Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "གཟའ་མིག་དམར་དང་། ལྷག་པ། ཕུར་བུ། པ་སངས། སྤེན་པ་བཅས་ལྔས་ཉིན་ཞག་ལ་སྤྱོད་ཚུལ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1285  + (《སྐྱེས་རབས་སོ་བཞི་བ་》དང་《ཆེད་དུ་བརྗོད་པའི་《སྐྱེས་རབས་སོ་བཞི་བ་》དང་《ཆེད་དུ་བརྗོད་པའི་ཚོམས་》ནི་དད་པའི་གཞུང་། 《བསླབ་བཏུས་》དང་《སྤྱོད་འཇུག་》ནི་སྤྱོད་པའི་གཞུང་།《བྱང་ས་》དང་《མདོ་སྡེ་རྒྱན་》ནི་ཏིང་ངེ་འཛིན་གྱི་གཞུང་བཅས་ཏེ། སྐྱེས་ཚོམས་གཉིས། བསླབ་སྤྱོད་གཉིས། ས་རྒྱན་གཉིས་བཅས་གཞུང་དྲུག་དང་སྦྱར་ནས་སློབ་ཁྲིད་གནང་སྲོལ་ཡོད་པས་མིང་དེ་ལྟར་བཏགས་པ་ཡིན།ྲིད་གནང་སྲོལ་ཡོད་པས་མིང་དེ་ལྟར་བཏགས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/1591  + ((1)ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་གི་དགེ་འདུན་(1)ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་གི་དགེ་འདུན་ལས་གདམས་ངག་ནོད་པ། (2)དགེ་སློང་གི་དགེ་འདུན་མེད་པའི་ས་ཕྱོགས་སུ་དབྱར་གནས་ཁས་མི་ལེན་པ། (3)དགག་དབྱེ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་བྱེད་པ། (4)དགེ་སློང་མས་མཁན་པོ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་གསོལ་ན་འདེབས་སུ་གཞུག་པ། (5)དགེ་སློང་གསར་བུ་ལ་ཡང་ཕྱག་འཚལ་བ། (6)དགེ་སློང་ལ་ཅོ་འདྲི་བ་མི་བྱེད་པ། (7)དགེ་སློང་ལ་ལྟུང་བ་གླེང་དྲན་མི་བྱེད་པ། (8)མགུ་བ་སྤྱོད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་སྤྱོད་པ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།སྤྱོད་པ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/2824  + ((2)ཁང་པ་གྲུ་བཞིའི་མིང་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བགོ་རེ་སྤེན་བད་དམ་ཁང་པ་གྲུ་བཞིའི་མིང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7889  + ((2)ཉམ་ཐག་པའམ་སྙིང་རྗེའི་ཉམས་སོགས་ལ་འཇུག་སྟ(2)ཉམ་ཐག་པའམ་སྙིང་རྗེའི་ཉམས་སོགས་ལ་འཇུག་སྟེ།《བློ་སྦྱོང་བརྡ་དོན》ལས། ཨ་ཙ་མ་ནི་ངོ་མཚར་བ་དང་ཉམ་ཐག་པ་སོགས་ལ་འཇུག་སྟེ་ཡུལ་སྐད་འགར་ཨ་ཙེ་ཙེ་ཟེར་བ་དང་འདྲའོ།། ཞེས་དང་།《བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང་》ལས། ཨ་ཙ་མ་ནི་སྙིང་རྗེའི་ཉམས།། ཞེས་གསུངས། དཔེར་ན།《རྒྱལ་རབས་གསལ་བའི་མེ་ལོང》ལས། ལྷ་ལུང་དཔལ་གྱི་རྡོ་རྗེ་བཙན་པོ་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྒྱལ་པོས་ལོག་སྤྱོད་ཚན་ཆེན་པོ་ད་རུང་སྤྱད་ནས་ངན་སོང་གསུམ་དུ་སྐྱེས་ཏེ་བསྐལ་པ་གྲངས་མེད་པར་འཁོར་བར་འཁྱམས་པ་ཨ་ཙ་མ་སྙམ་སྟེ། ཞེས་པ་ལྟ་བུའོ།།ར་འཁྱམས་པ་ཨ་ཙ་མ་སྙམ་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2653  + ((2)དར་ཡོལ་ལམ་རྒས་པའི་མིང་སྟེ། 