསྔོ་ཡས། ༣༥ ཟང་ཡག ༣༦ འཕྲོ་བཀྱེ། ༣༧ རྩེ་འཕྱོ། ༣༨ ཡོང་ཏན། ༣༩ འབྲུག་གཡོས། ༤༠ སང་ཡལ། ༤༡ ཐིང་ཡུག ༤༢ ཡིད་འཕྱོ། ༤༣ ནབ་ནེབ། ༤༤ ཁྲམ་ཐམས། ༤༥ ཡལ་ཡལ། ༤༦ བགྲང་ཡས། (འོག་ཏུའང་བགྲང་ཡས་ཤིག་འབྱུང་བས་ཟློས་སྐྱོན་ཡིན་མིན་དཔྱད་དོ) ༤༧ ཐུག་ཡལ། ༤༨ ཤང་ཤང་། ༤༩ ཡག་ཡག ༥༠ ཐམ་ཐིམ། ༥༡ རློམ་བསྙལ། ༥༢ གཞལ་འཕྱོས། ༥༣ གཞལ་མེད། ༥༤ གཞལ་འཁོར། ༥༥ གཞལ་ཐིམ། ༥༦ གར་གཞལ། ༥༧ གཞལ་སངས། ༥༨ གཞལ་ཕུལ། ༥༩ གཞལ་ཞི། ༦༠ འཕྱོ་འགྱུར། ༦༡ ཉར་ཉེར། ༦༢ ཕྱག་ཕྱིག ༦༣ ཟལ་ཟུལ། ༦༤ སལ་སལ། ༦༥ གཡོ་ལྡེག ༦༦ ཕན་ཕུན། ༦༧ བརྣད་ཡ། ༦༨ རེམ་འདྲོལ། ༦༩ རྫི་ངད། ༧༠ རྫི་རྡུལ། ༧༡ ཕུན་ཡོལ། ༧༢ ངད་ངད། ༧༣ བགྲང་བརྩི། ༧༤ ཟབ་བགྲང་། ༧༥ དགའ་རྐྱང་། ༧༦ གཞུད་འདལ། ༧༧ ཁྲུག་ཕྱད། ༧༨ འོལ་ཕྱོད། ༧༩ གདབ་ཡས། ༨༠ གཅལ་ཡས། ༨༡ བགྲང་ཡས། (གོང་དུ་གྲངས་གནས་༤༦པར་ཡང་བགྲང་ཡས་ཤིག་འབྱུང་བས་ཟློས་སྐྱོན་ཡིན་མིན་དཔྱད་དོ) ༨༢ བྱིམ་འཕྱོ། ༨༣ ཡམ་མེ། ༨༤ བསྙལ་ཡས། ༨༥ ལྡབ་ལྡེབ། ༨༦ འཕན་ཆད། ༨༧ ཕང་ཕུང་། ༨༨ ཁེའུ་ཚང་། ༨༩ ཞུང་ཟུད། ༩༠ མཆོག་ཡལ། ༡༠༠ མཐའ་རྟུལ། ༡༠༡ ཡུན་འགྱངས། ༡༠༢ བུན་ལོབ། ༡༠༣ ལམ་ལོམ། ༡༠༤ བསྙད་ཡས། ༡༠༥ ལང་ལིང་། ༡༠༦ ལྗབ་ལྗིབ། ༡༠༧ མི་བརྩལ། ༡༠༨ འབྱམས་ཡས། ༡༠༩ ང་འགྲང་། ༡༡༠ སྨོས་ཡལ། ༡༡༡ བཀྲ་ཆལ། ༡༡༢ ལོ་རྒྱས། ༡༡༣ འབུམ་རྡིབ། ༡༡༤ གམ་གུམ། ༡༡༥ ལ་ལོ། ༡༡༦ བགྲང་འཕྱོས། ༡༡༧ བགྲང་འཕྱོས་ལ་བསྒྲེས་པ། ༡༡༨ དཔག་ཡས། ༡༡༩ དཔག་ཡས་ལ་བསྒྲེས་པ། ༡༢༠ ཡལ་ཕྱོང་། ༡༢༡ ཡལ་ཕྱོང་ལ་བསྒྲེས་པ། ༡༢༢ མུ་ཡལ། ༡༢༣ མུ་ཡལ་ལ་བསྒྲེས་པ། ༡༢༤ བགྲང་ཡོལ། ༡༢༥ བགྲང་ཡོལ་ལ་བསྒྲེས་པ། ༡༢༦ མི་འཇལ། ༡༢༧ མྱི་འཇལ་ལ་བསྒྲེས་པ། ༡༢༨ བསམ་ཕྱོད། ༡༢༩ བསམ་ཕྱོད་ལ་བསྒྲེས་པ། ༡༣༠ མཐའ་འབྱམ། (འདི་ལ་མཐའ་འབྱམ་ལ་བསྒྲེས་པ་ཞེས་འོང་དགོས་རྒྱུ་ལ་མི་འདུག་པས་དཔྱད་དོ) ༡༣༡ དཔག་ཐག ༡༣༢ དཔག་ཐག་ལ་བསྒྲེས་པ། ༡༣༣ བརྗོད་དུ་མེད་པ། ༡༣༤ བརྗོད་དུ་མེད་པ་ལ་བསྒྲེས་པ། ༡༣༥ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ཤིན་ཏུ་བརྟན་པའོ། །སྡེ་དགེ་སྤར་མའི་མདོ་ཕལ་ཆེན་༼ཁ་པ༽༣༨༥མདུན་གཟིགས་གཅིག་འོག་མ་དང་། མདོ་ཕལ་ཆེན་༼ཨ་པའི༽ཤོག་གྲངས་གསུམ་པའི་༣དབུ་གཟིགས་ལས། བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། །བྱེ་བ་བྱེ་བ་ན་ཁོད་ཁོད་དོ། །ཁོད་ཁོད་ཁོད་ཁོད་ན་ཐ་དགུའོ། །ཐ་དགུ་ཐ་དགུ་ན་ཁྲིག་ཁྲིག་གོ། ཁྲིག་ཁྲིག་ཁྲིག་ཁྲིག་ན་ཐམས་ཐམས་སོ། །ཐམས་ཐམས་ཐམས་ཐམས་ན་མྱད་མྱིད་དོ། །མྱད་མྱིད་མྱད་མྱིད་ན་གང་ཡའོ། །གང་ཡ་གང་ཡ་ན་བན་བུན་ནོ། །བན་བུན་བན་བུན་ན་ཕྱར་ཕྱུར་རོ། །ཕྱར་ཕྱུར་ཕྱར་ཕྱུར་ན་ལྕག་ལྕིག་གོ། ལྕག་ལྕིག་ལྕག་ལྕིག་ན་བྱང་བྱིང་ངོ་། །བྱང་བྱིང་བྱང་བྱིང་ན་ཆེམ་ཆེམ་མོ། །ཆེམ་ཆེམ་ཆེམ་ཆེམ་ན་ཕྱལ་ཕྱོལ་ལོ། །ཕྱལ་ཕྱོལ་ཕྱལ་ཕྱོལ་ན་ཁྱུད་ཁྱུད་དོ། །ཁྱུད་ཁྱུད་ཁྱུད་ཁྱུད་ན་ཟར་ཟེར་རོ། །ཟར་ཟེར་ཟར་ཟེར་ན་ཁྲིབ་ཁྲིབ་བོ། །ཁྲིབ་ཁྲིབ་ཁྲིབ་ཁྲིབ་ན་ཡ་གངས་སོ། །ཡ་གངས་ཡ་གངས་ན་ཆོ་མའོ། །ཆོ་མ་ཆོ་མ་ན་ཁྲམ་ཁྲིམ་མོ། །ཁྲམ་ཁྲིམ་ཁྲམ་ཁྲིམ་ན་ནབ་ནུབ་བོ། །ནབ་ནུབ་ནབ་ནུབ་ན་སང་སང་ངོ་། །སང་སང་སང་སང་ན་བརྒྱུད་ཡས་སོ། །བརྒྱུད་ཡས་བརྒྱུད་ཡས་ན་གཏང་ཡས་སོ། །གཏང་ཡས་གཏང་ཡས་ན་བཀྲ་ཡར་རོ། །བཀྲ་ཡར་བཀྲ་ཡར་ན་གསའ་ཡས་སོ། །གསའ་ཡས་གསའ་ཡས་མཚུངས་མེད་དོ། །མཚུངས་མེད་མཚུངས་མེད་ན་ལམ་ལུམ་མོ། །ལམ་ལུམ་ལམ་ལུམ་ན་ཡལ་ཡོལ་ལོ། །ཡལ་ཡོལ་ཡལ་ཡོལ་ན་ཁྲལ་ཁྲུལ་ལོ། །ཁྲལ་ཁྲུལ་ཁྲལ་ཁྲུལ་ན་ཐུད་ཐུད་དོ། །ཐུད་ཐུད་ཐུད་ཐུད་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བྲང་བྲེང་ངོ་། །བྲང་བྲེང་བྲང་བྲེང་ན་བགྲོད་ཡས་སོ། །བགྲོད་ཡས་བགྲོད་ཡས་ན་བསྔོ་ཡས་སོ། །བསྔོ་ཡས་བསྔོ་ཡས་ན་ཟང་ཡག་གོ། ཟང་ཡག་ཟང་ཡག་ན་འཕྲོ་བཀྱེའོ། །འཕྲོ་བཀྱེ་འཕྲོ་བཀྱེ་ན་རྩེ་འཕྱོའོ། །རྩེ་འཕྱོ་རྩེ་འཕྱོ་ན་ཡོང་ཏན་ནོ། །ཡོང་ཏན་ཡོང་ཏན་ན་འབྲུག་གཡོས་སོ། །འབྲུག་གཡོས་འབྲུག་གཡོས་ན་སང་ཡལ་ལོ། སང་ཡལ་སང་ཡལ་ན་ཐིང་ཡུག་གོ། ཐིང་ཡུག་ཐིང་ཡུག་ན་ཡིད་འཕྱོའོ། །ཡིད་འཕྱོ་ཡིད་འཕྱོ་ན་ནབ་ནེབ་བོ། །ནབ་ནེབ་ནབ་ནེབ་ན་ཁྲམ་ཐམས་སོ། །ཁྲམ་ཐམས་ཁྲམ་ཐམས་ན་ཡལ་ཡལ་ལོ། །ཡལ་ཡལ་ཡལ་ཡལ་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ཡས་ན་ཐུག་ཡལ་ལོ། །ཐུག་ཡལ་ཐུག་ཡལ་ན་ཤང་ཤང་ངོ་། །ཤང་ཤང་ཤང་ཤང་ན་ཡག་ཡག་གོ། ཡག་ཡག་ཡག་ཡག་ན་ཐམ་ཐིམ་མོ། །ཐམ་ཐི་ཐམ་ཐིམ་ན་རློམ་བསྙལ་ལོ། །རློམ་བསྙལ་རློམ་བསྙལ་ན་གཞལ་འཕྱོས་སོ། །གཞལ་འཕྱོས་གཞལ་འཕྱོས་ན་གཞལ་མེད་དོ། །གཞལ་མེད་གཞལ་མེད་ན་གཞལ་འཁོར་ཏོ། །གཞལ་འཁོར་གཞལ་འཁོར་ན་གཞལ་ཐིམ་མོ། །གཞལ་ཐིམ་གཞལ་ཐིམ་ན་གར་གཞལ་ལོ། །གར་གཞལ་གར་གཞལ་ན་གཞལ་སངས་སོ། །གཞལ་སངས་གཞལ་སངས་ན་གཞལ་ཕུལ་ལོ། །གཞལ་ཕུལ་གཞལ་ཕུལ་ན་གཞལ་ཞིའོ། །གཞལ་ཞི་གཞལ་ཞི་ན་འཕྱོ་འགྱུར་རོ། །འཕྱོ་འགྱུར་འཕྱོ་འགྱུར་ན་ཉར་ཉེར་རོ། །ཉར་ཉེར་ཉར་ཉེར་ན་ཕྱག་ཕྱིག་གོ། ཕྱག་ཕྱིག་ཕྱག་ཕྱིག་ན