6610

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མད་པ
Tibetan Definition བདེན་པ། ཡང་དག་པ། བདེན་པའི་ཞེ་ས་ཡིན་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསུངས། དཔེར་ན་ཐུགས་མད་པ་ཞེས་པ་ལྟ་བུ། རྗེའི་ལམ་རིམ་ཆེན་མོ་ལས། གསུང་སྒྲོས་ཀྱིས་བརྒྱན་ཏེ་མཐའ་དག་པར་འཆད་ཅིང༌། ཆོས་འཆད་ཤེས་པ་ཞིག་གིས་ཉན་ཤེས་པ་ཞིག་ལ་བཤད་པ་ན། ཆོས་གྲྭའི་བློའི་འཁུལ་འདྲ་བ་ལྐོག་ཏུ་བསམས་པ་ལ་འོང་དཀའ་གསུང་བ་ནི་ཤིན་ཏུ་ལེགས་ཤིང་མད་པས། ཞེས་གསུངས་པ་ལྟར་རོ། །