10201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡེ་ཤེས་དབབ་པའི་ཆོ་ག
Tibetan Alternate
Tibetan Definition གསང་བ་འདུས་པའི་རྗེས་སུ་འབྲངས་ནས་དབབ་པ་ནི། སློབ་མ་མདུན་དུ་བྱས་ལ་སྐད་ཅིག་གིས་སྟོང་པ་ཉིད་དུ་བསམས་པའི་རྗེས་སུ་ཨཱཿ ལས་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་བསྐྱེད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་དེ་ཉིད་བསྡུས་པ་ལས་གསུངས་པ་འདིས་གསོལ་བ་འདེབས་སུ་གཞུག་གོ། དེའི་སྙིང་གར་ལཾ་ལས་སྐྱེས་པའི་ས་དཀྱིལ་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་མར་ཉི་མ་ལ་ཧཱུྃ་སྔོན་པོ་སྒོམ་མོ། ཡང་ན་འབུམ་པ་མངོན་པར་བརྗོད་པའི་རྒྱུད་དུ་གསུངས་པའི་ཆོ་གས་དབབ་སྟེ། བླ་མ་བདེ་མཆོག་གི་གཟུགས་ཅན་གཡས་བརྐྱངས་སུ་གནས་པས་སློབ་མ་ཡང་དེ་ལྟར་གནས་ཤིང་སྙིང་གར་ཐལ་མོ་སྦྱར་བ་ལ་ལག་པ་གཡོན་གྱིས་དྲིལ་བུ་དཀྲོལ། གཡས་པས་བདུག་པས་བདུགས་ལ་སྔགས་བརྗིད་བག་དང་བཅས་པར་བརྗོད་དེ་དབབ་བོ། སྔགས་ནི། ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུྃ་ཤྲི་ཧེ་རུ་ཀ་བིད་མ་ཧེ་བདྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭ་ཧཱ། ཞེས་པ་སྟེ་འདིས་དཔའ་བོ་བསྐུལ་བར་བྱའོ།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) 降智法。此有两种:一、随行《密集》而降者,先令弟子在前,刹那想空,次从阿字生无量光佛。令如《摄真实经》所说而请。“敬请一切如来加持,金刚萨埵降临我身。”想彼心间从朗字生方形黄色地轮,有杵庄严,日上有蓝吽字。二、以《亿现说经》所说而降,师长作胜乐身右伸而往,弟子亦尔。平心合掌,左手震铃,右手薰香,洪音诵咒而降。咒为“底叉摩诃卓答,阿北麦耶吽,岂利黑如迦耶毗摩黑,毗耶惹杂耶,底摩黑娑诃”。以此真言发动勇识。
Chinese (Traditional) 降智法。此有兩種:一、隨行《密集》而降者,先令弟子在前,剎那想空,次從阿字生無量光佛。令如《攝真實經》所說而請。“敬請一切如來加持,金剛薩埵降臨我身。”想彼心間從朗字生方形黃色地輪,有杵莊嚴,日上有藍吽字。二、以《億現說經》所說而降,師長作勝樂身右伸而往,弟子亦爾。平心合掌,左手震鈴,右手薰香,洪音誦咒而降。咒為“底叉摩訶卓答,阿北麥耶吽,豈利黑如迦耶毗摩黑,毗耶惹雜耶,底摩黑娑訶”。以此真言發動勇識。
Chinese Definition
Page Number