4301

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་བཀའ་འབུམ་དཀར་ཆག
Tibetan Definition པཎ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་ནི། ༼ ཀ་པར ༽སྐུ་གཞོན་ནུ་ཉིད་ན་སངས་རྒྱས་བསྟན་པའི་སྒོར་ཞུགས་ཚུལ། མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་ཚུལ། མདོ་རྒྱུད་གཞུང་ལུགས་ལ་ཐོས་བསམ་མཛད་ཚུལ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་སོགས་ཀྱིས་བསྟན་པ་ལ་བྱ་བ་བྱས་ཚུལ། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་མཆོད་པ་དང༌། རིས་མེད་པའི་དགེ་འདུན་ལ་བསྙེན་བཀུར་བ་ལ་སོགས་པའི་རྣམ་ཐར་འོད་དཀར་ཅན་གྱི་འཕྲེང་བ་ལ་བཞི་བརྒྱ་ཐམ་པ། ༼ ཁ་པར ༽ སྙན་ངག་མེ་ལོང་མ་ལེའུ་གཉིས་པའི་གཟུགས་ཅན་བཅུ་གཉིས་ཡན་གྱི་དཔེར་བརྗོད་མཚོ་བྱུང་རྒྱས་པའི་མེ་ཏོག་མདོ་རྒྱུད་ཟབ་མོའི་ལུང་རྗེས་གནང་དབང་ཁྲིད་ཐོབ་པའི་གསན་ཡིག་གཞན་ཕན་རིན་ཆེན་དབང་རྒྱལ། གླེགས་བམ་དང་པོ་གཉིས་པ་གཉིས་ལུང་མེད། ༼ ག་པར ༽བྱང་ཆུབ་ལམ་རིམ་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་པར་ཐར་པ་པདྨ་དཀར་པོའི་འཕྲེང་བ་ལ། བྱང་ཆུབ་ལམ་རིམ་དམར་ཁྲིད་མྱུར་ལམ། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྣམ་བཤད་གསུང་རབ་ཀུན་གྱི་གནད་བསྡུས་པ་ལེགས་བཤད་སྙིང་པོ། སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་ཉེ་ལམ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་འཕྲེང་བའི་སྨད་ཆ། རྗེ་དྲུང་སྤྲུལ་སྐུ་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་རྣམ་ཐར་གྲུབ་དབང་དགྱེས་པའི་རོལ་མཚོ། བླ་མའི་རྣལ་འབྱོར་གྱི་འགྲེལ་པ་བཀའ་དྲིན་གསོལ་འདེབས། བློ་ཆེན་རྒྱལ་ཀུན་མ། རྒྱུད་འདུས་པའི་བཤད་པ་རྫོགས་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མཆོད་པ་བྱ་ཚུལ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བླ་བརྒྱུད་གསོལ་འདེབས་ཤིས་བརྗོད་དང་བཅས་པ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་ལྷ་དགུའི་སྒྲུབ་ཐབས། དེ་ཡི་དཀྱིལ་འཁོར་གྱི་ཆོ་ག་དེ་ཡི་སྦྱིན་སྲེག་དྲིས་ལན་ཡི་གེར་བཀོད་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ། ཚེ་སྒྲུབ་འཆི་མེད་བདུད་རྩིའི་ཆུ་རྒྱུན། འཕགས་མ་གདུགས་དཀར་པོ་ཅན་གྱི་སྒྲུབ་ཐབས་མཆོག་ཐུན་དངོས་གྲུབ་ཆར་འབེབས། གཤིན་པོ་རྗེས་འཛིན་ཐར་པའི་ལམ་སྟོན། མགོན་དཀར་ཡིད་བཞིན་ནོར་བུའི་གཏོར་ཆོག་དགེ་ལེགས་ཀུན་འབྱུང༌། ཡེ་ཤེས་མགོན་པོ་གྲི་གུག་ཚེར་གསེབ་ཆོས་སྐྱོང༌། བསྟན་མ་གསུམ་གྱི་གཏོར་ཆོག ༼ ང་པར ༽བླ་མའི་རྣལ་འབྱོར། བླ་མའི་བསྟོད་ཚོགས། གསོལ་འདེབས། ཡི་དམ་འགའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། བརྟན་བཞུགས་ཚིགས་བཅད་མ། ལྷ་འགའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ། བསྙེན་གནས་སྲུང་བ་དང༌། སྨྱུང་གནས་བྱས་པའི་ཕན་ཡོན། སྐུ་གདུང་དཀར་ཆག་ལེ་ཚན། སྐུ་གསུང་ཐུགས་རྟེན་བཞེངས་པའི་རྒྱ་བ་ཡིག་དགོན་སྡེ་འགའ་ཞིག་གི་ཁྲིམས་སུ་བཅའ་བ། རྟེན་གསུམ་བཞེངས་པ་སོགས་ཀྱིས་མཚོན་དགེ་རྩ་བྱང་ཆུབ་ཀྱི་རྒྱུར་བསྔོ་བའི་སྨོན་ལམ་ཚིགས་བཅད། བསྟན་སྲུང་རྒྱ་མཚོར་མཆོད་གཏོར་འབུལ་ཚུལ། འཕྲིན་བཅོལ། བསངས་ཀྱི་ཆོ་ག་རྣམས་སོ། །པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་གླེགས་བམ་བཞི་རྫོགས་སོ། །