9581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་རྣམ་ཐར
Tibetan Definition རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དེས་དག་དང་མ་དག་པའི་འཇིག་རྟེན་གྱི་ཁམས་མཐའ་དང་མུ་མེད་པ་ན་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་མཐའ་ཡས་པའི་སྒོ་ནས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ལས། རྒྱ་གར་འཕགས་པའི་ཡུལ་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་སྤྲུལ་པ་གྲགས་ཆེ་བ་སོ་དྲུག་བྱོན་པའི་ཚུལ་ནི། ༡ རྒྱལ་པོ་འཇིག་རྟེན་དབང་ཕྱུག ༢ ཁྱེའུ་སྣང་བ། ༣ ཁྱེའུ་གསལ་བ། ༤ རྒྱལ་བུ་ཆགས་མེད། ༥ རྒྱལ་བུ་ཀུན་ཏུ་དགའ། ༦ རྒྱལ་པོ་ལྷ་སྐྱེས། ༧ རྒྱལ་པོ་དཀོན་མཆོག་འབངས། ༨ རྒྱལ་བུ་དད་པ་བརྟན་པ། ༩ རྒྱལ་པོ་དཔལ་བཟང་། ༡༠ དད་པ་རབ་བརྟན། ༡༡ རྒྱལ་བུ་བློ་གྲོས་འཕེལ། ༡༢ ཁྱེའུ་དགའ་འཛིན། ༡༣ དགེ་བསྙེན་བཙུན་པ། ༡༤ ནོར་བུ་བཟང་པོ། ༡༥ ཁྱེའུ་ཟླ་བ། ༡༦ ཁྱེའུ་རིན་ཆེན་སྙིང་པོ། ༡༧ ཁྱེའུ་པདྨ། ༡༨ ཁྱེའུ་འོད་ཟེར། ༡༩ བྱམས་པ། ༢༠ སེང་གེ་སྒྲ། ༢༡ རྒྱལ་པོ་བདེ་མཆོག (བ་ལང་སྐྱོང) ༢༢ ལྷའི་རྒྱལ་པོ། ༢༣ ཁྱེའུ་དགེ་འདུན་འཕེལ། ༢༤ ཕོ་རིང་པོ་རཱ་ཛ། ༢༥ གེ་སར། ༢༦ རི་བོང་། ༢༧ ལོ་བརྒྱད་བྱིས་པ། ༢༨ རྫི་བོ། ༢༩ བྲམ་ཟེ་རིན་ཆེན་མཆོག ༣༠ བསམ་གཏན་བཟང་པོ། ༣༡ དུར་ཁྲོད་རྣལ་འབྱོར་པ། ༣༢ གླིང་ཕྲན་རྒྱལ་པོ། ༣༣ སྲོ་ལོང་ཀུན་ཏུ་རྒྱུ། ༣༤ རྒྱལ་པོ་སྐྱབས་སྦྱིན། ༣༥ རྒྱལ་པོ་གཙུག་ལག་འཛིན། ༣༦ རྒྱལ་པོ་དགའ་བ་དཔལ། (དགེ་བ་དཔལ) བཅས་སྐུའི་སྤྲུལ་པ་སོ་དྲུག་གོ །༼ བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བོད་ཀྱི་རྒྱལ་པོ་གྲགས་ཆེ་བ་བཅུ་བྱོན་པའི་ཚུལ་ནི ༽ ༡ གཉའ་ཁྲི་བཙན་པོ། ༢ ཨི་ཤོ་ལེགས། ༣ ལྡེ་འཕྲུལ་གནམ་གཞུང་བཙན།༤ ལྡེ་རྒྱལ་པོ། ༥ ཁྲི་སྒྲ་དབྱངས་བཙན། ༦ ལྷ་ཐོ་ཐོ་རི་གཉན་བཙན། ༧ ཆོས་རྒྱལ་སྲོང་བཙན་སྒོམ་པོ། ༨ འདུས་སྲོང་མང་པོ་རྗེ། ༩ ཁྲི་སྲོང་ལྡེ་བཙན། ༡༠ ཁྲི་རལ་པ་ཅན་བཅས་བོད་རྗེ་བཅུའོ། །༼ འཕགས་བོད་ཀྱི་པཎ་གྲུབ་དུ་མར་བསམ་བཞིན་སྐྱེ་བ་བཞེས་པའི་སྐུ་ཕྲེང་བཅོ་ལྔ་ནི ༽ ༡ འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ༢ ཉང་ཉི་མ་འོད་ཟེར། ༣ གསུང་གི་སྤྲུལ་པ་གུ་རུ་ཆོས་དབང་། ༤ ཐུགས་སྤྲུལ་པདྨ་མ་དབང་རྒྱལ། ༥ ཡོན་ཏན་གྱི་སྤྲུལ་པ་ཆོས་རྒྱལ་དབང་པོའི་སྡེ། ༦ འཕྲིན་ལས་སྤྲུལ་པ་འཕགས་ཆེན་བློ་གྲོས་རྒྱལ་མཚན། (འགྲོ་མགོན་ཆོས་རྒྱལ་འཕགས་པ) ༧ བལ་ཡུལ་དུ་པཎྜི་ཏ་པདྨ་བཛྲ། ༨ ཁ་ཆེ་དགོན་པ་བ། ༩ ས་ཆེན་ཀུན་དགའ་སྙིང་པོ། ༡༠ འགྲོ་དགོན་པོ་ཞང་རིན་པོ་ཆེ་གཡུ་བྲག་པ། ༡༡ གཡམ་བཟང་བ། ༡༢ སུམ་སྟོན་ཡེ་ཤེས་གཟུངས། ༡༣ ལྷ་རྗེ་དགེ་བ་འབུམ། ༡༤ བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། ༡༥ དཔལ་ལྡན་བླ་མ་རིན་ཆེན་མཁྱེན་རབ་ཆོས་རྗེ་བཅས་སོ། །༼ ༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་སྐུའི་སྐྱེས་རབས་ཀྱི་འཕྲེང་བ་ཇི་ལྟར་བྱོན་པའི་ཚུལ་ནི ༽ ༡ རྒྱལ་བ་དགེ་འདུན་གྲུབ། ༢ རྒྱལ་བ་དགེ་འདུན་རྒྱ་མཚོ། ༣ རྒྱལ་བ་བསོད་ནམས་རྒྱ་མཚོ། ༤ རྒྱལ་བ་ཡོན་ཏན་རྒྱ་མཚོ། ༥ རྒྱལ་བ་བློ་བཟང་རྒྱ་མཚོ། ༦ རྒྱལ་བ་ཚངས་དབྱངས་རྒྱ་མཚོ། ༧ རྒྱལ་བ་བསྐལ་བཟང་རྒྱ་མཚོ། ༨ རྒྱལ་བ་འཇམ་དཔལ་རྒྱ་མཚོ། ༩ རྒྱལ་བ་ལུང་རྟོགས་རྒྱ་མཚོ། ༡༠ རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ། ༡༡ རྒྱལ་བ་མཁས་གྲུབ་རྒྱ་མཚོ། ༡༢ རྒྱལ་བ་འཕྲིན་ལས་རྒྱ་མཚོ། ༡༣ རྒྱལ་བ་ཐུབ་བསྟན་རྒྱ་མཚོ། ༡༤ རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞབས་བཅས་བཅུ་བཞི་བཞུགས་སོ། །གོང་གི་ལོ་རྒྱུས་དེ་དག་ཞིབ་པར་གཟིགས་འདོད་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་རྒྱལ་མཆོག་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་བཞི་པ་དང་། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རིམ་བྱོན་གྱི་འཁྲུངས་རབས་དེབ་ཐེར་ནོར་བུའི་འཕྲེང་བ་དེབ་དང་པོ་ན་གཟིགས།