9595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས
Tibetan Definition འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་དྷཱ་ཛཱ་ཨ་གྲ་ཀེ་ཡཱུ་རཱ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་ལས་ཕམ། རབ་ཏུ་ཕམ་ནས་དེ་རྟབ་ཅིང་རིངས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདི་ལྟར་ལྷ་མ་ཡིན་དང་གཡུལ་བཀྱེ་བ་ལས། ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ལས་ཕམ། རབ་ཏུ་ཕམ་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཕམ། རབ་ཏུ་ཕམ་ན། བཅོམ་ལྡན་འདས་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ལྷའི་དབང་པོ་ཁྱོད་ཀྱིས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་ཟུངས་ཤིག ངས་ཀྱང་སྔོན་བྱང་ཆུབ་སེམས་སྤར་གྱུར་པ་ན། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལས་འདི་མནོས་སོ། །མནོས་ནས་ཀྱང་གཞན་ལ་རྒྱ་ཆེར་ཡང་དག་པར་བཤད་དོ། །མངོན་པར་དྲན་ཏེ་དེ་ཚུན་ཆད་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པའམ། ཐ་ན་སྐད་ཅིག་ཡུན་ཙམ་ཡང་ལུས་ལ་གནོད་པ་བྱུང་མ་མྱོང་ངོ། །བཅོམ་ལྡན་འདས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བགྱི་བ་གཞན་གྱིས་མི་ཐུབ་པའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐཱ། ༀ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་བཱ་ཧི་ནི། ཤང་ཀ་རི་ཤང་ཀ་རི། པྲ་བྷཾ་ཀ་རི། བདག་དང་སེམས་ཅན་ཐམས་ཅད་ཀྱི། སརྦ་ཤ་ཏྲཱུཾ། ཛཾ་བྷ་ཡ་ཛཾ་བྷ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་ཝ་ཏི། ཛ་ཡ་བཱ་ཧི་ནི། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། གྲ་ས་གྲ་ས། ཧ་ས་ཧ་ས། ཧཱུཾ་ཧཱུཾ། ལ་ཧཱུཾ་ལ་ཧཱུཾ། ལམཱོ་དྷ་རེ། ཏྲི་ནེ་ཏྲེ། ཙ་ཏུར་བྷཀྟེྲ། ཙ་ཏུ་དཾཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ས་ལ། ཙཀྲ་ཏྲི་ཤཱུ་ལ། བཛྲ་ཀ་བ་ཙ་དྷཱ་རི། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །བྷ་ག་ཝ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུཾ་ཧཱུཾ། ཕཊ་ཕཊ། བྷཉྫ་བྷཉྫ། པ་ར་སཻ་ནྱཾ། བི་དྷྭ་ནྶ་ཡ། སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ། དྷྭ་ཛ་ཨ་གྲ་ཀེ་ར་ཡཱུ་རེ། ཏི་ཊ་ཏི་ཊ་ཏི་ཊ། བྷི་ཊ་བྷི་ཊ། ཨུ་ལྐཱ་མུ་ཁི་ཨུ་ལྐཱ་དྷཱ་ར་ཎཱི། ཏྲཻ་ལོ་ཀྱ་མ་ཐཱ་ནི། བི་དྷྭ་ནྶ་པ་ར་སཻ་ནྱན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀཾ་པ་ཀཾ་པ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྫ་མུཉྫ། ཨ་ཊྚ་ཧཱ་སཾ་བི་དྷྭ་ནྶ་ཡ། པ་ར་སེ་ནྱན