9777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་སུ་སྟོན་པ
Tibetan Definition སློབ་སྟོན་བྱེད་པ། སྒྲ་བཤད་ནི། རྗེས་སུ་ནི་རྗེས་སུ་མཐུན་པ་ཞེས་པ་སྟེ། འདྲ་བ་དང་། འཚམ་པ། ཕན་པ། མཐུན་གྲོགས་བྱེད་པ་བཅས་ཀྱི་དོན་ཡིན་པས། གདུལ་བྱའི་མོས་བློ་དང་འཚམ་པའམ་མཐུན་པར་ཆོས་སྟོན་པའི་དོན་ཡིན་ནོ། །ཡང་ན། ཕན་པར་སྨྲས་པ་ན་རྗེས་སུ་སྟོན་པ་ཞེས་བྱའོ། །སྒྲ་སྦྱོར་བམ་གཉིས་ལས། ༼ ཨནུཤཱསནཱིཔྲཱཏིཧཱརྱཾ ༽བདེན་པ་གཉིས་ཀྱི་སྒོ་ནས་ཆོས་ཐམས་ཅད་གཏན་ལ་ཕབ་པར་བཀྲོལ་ཏེ་ཕན་ཞིང་རྗེས་སུ་མཐུན་པར་བཤད་པས་ན་རྗེས་སུ་བསྟན་པའི་ཆོ་འཕྲུལ། ཞེས་གསུངས་པ་ལྟར་རོ། །