་ཟལ་ཟུལ་ལོ། །ཟལ་ཟུལ་ཟལ་ཟུལ་ན་སལ་སལ་ལོ། །སལ་སལ་སལ་སལ་ན་གཡོ་ལྡེག་གོ། གཡོ་ལྡེག་གཡོ་ལྡེག་ན་ཕན་ཕུན་ནོ། །ཕན་ཕུན་ཕན་ཕུན་ན་བརྣད་ཡའོ། །བརྣད་ཡ་བརྣད་ཡ་ན་རེམ་འདྲོལ་ལོ། །རེམ་འདྲོལ་རེམ་འདྲོལ་ན་རྫི་ངད་དོ། །རྫི་ངད་རྫི་ངད་ན་རྫི་རྡུལ་ལོ། །རྫི་རྡུལ་རྫི་རྡུལ་ན་ཕུན་ཡོལ་ལོ། །ཕུན་ཡོལ་ཕུན་ཡོལ་ན་ངད་ངད་དོ། །ངད་ངད་ངད་ངད་ན་བགྲང་བརྩིའོ། །བགྲང་བརྩི་བགྲང་བརྩི་ན་ཟབ་བགྲང་ངོ་། །ཟབ་བགྲང་ཟབ་བགྲང་ན་དགའ་རྐྱང་ངོ་། །དགའ་རྐྱང་དགའ་རྐྱང་ན་གཞུད་འདལ་ལོ། །གཞུད་འདལ་གཞུད་འདལ་ན་ཁྲུག་ཕྱད་དོ། །ཁྲུག་ཕྱད་ཁྲུག་ཕྱད་ན་འོལ་ཕྱོད་དོ། །འོལ་ཕྱོད་འོལ་ཕྱོད་ན་གདབ་ཡས་སོ། །གདབ་ཡས་གདབ་ཡས་ན་གཅལ་ཡས་སོ། །གཅལ་ཡས་གཅལ་ཡས་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ཡས་ན་བྱིམ་འཕྱོའོ། །བྱིམ་འཕྱོ་བྱིམ་འཕྱོ་ན་ཡམ་མེའོ། །ཡམ་མེ་ཡམ་མེ་ན་བསྙལ་ཡས་སོ། །བསྙལ་ཡས་བསྙལ་ཡས་ན་ལྡབ་ལྡེབ་བོ། །ལྡབ་ལྡེབ་ལྡབ་ལྡེབ་ན་འཕན་ཆད་དོ། །འཕན་ཆད་འཕན་ཆད་ན་ཕང་ཕུང་ངོ་། །ཕང་ཕུང་ཕང་ཕུང་ན་ཁེའུ་ཚང་ངོ་། །ཁེའུ་ཚང་ཁེའུ་ཚང་ན་ཞུང་ཟུད་དོ། །ཞུང་ཟུད་ཞུང་ཟུད་ན་མཆོག་ཡལ་ལོ། །མཆོག་ཡལ་མཆོག་ཡལ་ན་མཐའ་རྟུལ་ཏོ། །མཐའ་རྟུལ་མཐའ་རྟུལ་ན་ཡུན་འགྱངས་སོ། །ཡུན་འགྱངས་ཡུན་འགྱངས་ན་བུན་ལོབ་བོ། །བུན་ལོབ་བུན་ལོབ་ན་ལམ་ལོམ་མོ། །ལམ་ལོམ་ལམ་ལོམ་ན་བསྙད་ཡས་སོ། །བསྙད་ཡས་བསྙད་ཡས་ན་ལང་ལིང་ངོ་། །ལང་ལིང་ལང་ལིང་ན་ལྗབ་ལྗིབ་བོ། །ལྗབ་ལྗིབ་ལྗབ་ལྗིབ་ན་མི་བརྩལ་ཏོ། །མི་བརྩལ་མི་བརྩལ་ན་འབྱམས་ཡས་སོ། །འབྱམས་ཡས་འབྱམས་ཡས་ན་ང་འགྲང་ངོ་། །ང་འགྲང་ང་འགྱང་ན་