Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "ཁོག་མ་དང་གཟར་བུ་གཉིས།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/6659  + (ཁུར་པོ་སོགས་སྟོད་གསིག་བྱས་ནས་ཡུད་ཙམ་ངལ་གསོཁུར་པོ་སོགས་སྟོད་གསིག་བྱས་ནས་ཡུད་ཙམ་ངལ་གསོ་བྱས་པའི་མིང་སྟེ། 《དཔེ་ཆོས་རིན་ཆེན་སྤུངས་བའི་བརྡ་དཀྲོལ》ལས། འདུག་ལོང་མེད་ཀྱང་ཁུར་པོ་སྟོད་ལ་བཀྱག་ནས་ཡུད་ཙམ་རེ་བསྡད་པས་ཤིན་ཏུ་ངལ་བ་ལ་ཅུང་ཞིག་ཕན་པས་དེ་ལ་ཤ་བོ་ངལ་ཟེར། དཔེར་ན་ཚོང་པ་མཛོ་རྟ་བཟང་བར་ཁལ་བཀལ་ནས་འཇིགས་པ་ཆེ་བའི་ཐང་ལ་ཤར་རེ་འགྲོ་བའི་ཟླ་ལ། ཁུར་པོ་ཐང་ཆད་པ་རྣམས་ཟུར་ལ་ཐོན་ནས་ཁུར་པོ་སྟོད་བསིག་བྱས་ནས་ཚོམ་མེ་ཡུད་ཙམ་རེད་སྡོད་པ་དེ་ལ་ཤ་བོ་ངལ་ཟེར་བ་ཡིན། ཞེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པ》ལས། ཡུན་རིང་ཅིག་འཁྱམས་འཁྱམས་ནས། ད་རེས་དལ་འབྱོར་ཐོབ་པ་འདི་ཡང་ཤ་བོ་ངལ་གྱི་ཚོད་ཙམ་ཡིན་ཏེ། ཞེས་པ་ལྟ་བུའོ། །བོ་ངལ་གྱི་ཚོད་ཙམ་ཡིན་ཏེ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3276  + (ཁུར་བའི་དོན་ལ་འཇུག་པ་ཡོད་དེ། 《འདུལ་བ་ལུང་རཁུར་བའི་དོན་ལ་འཇུག་པ་ཡོད་དེ། 《འདུལ་བ་ལུང་རྣམ་འབྱེད》ལས། དེ་དག་ལྔ་ཅར་གྱི་ལྷུང་བཟེད་དང་། གོས་དག་གཅིག་གིས་བསྐུར་ནས། མི་བཞིས་བལ་གཅིག་ཉིད་ཐག་པ་བཀལ་ཏེ་ཁུར་པོ་ཆེ་བ་བཞི་དྲངས་ནས། དེ་དག་གིས་དེ་ཁུར་ཏེ་དོང་ངོ་། །ཞེས་དང་། 《འདུལ་བ་ལུང་གཞི》ལས། བཟང་མོ་རྟེའུ་བཟང་པོ་ཞིག་སྟེ། ཁོ་བོས་ཕྱིན་ཆད་ས་བསྐུར་དགོས་པར་མི་འགྱུར་རོ། །ཞེས་པ་ལྷ་བུའོ། །ྐུར་དགོས་པར་མི་འགྱུར་རོ། །ཞེས་པ་ལྷ་བུའོ། །)
  • Dictionaries/Brda dkrol gser gyi me long/2801  + (ཁུར་བའི་ཟས་ཀྱི་མིང་སྟེ། 《དབྱངས་ཅན་དགའ་བློཁུར་བའི་ཟས་ཀྱི་མིང་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། བག་ཆོས་ནི་ཁུར་བའི་མིང་སྟེ། 《འདུལ་བ་ལུང་གཞི》ལས། ཁུར་བ་ཞེས་བྱ་བ་ནི་བག་ཆོས་རྣམས་སོ་ཞེས་གསུངས་ངོ་། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་གཞི》ལས། ཐུག་པ་དང་འབྲིམ་པ་དང་། བག་ཆོས་འབྲིམ་པ་དང་། ཕྲན་ཚེགས་འབྲིམ་པ་དང་། མངག་གཞུག་པ་དང་། མཛེས་འཆོས་པ་ཡང་དེ་བཞིན་ཏེ། ཞེས་པ་ལྟ་བུའོ།།ཛེས་འཆོས་པ་ཡང་དེ་བཞིན་ཏེ། ཞེས་པ་ལྟ་བུའོ།།)
  • Dictionaries/Le shing gur khang/400  + (ཁེ་ཆུང་བ།)
