808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉུག་མ
Tibetan Definition 1 རྟག་པ། གདོད་མ། དང་པོ་ནས་ཡོད་ཡོད་པ། ཐོག་མ་ནས་ཡོད་པ། རྒྱུན་ཆགས། བར་མ་ཆད། རྟག་ཏུ། གཏན་དུ། གནས་སྐབས་པ་དང་གློ་བུར་གྱི་ལྡོག་ཕྱོགས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གཉུག་མར་གནས་པ་ཞེས་བྱ་བ་ནི་རྟག་ཏུ་གནས་པའོ། །ཞེས་གསུངས། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། གཉུག་མར་གནས་པ་ཞེས་བྱ་བ་ནི་དུས་ཡུན་རིང་དུ་གནས་པ་ཕྱི་ནང་གིས་རྒྱུས་ཤེས་པའོ། །ཞེས་གསུངས། རྗེའི་རིམ་ལྔ་གསལ་སྒྲོན་ལས། འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་པ་དང༌། གཉུག་མ་བའི་ལུས་སོ། །ཞེས་གསུངས། མཚོ་ཊཱིཀ་ལས། དུད་འགྲོ་གཉུག་མ་བའི་དབང་དུ་བྱས་པ་ནི། ཞེས་གསུངས་པ་ལྟ་བུ།