9927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ
Tibetan Definition (གསང་སྔགས) 1 མི་ཆོད་པ། མི་ཕྱེད་པ། སྲ་བ། བརྟན་པ། མི་ཤིགས་པ། གཞོམ་དུ་མེད་པ། ཁོང་སྟོང་མིན་པ་སོགས་ལ་འཇུག་པར་བཤད། མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༤༠བ༡ལས། རྡོ་རྗེའི་དོན་ཡང་མི་ཆོད་པ་དང་མི་ཕྱེད་པ་དང་འཇོམས་པ་སོགས་མང་པོ་ལ་འཇུག་ཀྱང་། ཞེས་གསུངས། 2 བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སམ། བདེ་བ་ཆེན་པོའི་ཡེ་ཤེས། 3 བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པའི་དཔེའི་རྡོ་རྗེ་སྟེ། ཡོངས་གྲགས་ཀྱི་རྡོ་རྗེ། རྡོ་རྗེ་ལ་དབྱེ་ན། རྡོ་རྗེ་རྩེ་གཅིག་པ། རྩེ་གཉིས་པ། རྩེ་གསུམ་པ། རྩེ་ལྔ་པ། རྩེ་དགུ་པ། སྣ་ཚོགས་རྡོ་རྗེ། རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད། ཡང་རྡོ་རྗེ་ལ། ཁྲོ་བོའི་རྡོ་རྗེ་དང༌། ཞི་བའི་རྡོ་རྗེ་གཉིས་ཡོད་པར་གསུངས། རྡོར་དྲིལ་གྱི་མཚོན་དོན་ལ་གཟིགས། 4 ཕོའི་དབང་པོ་ལའང་འཇུག 5 རྡོ་རྗེ་ཕ་ལམ།