  • Dictionaries/Brda dkrol gser gyi me long/542  + (ཁེ་ཆུང་བའི་དོན་ཏེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། གནོག་ཆུང་ནི་ཁེ་ཆུང་། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/3451  + (ཁེ་ཕན་ཡོད་པའི་དོན་ཏེ། 《མར་པ་ལོ་ཙཱའི་རྣམ་ཐར》ལས། བསྐོར་ཁང་བྲག་ལ་བརྐོ་བ་ལ། བོད་འབངས་རྣམས་ཀྱིས་ལེགས་པར་བརྐོས་ཏེ། ཚྭ་ལ་དྲུག་ཅུ་བེད་ཡོད་པའི་སྐབས་སུ། བྲག་ཕྱེ་བྲེ་རེ་ཕེད་པ་ལ། རྒྱལ་པོས་ཚྭ་བྲེ་རེ་བརྔན་པར་བྱིན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7426  + (ཁེ་སྤོགས་བླངས་པ་དང་། མང་ཉོ་དཀོན་འཚོང་སོགས་ལ་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྤོགས་བགྱིད་པ་ནི་ཚོང་ལ་ཁེ།། ཐོབ་ན་རྒྱག་ཅིང་མ་ཐོབ་ན།། མི་རྒྱག་པ་ཡི་དོན་དང་ནི།། མང་ཉོ་དཀོན་འཚོང་ལ་ཡང་འཇུག། ཅེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/1007  + (ཁེངས་དྲེགས་ཀྱི་ལུས་ཀྱི་རྣམ་འགྱུར་གྱི་མིང་སྟེ། 《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། གྱད་གྱིད་ནི་ཁེངས་དྲེགས་ཀྱི་ལུས་ཀྱི་རྣམ་འགྱུར། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1293  + (ཁེངས་དྲེགས་བཙན་པའི་གནས་ནས་དམའ་སར་འབེབས་པའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཆམས་ཀྱིས་བརྡལ་བ་ནི་ཁེངས་དྲེགས་བཙན་པའི་གནས་ནས་དམའ་སར་འབེབས་པའོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/bod rgya nang don rig pai tshig mdzod/1841  + (ཁེངས་པ་དང་དྲེགས་པ་སྟེ། རང་ཉིད་ཁྱད་དུ་འཕགས་པར་རློམ་ཞིང་། གཞན་ལ་མ་གུས་པ་དང་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པ་རྩ་ཉོན་དྲུག་གི་ནང་གསེས་ཤིག)
  • Dictionaries/Brda dkrol gser gyi me long/405  + (ཁེངས་པ་དང་བཤད་པ། བཅོལ་བ། བལྟམས་པ་སོགས་དུ་མཁེངས་པ་དང་བཤད་པ། བཅོལ་བ། བལྟམས་པ་སོགས་དུ་མར་འཇུག་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། གཏམས་པ་ཁེངས་པའམ་གང་བ་དང་།། བཤད་པ་དང་ནི་བསྟན་པ་དང་།། བཅོལ་བ་དང་ནི་བལྟམས་པ་དང་།། སྐྱེས་པ་དང་ནི་འཁྲུངས་པའོ།། ཞེས་གསུངས་སོ།། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། དེས་མ་ལ་འདི་རེ་ཤིག་ཞོག་ཤིག་ཁྲུས་བྱས་ཏེ་འོང་ངོ་ཞེས་གཏམས་སོ།། དེས་གཏམས་ནས་ཁྲུས་བྱེད་དུ་སོང་ངོ་།། ཞེས་པ་ལྟ་བུའོ།།་ནས་ཁྲུས་བྱེད་དུ་སོང་ངོ་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4889  + (ཁེངས་པ་བཏང་བའི་མིང་སྟེ། 