3358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ
Tibetan Definition <ཤྲཱི> 1 གཟི་བརྗིད། རིན་ཆེན་ཕྲེང་བའི་རྒྱ་ཆེར་འགྲེལ་པ་༡༥༥བ༣ལས། དཔལ་ནི་བརྗིད་པ་སྟེ་ཟིལ་གྱིས་མི་ནོན་པའོ། །ཞེས་གསུངས་པ་ལྟར་རོ། །2 ཕུན་ཚོགས་སམ། འབྱོར་བ། 3 རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་ཟེར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་སྡེ་དགེ་བསྟན་འགྱུར་མདོ་སྡེ་༼ ཅི ༽༤ན༣ལས། དཔལ་ནི་བདག་ཉིད་ཀྱི་བསམ་པ་ཡོངས་སུ་རྫོགས་པ་དང་། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དཔལ་དུ་གྱུར་ཏེ། རེ་བ་ཡོངས་སུ་རྫོགས་པ་ལ་བྱའོ། །ཞེས་གསུངས་པ་ལྟར་རོ། །4 མཛེས་པ། 5 ཁྱད་པར་དུ་འཕགས་པ། 6 དབང་ཕྱུག 7 འཇིགས་མེད། 8 འཚོག་ཆས་སམ། འཚོ་བའི་ཡོ་བྱད། 9 བདུད་རྩི། q བསྟེན་པར་བྱ་བ། w ཚོགས་གཉིས། e མཆོག་གི་བདེ་བ། r སྤྱན་མ་དང་གོས་དཀར་མོ་ལ་སོགས་པའི་ལྷ་མོའམ་གསང་སྔགས་ཀྱི་ཡུམ། རྗེའི་འགྲེལ་པ་བཞི་སྦྲགས་ལས། དཔལ་ནི་གོས་དཀར་མོ་སྟེ་ད་དང་ལྡན་པས་དཔལ་ལྡན་ནོ། །ཞེས་གསུངས་སོ། །ངག་སྒྲོན་འགྲེལ་པ་ལས། དཔལ་ (ཇི་སྐད་དུ། དཔལ་མོ་དབྱངས་ཅན་བློ་དང་སྡེ་གསུམ་གྱི། །ཕུན་སུམ་ཚོགས་དང་འབྱོར་བ་མཛེས་པ་དང་། །འཚོག་ཆས་འཇིགས་མེད་ཚལ་དང་འཕགས་པ་དང་། །བདུད་རྩི་རྣམས་ལ་དཔལ་ཞེས་རབ་ཏུ་གྲགས། ཞེས་པའི་དོན་དང་) ལྡན་པ། ཞེས་གསུངས། ལྷག་མ་རྣམས་རྗེའི་འགྲེལ་པ་བཞི་སྦྲགས་སོགས་སུ་གཟིགས།