8772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཆེས་གསུམ་ལྡན
Tibetan Definition 1 རྒྱུད་ལ་ཡིད་ཆེས་པ། བླ་མ་ལ་ཡིད་ཆེས་པ། བདག་ཉིད་ལ་ཡིད་ཆེས་པ་དང་གསུམ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དུས་འཁོར་རྒྱས་འགྲེལ་ལས། བླ་མའི་མན་ངག་ལ་བརྟེན་ནས་རྒྱུད་དོན་ལུང་རིགས་ཀྱིས་ཚུལ་བཞིན་དུ་ངེས་པ་ན་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ལ་བརྟེན་ནས་རྒྱུད་དེ་ན་དེ་ལྟར་སྟོན་པའི་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མས་ཇི་ལྟར་བསྟན་པ་ལྟར་བསྒོམས་པས་རྒྱུད་ལས་ཇི་ལྟར་བཤད་པ་ལྟར་མྱོང་བ་སྐྱེས་པ་ན་བདག་ཉིད་ལ་ཡིད་ཆེས་པ་སྟེ་ཡིད་ཆེས་གསུམ་ཚང་བའི་སྟོབས་ཀྱིས་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་བའི་ཕྱིར། ཞེས་གསུངས། འགྲེལ་ཆེན་དྲི་མེད་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྨད་ཆ་ལས་ཀྱང་དེ་བཞིན་དུ་གསལ།