《བརྡ་གསར་རྙིང་གི་བཁེངས་པ་བཏང་བའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། འཇལ་པ་འཇུམས་པ་ཞེས་པ་ནི།། ཁེངས་པ་བཏང་བའི་མིང་ཡིན་ལ།། ཞེས་གསུངས་པ་དང་། གཞན་ཡང་། ཤ་འཇུམས་པ་ནི་ཤ་རིད་པ་དང་། སེམས་འཇུམས་པ་ནི་སེམས་ཞུམ་པའམ་དམན་པར་བྱེད་པའི་དོན་ལ་འཇུག་པ་སོགས་སྐབས་ཐོབ་ཀྱིས་གོ་དགོས་པར་སྣང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། ཤ་དང་སེམས་སོགས་འཇུམས་པ་ཤ་རིད་པའམ་ཞུམ་པའམ་དམན་པར་བྱེད་པ། ཞེས་བྱུང་བ་ལྟར་རོ།།ཞུམ་པའམ་དམན་པར་བྱེད་པ། ཞེས་བྱུང་བ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/4864  + (ཁེངས་པ་བཏང་བའི་མིང་སྟེ།《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། འཇལ་པ་འཇུམས་པ་ཞེས་པ་ནི།། ཁེངས་པ་བཏང་བའི་མིང་ཡིན་ལ། ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Le shing gur khang/453  + (ཁེངས་པ་སྟེ་ལྟ་བ་མཐོ་བའི་དོན།)
  • Dictionaries/Brda dkrol gser gyi me long/2534  + (ཁེངས་པའམ་ལྟ་བ་མཐོ་བའི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཕོ་ཐིག་དང་ནི་ཕོ་ཆེ་བ། ཁེངས་པའམ་ལྟ་བ་མཐོ་བའི་མིང་། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5829  + (ཁེངས་པའམ་སྙིང་རིང་བས་འཁྱོག་པོར་བྱས་པའི་དོནཁེངས་པའམ་སྙིང་རིང་བས་འཁྱོག་པོར་བྱས་པའི་དོན་ཏེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། རྒྱང་ངེ་ཅོག་གེ་བ་ནི་ཁེངས་ཤིང་འཁྱོག་པོར་བྱས་པའམ་སྙིང་རིང་འཁྱོག་པ་ཞེས་པའོ། །ཞེས་གསུངས། 《དཔེ་ཆོས་སྤུངས་པ》ལས། སློབ་དཔོན་འདི་རང་ལ་ཤེས་ཚོད་དམ་གོ་ཚོད་ཅི་ཚོད་ཅིག་འདུག་ལྟ་བུའོ། །སྙམ་དུ་ཤེས་པ་རྒྱང་ངེ་ཅོག་གེ་བས་ཆོས་མཉན་དུ་མི་རུང་བས། ཡིད་མ་གུས་པའི་སྐྱོན་དེ་དག་སྤོངས། ཞེས་པ་ལྟ་བུའོ། །@0116《》ྐྱོན་དེ་དག་སྤོངས། ཞེས་པ་ལྟ་བུའོ། །@0116《》)
  • Dictionaries/Brda dkrol gser gyi me long/5565  + (ཁེབས་ཀྱིས་ཁེབས་པའམ་ཐལ་བས་གཡོགས་པའི་མེའི་མིཁེབས་ཀྱིས་ཁེབས་པའམ་ཐལ་བས་གཡོགས་པའི་མེའི་མིང་སྟེ། 《ལམ་ཡིག་ཆོས་ཀྱི་འབྱུང་གནས》ལས། བལ་པོ་ཧ་སུ་ཡང་པཎྜི་ཏ་རི་རྒྱལ་ཙམ་པ་ཡིན། འོ་ན་ཡང་མགོན་པོ་ཨ་ཏི་ཤ་དང་གཉིས་ཉི་མའི་འོད་དང་ནམ་ཕྱེད་ཀྱི་མེ་ཡོག་གི་མེའི་ཚོད་ཙམ་ཡིན། མཁས་པ་འདིའི་ཕྱོགས་སུ་ངའི་མིང་པོ་གསེར་གྱི་རི་རབ་འདྲ་བ་ཅིག་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངན། ཞེས་པ་ལྟ་བུའོ། །་སེམས་མི་ཁྲལ། མྱ་མི་ངན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2208  + (ཁེར་ཆད་དམ། ཁེར་རྐྱང་གི་དོན་ཏེ།《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》ལས། དཔོན་གསུམ་པ་ཁ་ཡམ་མེ་འབར་གྱིས། རྒྱ་བོད་དོས་ཆད་ཀྱི་འཁྲུག་པ་བྱུང་བའི་དུས་སུ། ཚོང་དུས་ལོ་ཙཱའི་ཚུལ་དུ་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5105  + (ཁེར་རྒྱུག་གམ་མི་གཞན་གྱི་ཁ་རུ་རྒྱུག་པའི་མིངཁེར་རྒྱུག་གམ་མི་གཞན་གྱི་ཁ་རུ་རྒྱུག་པའི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། འབའ་རྒྱུག་ནི་འབའ་ཞིག་གམ་ཁོ་ནར་རྒྱུག་པ། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། དཔའ་བོ་རྒྱལ་སྐྱེ་ལྟ་བུའི་ཕྱིར་འབའ་རྒྱུག་བྱས་པས་མི་འོང་། སྡེ་སྣོད་ཀྱི་ཆོས་སྤྱི་དང་འགལ་ལམ་མི་འགལ་བལྟ་དགོས་པ་ཡིན། ཞེས་དང་། 《ལེགས་བཤད་ནོར་བུའི་བང་མཛོད》ལས། བོད་འདི་འབའ་ལ་རྒྱུག་པ་ཡིན་ཏེ་ལུག་ལ་གཡས་དང་ཡང་ན་གཡོན་ནས་འབའ་ཟེར་ན་དེ་ངོས་སུ་ཁ་བལྟས་ནས་འབའ་ཟེར། ཞེས་པ་ལྟ་བུའོ། །ོས་སུ་ཁ་བལྟས་ནས་འབའ་ཟེར། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1457  + (ཁོ་ན་ཞེས་པའི་དོན་ཏེ།《དག་ཡིག་ལེགས་བཤད་ཚིག་གཏེར》ལས། ཉག་སྐྱག་ནི་ཁོ་ན། ཞེས་གསུངས། དཔེར་ན། གནང་ཆང་བསྐྱལ་ཆོག་པ་ཞིག་ཉག་སྐྱག་བཏང་དགོས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5179  + (ཁོ་བོའམ་ངེད་ཅག་ཅེས་པའི་དོན་ཏེ། 《རྡོ་རིང་པཁོ་བོའམ་ངེད་ཅག་ཅེས་པའི་དོན་ཏེ། 《རྡོ་རིང་པཎྜི་ཏའི་རྣམ་ཐར》ལས། ཕ་ཙན་དན་གྱི་སྡོང་པོའི་ཤུལ་དུ་བུ་ཆུ་ཤིང་འམ་བུ་ཁོ་བོ་ལྟ་བུ་སྐྱེས་ནས་གླང་ཁལ་བེའུས་འཁུར་ཞིང་། བྱ་རེས་བྱེའུར་བབས་ཀྱང་ཅོ་ཀས་ནམ་ཚོད་འཛིན་ཁུལ་གྱི་ཐོག་ནས་རྣམ་དཀར་རྒྱུན་འཛུགས་རྣམས་ལོ་ལོ་ཇེ་འཕེལ་དུ་གཏོང་ཅི་ལ་ཐུབ་རུང་། ཞེས་པ་ལྟ་བུའོ། །ལ་དུ་གཏོང་ཅི་ལ་ཐུབ་རུང་། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/232  + (ཁོ་རེ་ཞེས་པའི་འབོད་སྒྲ་སྟེ། 《བཀའ་ཆེམས་དེབ་ཐེར》ལས། ངེད་རང་གཉིས་དགོས་མཐུན་ཡིན་ན་ཡང་། ཁོ་ཡིས་ང་ལ་ཁོ་དེ་ཟེར་བས། ངས་མོ་དེ་བྱས་པས། ཁོས་ང་བདས་པ། ཞེས་པ་ལྟ་བུའོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1598  + (ཁོག་པ་དང་། མགྲིན་པ། རྐན། ལྕེ། སྣ། སོ། སྤྱི་བོ། མཆུ་རྣམས་སོ།)
