6090

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མས་སློབ་མ་བརྟག་དགོས་ཚུལ
Tibetan Definition སློབ་མས་བླ་མ་མཚན་ཉིད་དང་ལྡན་མི་ལྡན་བརྟག་དགོས་པ་བཞིན་དུ། བླ་མས་སློབ་མ་སྣོད་རུང་ཡིན་མིན་བརྟག་དགོས་པའི་ཚུལ་ནི། རྒྱུད་རྡོར་ཕྲེང་བ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༢༥ན༤དྲངས་པ་ལས། རྒྱུད་རྡོར་ཕྲེང་གི་གཉིས་པ་ལས། ཇི་ལྟར་རིན་ཆེན་བརྡར་བ་དང་། །གསེར་ནི་བསྲེག་དང་བཅད་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་བར་དུ་བརྟག །ཅེས་གསུངས་སོ། །