3149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་ལྡན་ལྷ་བརྒྱ་མ
Tibetan Definition མང་པོས། འདི་འདུལ་ནག་པ་དཔལ་ལྡན་བཟང་པོས་མཛད་ཟེར། འདུལ་ནག་པ་དཔལ་ལྡན་བཟང་པོ་འདི་རྗེ་བཙུན་ཤེས་རབ་སེང་གེའི་ཐུགས་སྲས་ཤིག་ཡིན། ཁོང་གིས་ཁྱིམ་བདག་ཞིག་ལ་རྒྱལ་པོ་པེ་ཧར་གྱི་གནོད་པས་མི་མང་པོ་གུམ་ཞིང་ལྷག་པར་ཤིན་ཏུ་གཅེས་པའི་བུ་ཞིག་གི་ཁོག་ཏུ་བརླམས་ནས་གནོད་པ་བྱེད་པ་བཏུལ་བ་དང་། དེའི་ཚེ་འདུལ་ནག་པས་བཀའ་བསྒོས་པ་བཞིན་པེ་ཧར་གྱིས་བླ་མའི་རྣལ་འབྱོར་འདི་དང་འབྲེལ་བའི་དམིགས་བརྩེ་མ་འདོན་མི་རྣམས་ལ་བར་གཅོད་མི་བྱེད་པར་བྲོ་བོར་བའི་ལོ་རྒྱུས། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་ལས་བཤད་དོ། །ཡང་འགའ་ཞིག་གིས། འདི་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་མཛད་ཅེས་ཟེར་རོ། །ཀློང་རྡོལ་བླ་མ་སོགས་ཀྱི་གསུང་ལ་གཞི་བྱས།