  • Dictionaries/Brda dkrol gser gyi me long/3051  + (ཁོག་པ་འཁྲུ་བའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། བརྙང་བ་ནི་འཁྲུ་བ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/4185  + (ཁོག་པར་ཟས་ཟོས་པ་སླར་བཟློག་པའི་མིང་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། མིད་པ་གཉིས་པ་ལ་སྒྲེགས་ནི། ཁོག་པར་ཟས་ཟོས་པ་བཟློག་པ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/bod rgya nang don rig pai tshig mdzod/794  + (ཁོང་ཁྲོ་གཅོག་པ།)
  • Dictionaries/bod rgya nang don rig pai tshig mdzod/6937  + (ཁོང་ཁྲོ་དང་ཚིག་པ། མིང་གི་རྣམ་གྲངས་ལ་ཁོང་ཁྲོ་དང་། ཁྲོ་བ། འཁོན། འཁོན་འཛིན། འཁྲུག་པ། འགྲས་གཞི། གཏུམ་པོ། གདུག་སེམས། སྡང་བ། སྡང་སེམས། མནར་སེམས། རྣམ་པར་སྡང་། སྣ་ཐུང་བ། བརྣག་པ། མ་རུངས་པ། མི་བཟོད་སེམས། མིག་རུས་མནན། ཚིག་ཟ། ཞེ་བརྣག བརླང་པོའི་སེམས་བཅས་སོ། །)
  • Dictionaries/Brda dkrol gser gyi me long/68  + (ཁོང་ཁྲོ་བའམ་ཁྲོ་བའི་མིང་སྟེ། 《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། ཞེས་ཁམ་པ། ཁམ་ཤིང་། སྤྲོ་ཐུང་བ། ཀོན་པ། འཁུ་བ་ལྔ་ནི་ཁོང་ཁྲོ་བའམ། ཁྲོ་བའི་མིང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4181  + (ཁོང་ཁྲོ་བའམ་ཞེས་སྡང་བའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། མིག་རུས་མནན་དང་བརླང་པོའི་སེམས། ། ཁོང་ཁྲོ་ཞེ་སྡང་བ་ཡི་མིང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sngas rgyas chos gzhung tshig mdzod/1042  + (ཁོང་ཁྲོ་བའི་ཆར་གཏོགས་པ་གནོད་པའི་བསམ་པ་རྒྱུན་མི་གཏོང་ཞིང་མི་བཟོད་པར་བྱེད་པ། ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག)
  • Dictionaries/Brda dkrol gser gyi me long/182  + (ཁོང་ཁྲོ་བའི་དོན་ཏེ། 《བཀའ་ཆེམས་དེབ་ཐེར》ལས། ང་ཁོང་གཉིས་ཀྱི་གྲལ་གཞུག་བསྡད་པ་ཅིག་བྱས་བྱུང་། དེར་རང་རེ་ཡང་ཁམས་འདུས་ཞེ་སྡང་སྐྱེས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7389  + (ཁོང་ཁྲོ་ལངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། སྤུ་ལངས་པ་ནི་ཁོང་ཁྲོ་ལངས་པའོ།། ཞེས་གསུངས། དཔེར་ན། 《འདུལ་བ་གཞུང་དམ་པ》ལས། སྤུ་ལངས་ཤིང་རབ་ཏུ་ལངས་པ་ལས་དགེ་འདུན་ལ་སྤུ་ཉལ་བར་བྱེད་པ་བྱུང་བར་སྩལ། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/4683  + (ཁོང་ཁྲོ་སྤངས་པ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/4578  + (ཁོང་ཁྲོའམ་ཁྲོ་བའི་མིང་སྟེ། 《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། ཞེ་ཁམ་པ། ཁམ་ཤིས། སྤྲོ་ཐུང་བ། ཀོན་པ། འཁུ་བ་ལྔ་ནི་ཁོང་ཁྲོ་བའམ། ཁྲོ་བའི་མིང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sngas rgyas chos gzhung tshig mdzod/9888  + (ཁོང་ཁྲོའི་གཉེན་པོ་བཟོད་པ་བསྒོམ་པར་བྱ་བ་དང་སྒོམས་ཤིག)