སྨོས་ཡལ་ལོ། །སྨོས་ཡལ་སྨོས་ཡལ་ན་བཀྲ་ཆལ་ལོ། །བཀྲ་ཆལ་བཀྲ་ཆལ་ན་ལོ་རྒྱས་སོ། །ལོ་རྒྱས་ལོ་རྒྱས་ན་འབུམ་རྡིབ་བོ། །འབུམ་རྡིབ་འབུམ་རྡིབ་ན་གམ་གུམ་མོ། །གམ་གུམ་གམ་གུམ་ན་ལ་ལོའོ། །ལ་ལོ་ལ་ལོ་ན་བགྲང་འཕྱོས་སོ། །བགྲང་འཕྱོས་བགྲང་འཕྱོས་ན་བགྲང་འཕྱོས་ལ་བསྒྲེས་པའོ། །བགྲང་འཕྱོས་ལ་བསྒྲེས་པ་བགྲང་འཕྱོས་ལ་བསྒྲེས་པ་ན་དཔག་ཡས་སོ། །དཔག་ཡས་དཔག་ཡས་ན་དཔག་ཡས་ལ་བསྒྲེས་པའོ། །དཔག་ཡས་ལ་བསྒྲེས་པ་དཔག་ཡས་ལ་བསྒྲེས་པ་ན་ཡལ་ཕྱོང་ངོ་། །ཡལ་ཕྱོང་ཡལ་ཕྱོང་ན་ཡལ་ཕྱོང་ལ་བསྒྲེས་པའོ། །ཡལ་ཕྱོང་ལ་བསྒྲེས་པ་ཡལ་ཕྱོང་ལ་བསྒྲེས་པ་ན་མུ་ཡལ་ལོ། །མུ་ཡལ་མུ་ཡལ་ན་མུ་ཡལ་ལ་བསྒྲེས་པའོ། །མུ་ཡལ་ལ་བསྒྲེས་པ་མུ་ཡལ་ལ་བསྒྲེས་པ་ན་བགྲང་ཡོལ་ལོ། །བགྲང་ཡོལ་བགྲང་ཡོལ་ན་བགྲང་ཡོལ་ལ་བསྒྲེས་པའོ། །བགྲང་ཡོལ་ལ་བསྒྲེས་པ་བགྲང་ཡོལ་ལ་བསྒྲེས་པ་ན་མི་འཇལ་ཏོ། །མྱི་འཇལ་མྱི་འཇལ་ན་མྱི་འཇལ་ལ་བསྒྲེས་པའོ། །མི་འཇལ་ལ་བསྒྲེས་པ་མི་འཇལ་ལ་བསྒྲེས་པ་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བསམ་ཕྱོད་ལ་བསྒྲེས་པའོ། །བསམ་ཕྱོད་ལ་བསྒྲེས་པ་བསམ་ཕྱོད་ལ་བསྒྲེས་པ་ན་མཐའ་འབྱམ་མོ། །མཐའ་འབྱམ་མཐའ་འབྱམ་ན་དཔག་ཐག་གོ། དཔག་ཐག་དཔག་ཐག་ན་དཔག་ཐག་ལ་བསྒྲེས་པའོ། །དཔག་ཐག་ལ་བསྒྲེས་པ་དཔག་ཐག་ལ་བསྒྲེས་པ་ན་བརྗོད་དུ་མེད་པའོ། །བརྗོད་དུ་མེད་པ་བརྗོད་དུ་མེད་པ་ན་བརྗོད་དུ་མེད་པ་ལ་བསྒྲེས་པའོ། །བརྗོད་དུ་མེད་པ་ལ་བསྒྲེས་པ་བརྗོད་དུ་མེད་པ་ལ་བསྒྲེས་པ་ན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ཤིན་ཏུ་བརྟན་པའོ། །ཞེས་འབྱུང་བ་ལྟར་རོ། །