9322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རེ་ལྡེ
Tibetan Definition 1 རྩྭ་གདན་ལྷས་མ་སྟེ། སྨྱུག་མའམ་རྩྭས་ལྷས་པའི་སྟན་དང་ཡོལ་བ་སོགས་ལ་ཟེར། ཕྱར་བ། སྣམ་བུ་སོགས་ལའང་འཇུག་པར་བཤད། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སེག་ཅེས་བྱ་བ་ནི་སྨྱིག་མ་ལ་སོགས་པའི་ཐགས་མ་གྲུ་བཞིའོ། །རེ་ལྡེ་ཞེས་བྱ་བ་ནི་དེ་ཉིད་ཁྲུན་རིང་བའོ། །ཞེས་གསུངས། རེ་ལྡེ་ལྗོངས་རིང༌། དཀྱུས་སུ་རིང་བའི་རེ་ལྡེ། མདོ་རང་འགྲེལ་གསུང༌། རེ་ལྡེ་འཇོང་འཇོང་རིང་པོ། རེ་ལྡེ་འཇོང་རིང་ཟེར་བ་དང་འདྲ་བ་ཡིན་སྙམ། དབུ་མ་ལ་འཇུག་པར། རེ་ལྡེ་དམག་དང་ནགས་ཚལ་དང་། ཞེས་པའང་རྩྭའམ་སྨྱུག་མས་ལྷས་པའི་སྣོད་སྤྱད་དམ། སྟན་དང་ཡོལ་བ་སོགས་ལ་གོ་དགོས་ཀྱི་རྩིད་པས་བཟོས་པའི་རེ་བ་ནི་བོད་ལ་མ་གཏོགས་རྒྱ་གར་ལ་མེད་པས་དེ་ལ་དོགས་པ་མི་དགོས་པའི་ཕྱིར་རོ། །མི་ཚངས་སྤྱོད་ཀྱི་ཕམ་པའི་ཐད་ཀྱི་འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༤༨ན༣ལས། དགེ་སློང་དགོན་པ་བ་ཉིན་པར་གློས་ཕབ་སྟེ། གཉིད་ལོག་པས་ཕྱོགས་དེ་ཡལ་ག་དག་གམ། སེག་དག་གམ། རེ་ལྡེ་དག་གིས་བསྐོར་བར་བྱ་བའམ། སྲུང་མ་དགེ་སློང་གཞག་པར་བྱ་བའམ། ཞེས་གསུངས་སོ། །