  • Dictionaries/sngas rgyas chos gzhung tshig mdzod/7353  + (ཁོང་ཁྲོའི་ཆར་གཏོགས་པ། རང་རྙེད་བཀུར་སོགས་ལ་ཆགས་ནས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུག་པ་ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག)
  • Dictionaries/Brda dkrol gser gyi me long/4547  + (ཁོང་ཁྲོའི་མིང་སྟེ། 《དག་ཡིག་ལེགས་བཤད་ཚིག་གཏེར》ལས། ཞི་བཞག་ནི་ཁོང་ཁྲོ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sngas rgyas chos gzhung tshig mdzod/1227  + (ཁོང་ཁྲོའི་སེམས་རྒོད་དམ་ཚིག་པ་ཟ་བའི་རྐྱེན་གྱིས་སེམས་གཡེང་བ།)
  • Dictionaries/Brda dkrol gser gyi me long/238  + (ཁོང་དུ་གཏོང་བའི་སྨན་ཏེ། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། ལན་ཚ་སྣ་ཚོགས་དང་ཤིང་ཐོག དངར་རོ་འཚལ་དང་ཁོང་རྩིར་ཐོངས་ཤིག ཅེས་པ་ལྟ་བུའོ། །)
  • Dictionaries/Le shing gur khang/576  + (ཁོང་དུ་ཆུད་པ།)
  • Dictionaries/Brda dkrol gser gyi me long/5282  + (ཁོང་དུ་ཆུད་པའི་དོན་ཏེ། 《དྲན་པ་བཀའ་ཐང》ལས། དང་པོ་ནམ་མཁའ་ལྟ་བུ་དེ་ཉིད་ཀྱིས། ། སྣང་སྲིད་འཁོར་འདས་ཁྱབ་བདལ་འུབ་ཏུ་ཆུབ། ། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4239  + (ཁོང་དུ་ཆུད་པའི་དོན་ཏེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། མོང་དུ་ཆབ་ཀྱི་མཆན་དུ་ཁོང་དུ་ཆུད། ཅེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4243  + (ཁོང་དུ་ཆུད་པའི་དོན་ཏེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག 》ལས། ཀུན་ཁྱབ་ཁུམས་པ་མོངས་སུ་ཆུད། ། ཚིག་དོན་ཁོང་དུ་ཆུད་པའི་མིང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4238  + (ཁོང་དུ་ཆུད་པའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། མོང་དུ་ཆུད་པ་ནི་ཁོང་དུ་ཆུད་པ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/chos rnam kun btus/11293  + (ཁོང་ནད་ཀྱི་དབྱེ་བ་ལ་མ་ཞུ་བ་གཅོང་གི་རྒྱུ་དངཁོང་ནད་ཀྱི་དབྱེ་བ་ལ་མ་ཞུ་བ་གཅོང་གི་རྒྱུ་དང་། འབྲས་བུ་གཅོང་ནད་གཉིས་སོ། ། དེ་ལས།</br>1.