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཏྲཱ་ས་ཡ་ཏྲ་ས་ཡ། བྷྲཱ་མ་ཡ་བྷྲཱ་མ་ཡ། བུདྡྷ་ས་ཏྱེ་ན། དྷརྨ་ས་ཏྱེ་ན། སཾ་གྷ་ས་ཏྱེ་ན། ས་ཏྱ་བཱ་དི་ནཱཾ། ས་ཏྱེ་ན། བུདྡྷ་ས་ཏྱེ་མཱ་ཏི་ཀྲ་མ། དྷརྨ་ས་ཏྱེ་མ་ཏི་ཀྲ་མ། སཾ་གྷ་ས་ཏྱེ་མཱ་ཏི་ཀྲ་མ། ས་ཏྱེ་བཱ་ཏི་ནཱཾ། ས་ཏྱེ་མཱ་ཏི་ཀྲ་མ། ལམྦོ་དྷ་རི། ལམྦོ་དྷ་རི། ཀུ་ཊ་ཀུ་ཊ། ཀུ་ཊྚ་ཀུ་ཊྚ། ཀུ་ཊྚ་ཀུ་ཊྚ། ཀུ་ཊྚ་པ་ཡ་ཀུ་ཊྚ་པ་ཡ། རུ་དྲ་མ་ནཱ་ཡ། བིཥྞ་མ་ནཱ་ཡ། ཙནྡྲ་སཱུ་རྱཱ་བྲཧྨནཱ་ཡ་ཏྲཻ་ལོ་ཀྱ་ཨ་དྷི་པ་ཏི་མ་ནཱ་ཡ་སརྦ་དེ་བ་ཨ་དྷི་པ་ཏི་མ་ནཱ་ཡ། སརྦ་ཡཀྵ་རཀྵ་ས། གནྡྷརྦ། ཀུམྦྷན་ཌ། མ་ཧོ་ར་ག་ཨ་དྷི་པ་ཏི་མ་ནཱ་ཡ། བི་དྷ་ནྶ་ཡ། པ་ར་སཻ་ནྱཾ། རཾ་ག་རཾ་ག རཾ་གཱ་པ་ཡ། རཾ་གཱ་པ་ཡ། ཛཱ་ལ་ཛཱ་ལ། པུཥྤ་མཱ་ལི་ནི། རུན་དྷ་རུན་དྷ། རི་ཏི་རི་ཏི། ཙི་ཏི་ཙི་ཏི། དྷྲ་ཏི་དྷྲ་ཏི། བྷྲ་ཀུ་ཊི། མུ་ཁེ་པ་ར་སེ་ན། ཀུ་ལོད་སཱ་དྷ་ནི་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧེ་ཧེ། རི་ཎི་རི་ཎི། རི་ནི་མ་ཏི། ཛམ་བྷ་དྷྭ་ཛེ། སརྦ་བུདྡྷ། ཨཱ་བ་ལོ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག སརྦ་ཏ་ཐ་ག་ཏ་ཨཱ་བ་ལོ་ཀི་ཏེ་སྭཱཧཱ། གུ་ཎ་རཱ་ཛ་པྲ་བྷ་སོད་ཏ་མེ་སྭཱཧཱ། སཱུརྱ་ཨརྐ་བི་མ་ལེ་སྭཱ་ཧཱ། ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། སརྦ་གྲ་ཧ་ནཀྵ་ཏྲ་དྷེ་མི་ཀ་ར་ཎེ་སྭཱ་ཧཱ། བདག་འཇིགས་པ་དང། གནོད་པ་དང། ནད་འགོ་བ་དང། འཁྲུགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ལྷའི་རྒྱལ་པོ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པའམ། འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ། མི་འཇིགས་ཤིང་། ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའམ། མགུལ་དུ་བཏགས་ན་མིའི་རྒྱལ་པོ་དང། སྐྱེས་བུ་དཔའ་བོ་ཐམས་ཅད་ལས་སྲུང་བར་བྱེད་དོ། །བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ནས་མདུན་དུ་འདུག་སྟེ། མི་འཇིགས་པ་སྦྱིན་ཞིང་སྲུང་བར་བྱེད་དོ། །དཔལ་བསྐྱེད་པར་བྱེད་དོ། །ཕ་རོལ་གྱི་སྡེ་སྤ་བཀོང་བར་བྱེད་དོ། །བཀྲ་ཤིས་པ་དང། གཙང་བ་དང། གྲགས་པ་དང། དཔལ་དང་ཕུན་སུམ་ཚོགས་པ་ཀུན་ཏུ་གནས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་དང། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས་རྫོགས་སོ། །ཨོཾ་དྷྭ་ཛ་ཨ་གྲ་ཀེ་ཨཱུ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། དཱ་ན་ཤཱི་ལ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཏེ། སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ། །འདི་སྡེ་དགེ་སྤར་མའི་རྒྱུད་འབུམ་༼ བ ༽༤༥བ༡ན་བཞུགས་སོ། །