5703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་ཀྱི་སྒྱུ་རྣམ་པ་སུམ་ཅུ་རྩ་གཉིས
Tibetan Definition བཞིན་ཕྱེད་འགེབས་པ། ནུ་མ་མཁྲང་ཞིང་འབུར་བ་སྟོན་པ། ཅུང་ཟད་འཛུམ་པས་སོའི་ཕྲེང་བ་སྟོན་པ། ལག་པ་བརྐྱང་སྟེ་བྱ་སྨྱང་བྱེད་ཅིང་མཆན་ཁུང་སྟོན་པ། བིམ་པ་ལྟར་དམར་བའི་མཆུ་སྟོན་པ། མིག་ཕྱེད་བཙུམ་སྟེ་ལྟ་ཞིང་བལྟས་ནས་མྱུར་བ་མྱུར་བར་འཛུམ་པ་དང༌། ནུ་མ་ཕྱེད་གཡོགས་ཏེ་སྟོན་པ། གོས་སྙིལ་བར་བྱས་ཏེ་གསེར་གྱི་ཕག་སྐ་ (བུད་མེད་ཀྱི་སྐ་རགས་ཤིག་གི་མིང) དང་བཅས་པའི་རྐེད་པ་སྟོན་པ། གོས་དཱུ་ཀུ་ལ་སྲབ་མོ་གྱོན་ཏེ་གསེར་གྱི་ཕག་སྐ་དང་བཅས་པའི་རྐེད་པ་སྟོན་པ། རྐང་པ་གདུབ་སྒྲ་སིལ་སིལ་འབྱིན་པ། ནུ་མའི་བར་ནས་ཕྲེང་བ་གཅིག་ཉེ་བར་སྟོན་པ། མགོ་དང་ཕྲག་པ་དག་ལ་བྱ་འདབ་སྦེད་དང༌། ནེ་ཙོ་དང༌། རི་སྐེགས་འདུག་པ་ཉེ་བར་སྟོན་པ། མིག་ཟུར་གྱིས་ལྟ་བ། གོས་ལེགས་པར་བགོས་ཀྱང་བགོ་མ་ལེགས་པ་ལྟ་བུར་བཅོས་པ། རྐེད་པ་དང༌། གསེར་གྱི་ཕག་སྐ་བསྐྱོད་པ་དང༌། འཁྲུལ་བ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ་དང༌། གར་བྱེད་པ་དང༌། གླུ་ལེན་པ་དང༌། བསྒེགས་ཤིང་འཁྲུལ་བ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ་དང༌། གར་བྱེད་པ་དང༌། གླུ་ལེན་པ་དང༌། བསྒེགས་ཤིང་ངོ་ཚ་བ་ལྟར་ཡང་འཆོས་པ་དང༌། ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་སྒུལ་བ་དང༌། བརྗིད་པའི་སྒྲ་འབྱིན་པ། སེང་རས་བགོས་ཏེ་གསེར་གྱི་ཕག་སྐ་དྲིལ་བུ་བཅིངས་ནས་དགོད་ཅིང་འཆག་པ་དང༌། གོས་དང་རྒྱན་རྣམས་ས་ལ་འདོར་ཞིང་ངོ་ཚ་བ་ལྟར་སླར་ཡང་ལེན་པ། གསང་བ་དང༌། གསལ་བའི་རྒྱན་ཐམས་ཅད་ཉེ་བར་སྟོན་པ། ལག་པ་སྤོས་ཀྱིས་བསྐུས་པར་སྟོན་པ། མཁུར་བ་བསྐུས་ཤིང་རྣ་ཆ་ཡང་སྟོན་པ། མགོའང་གཡོགས་ཤིང་བཞིན་ཡང་གཡོགས་ལ་སྐད་ཅིག་ཙམ་གྱིས་སྟོན་པ། རྒོད་རྒོད་པ། དགའ་དགའ་བ། རྩེ་རྩེ་བ་ཕན་ཚུན་དྲན་པར་བྱེད་ཅིང་ཡང་ངོ་ཚ་བ་ལྟར་འདུག་པ། གཞོན་ནུའི་གཟུགས་དང༌། བུ་མ་བཙས་པའི་གཟུགས་དང༌། ན་ཆུང་ཚད་ལ་བབས་པའི་གཟུགས་སྟོན་པ་དང་སུམ་ཅུ་རྩ་གཉིས་སོ། །རྒྱ་ཆེར་རོལ་པའི་མདོ་ལས་གསུངས་པ་ལྟར་བཀོད་དོ། །