ཁོང་ནད་ཀྱི་དབྱེ་བ་ལ་མ་ཞུ་བ་གཅོང་གི་རྒྱུ་ལ་ངོ་བོ་དང་། རིགས་དང་། གྲོགས་དང་། དུས་ཀྱིས་མ་ཞུ་བ་བཞིའོ། །</br>2.འབྲས་བུ་གཅོང་ནད་ལ་དབྱེ་བ་གསར་རྙིང་གཉིས་ལས། ལས།</br>(1)གསར་པ་ལ། </br>[1]བད་ཀན་སྐྱ་བོ་སྟེ། ལྷན། ལྕགས་དྲེག མེ་དྲོད་ཉམས་པ། མགུལ་འགགས། གྲུམ་བུ་དཀར་པོ། འཇུ་སྐེམས་དང་དྲུག་གོ། །</br>[2]བད་ཀན་སྨུག་པོ་སྟེ། བྱེར་བ། རྒྱས་པ། གྱེན་དུ་རྡོལ་བ། ཐུར་དུ་རལ་བ། འགྱིངས་པ། སྐྲན་དུ་འདྲིལ་བ། གབ་པ། འཐབ་པ། འོར་དུ་ལྷུང་བ། གྲང་བ་ལྷིང་ཆད་པ་དང་བཅུའོ། །</br>[3]མཁྲིས་པའི་ནད་དེ། ཁ་ལུད། རྩར་རྒྱུག གནས་གྱུར་དང་གསུམ་མོ། །</br>[4]དུག་གཅོང་ལ། ཚ་སྦྱོར། གྲང་སྦྱོར་དང་གཉིས་སོ། །</br>(2)རྙིང་པ་ལ་ལྔ་སྟེ།</br>[1]སྐྲན་ཏེ། ཁྲག་སྐྲུན། མཁྲིས་སྐྲུན། ལྷུན་སྐྲན། རྡོའི་སྐྲན། རླུང་སྐྲུན། སྲིན་སྐྲན། རྩ་སྐྲུན། ཆུའི་སྐྲན་དང་བརྒྱད་དོ། །</br>[2]དམུ་ཆུ་སྟེ། བྱེར་ཆུ། ཟགས་ཆུ། འཁྱིམས་ཆུ། རྡོལ་ཆུ་དང་བཞིའོ། །</br>[3]འོར་སྟེ། ཚ་བའི་འོར། གྲང་བའི་འོར་དང་གཉིས་སོ། །</br>[4]སྐྱ་ཆབ་སྟེ། གློ་བ་སྐྱ་རླབ། སྙིང་གི་སྐྱ་རྦབ། མཆིན་པ་སྐྱ་རྦབ། མཆེར་པ་སྐྱ་རྦབ། ཆུ་སེར་སྐྱ་རྦབ་དང་ལྔའོ། །</br>[5]གཅོང་ཆེན་ཟད་བྱེད་དེ། རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། གཅོང་ཆེན་བླ་གཉན་དང་བཞི་བཅས་སོ། །ས་གྱུར་པ། གཅོང་ཆེན་བླ་གཉན་དང་བཞི་བཅས་སོ། །)
  • Dictionaries/Brda dkrol gser gyi me long/234  + (ཁོང་ཚོ་ཞེས་པའི་དོན་ཏེ། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། ཞང་ལོན་ཆེན་པོ་དང་། ཁོང་ཏའི་མྱེས་པོ་དང་ཕ་དང་འདི་རྣམས་ནང་གཅིག་གིས། ཞེས་པ་ལྟ་བུའོ། །)
  • Dictionaries/Le shing gur khang/59  + (ཁོང་འབྱིན།)
  • Dictionaries/Le shing gur khang/18  + (ཁོང་ཡངས་པ།)
  • Dictionaries/Brda dkrol gser gyi me long/898  + (ཁོང་སྟོང་གི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། གསོང་ལྡོང་ཞེས་པ་ཁོང་སྟོང་སྟེ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། བཙོག་པ་གང་བའི་རྐྱལ་པ་ཁྱོད། ། གསོང་ལྡོང་ཕོལ་མིག་ངལ་སྐྱེན་འདྲ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2850  + (ཁོད་སྙོམས་པའམ་ཆལ་མར་གདལ་བའི་མིང་སྟེ། 《དག་ཡིག་མཁས་པའི་འབྱུང་གནས》ལས། བསྲོ་ཁང་གི་དཀྱིལ་དུ་སྐར་ཁུང་དྲ་བ་ཅན་བྱ་བ། འོག་ཏུ་སོ་ཕག་གི་བཅལ་བཀྲམ་པ། ཞེས་པ་ལྟ་བུའོ།།)