《བོད་ཀྱི་བརྡ(2)དར་ཡོལ་ལམ་རྒས་པའི་མིང་སྟེ། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ཕྱིད་དེ་དར་ཡོལ་རྒན། ཞེས་གསུངས། དཔེར་ན། 《སྡོམ་པ་གསུམ་གྱི་གཏམ་རྒྱུད་ངོ་མཚར་ནོར་བུའི་ཕྲེང་བ》ལས། རང་ཉིད་ལ་མེད་པའི་ལོངས་སྤྱོད་དག་ནི་ཡང་དང་ཡང་དུ་ཡིད་སྨོན་བྱེད་ཅིང་བསྒྱགས་ནས་དེ་ཉིད་ནམ་བྱུང་བ་ན་ལེན་པ་ཙམ་གྱིས་མི་ཚེ་ཕྱིད་པར་བྱེད་པ། ཞེས་པ་ལྟ་བུའོ།།གྱིས་མི་ཚེ་ཕྱིད་པར་བྱེད་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6250  + ((2)ཕུན་ཚོགས་སྡེ་བཞི་ཡོངས་སུ་རྫོགས་པར་ལོངས་སྤྱོད་པའི་དོན་ཏེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། རྫོགས་ལྡན་དུས་ནི་འཛམ་གླིང་མི་རྣམས་ཀྱི་ཆོས་དང་། ནོར། འདོད་པ། བདེ་བ་བཞི་ཡོངས་སུ་རྫོགས་པར་ལོངས་སྤྱོད་པའི་དུས་ཏེ། ཞེས་བྱུང་།)
  • Dictionaries/Brda dkrol gser gyi me long/2858  + ((2)ཕྱིར་བཏོན་པའམ་སྤང་བའི་དོན་ལ་འཇུག་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། ཕྱིར་ཕྱི་རོལ་ཏུ་བཅིལ་བ་བཏོན་པའམ་སྤང་པའམ་བསམ་བ། ཞེས་གསུངས། དཔེར་ན། 《བཀའ་གདམས་བུ་ཆོས》ལས། དབང་པོའི་སྒོ་ལྔ་ཆགས་སྡང་གི་སྤྱོད་པ་ཅུང་ཟད་ཙམ་ཡང་ཕྱིར་བཅིལ་ཏེ་བསྡམས་སོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7631  + ((2)བཙོག་པའི་མིང་སྟེ། 《སྡེ་དགེའི་པར་མ་བཀའ་འགྱུར་དཀར་ཆག》ལས། དངོས་འཛིན་གྱི་སྤྱོད་པ་གཙང་སྨེའི་རྟོག་པ་སོགས་ཏེ། དེ་རྣམས་ལས་བཟློག་པའི་སྤྱོད་པ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4040  + ((2)བསམ་པ་ལ་འཇུག་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། མནོས་པ་ནི་ཐོབ་ཟིན་པ་དང་བླངས་པ་དང་བསམ་པ་ལ་འཇུག་གོ། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། དེ་བས་སེམས་ཁྱོད་བརྟན་པར་མནོས།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1106  + ((2)མཐིལ་ལམ་ལྟོ་བར་བུ་ག་ཡོད་པའི་མིང་སྟེ། 《སྤྱོད་འཇུག》ལས། གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1997  + ((2)ཡིད་དཀྲུགས་པ་དང་བཟི་བ་དང་མཐོ་འཚམ་པ་སོགས(2)ཡིད་དཀྲུགས་པ་དང་བཟི་བ་དང་མཐོ་འཚམ་པ་སོགས་ལ་འཇུག་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། དབྱེན་སྤྱོ་བ་ནི་ཡིད་དཀྲུགས་པ་དང་བཟི་བ་དང་མཐོ་འཚམ་པ་སོགས་ལ་འཇུག ཅེས་གསུངས་པ་ལྟར་དང་། 《འདུལ་བའི་གླེང་འབུམ》ལས། ཉེ་སྡེ་ཁྱོད་ཀྱི་བུ་བམ་ཆུང་མ་འདི་ཉོན་མོངས་པས་ཤིན་ཏུ་དབྱེན་སྤྱོ་བར་གྱུར་པས་ངེས་པར་རིགས་གཉིས་ཀ་ལ་མི་སྙན་པ་འབྱུང་བས། ཁྱེད་འདི་དང་ལྷན་ཅིག་སྤྱོད་ན་ལེགས། ཞེས་པ་ལྟ་བུའོ། །དང་ལྷན་ཅིག་སྤྱོད་ན་ལེགས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5738  + ((2)རྣམ་པ་མང་པོའམ་ལན་གྲངས་དུ་མའི་དོན་ལ་འཇུག(2)རྣམ་པ་མང་པོའམ་ལན་གྲངས་དུ་མའི་དོན་ལ་འཇུག་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། རེ་ལྟ་ཞིག་ནི་མཆན་དུ་ཡུན་རིང་ཞིག་ཅེས་གསུངས། བུ་ཊཱིཀ་ལས། རེ་ལྟ་ཞིག་སྟེ་རྣམ་པ་མང་པོའམ་ལན་གྲངས་དུ་མར་ཞེས་འབྱུང་ངོ་། ། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། དེ་ལྟར་ཁྱོད་ཀྱི་རེ་ལྟ་ཞིག ། ཁོ་བོ་བྱིན་པས་ཡུན་རིང་སྡུག ། ཅེས་པ་ལྟ་བུའོ། །ོ་བྱིན་པས་ཡུན་རིང་སྡུག ། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7621  + ((2)རྨས་པའི་དོན་ལ་འཇུག་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། རྡོ་དབྱུག་མཚོན་གྱིས་རྨས་པ་དང་། ། ལ་ལར་སྨས་པ་ཞེས་ཀྱང་གསུངས། ཞེས་གསུངས། དཔེར་ན། 《བསླབ་བཏུས》ལས། ཉེ་བར་འཁོར་ཇི་ལྟར་ཚངས་པར་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང་སྨས་པར་བྱེད་པ་དེ་ལྟ་བུ་ནི། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5987  + ((2)རློམ་པར་སྤྱོད་པའི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། རྡེན་མེད་པ་ནི་བཅོལ་པོར་རམ། ཡང་ན་རློམ་པར་སྤྱོད་པའི་མིང་། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/2954  + ((2)སྐྱེ་བའི་དོན་ཏེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། བཙའ་བ་འཚོ་བར་བྱེད་པའི་དོན། ། ཕྲུ་གུ་བཙའ་དང་མེ་བཙའ་དང་། ། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། ། སྦྲུམ་མའམ་གནོད་མེད་བཙའ་བར་ཤོག ། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3101  + ((2)སྐྲོད་པའམ་རྗེས་སུ་སྙེགས་པའི་དོན་ལའང་འཇུ(2)སྐྲོད་པའམ་རྗེས་སུ་སྙེགས་པའི་དོན་ལའང་འཇུག་སྟེ། དཔེར་ན། 《བཀའ་ཆེམས་ཀ་ཁོལ་མ》ལས། ད་དུང་ཡར་ལ་ལོག་ནས་བློན་པོ་ངན་པ་དེ་མ་ཟིན་པར་དེད་པ་དྲག་ཟེར་ནས། ཡར་ལ་ལོག་ནས་བརྡས་སོ།། ཞེས་དང་། 《སྤྱོད་འཇུག་འགྲེལ་པ》ལས། གཞན་བུ་སྨད་སོགས་དག་གི་ལས་ཀྱི་རླུང་གིས་དབང་མེད་དུ་བརྡས། ཞེས་པ་ལྟ་བུའོ།།་རླུང་གིས་དབང་མེད་དུ་བརྡས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7230  + ((2)སྟབས་ལེགས་པའི་དོན་ལ་འཇུག་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། སྟེས་སམ་སྟེས་དབང་སྟབས་ལེགས། ཞེས་གསུངས་པ་དང་། 《སྤྱོད་འཇུག་འགྲེལ་པ》ལས། དེ་བཞིན་ཇི་ཞིག་ལྟར་སྟེས་ནས།། བྱང་ཆུབ་སེམས་འདི་བདག་ལ་སྐྱེས།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7283  + ((2)སྡེ་པའི་གཙོ་བོའི་མིང་སྟེ།《དབྱངས་ཅན་དགའ་(2)སྡེ་པའི་གཙོ་བོའི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། སྣ་ཆེན་པོ་ནི་སྡེ་བའི་གཙོ་བོ་ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེའི་ཚེ་སྡིག་བྱུང་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། གྱད་རྣམས་ལ་ཅོད་པན་མེད་པའི་རྒྱལ་སྲིད་བྱེད་པ་ཞིག་འདུག་པ་དེས། ཞེས་པ་ལྟ་བུའོ།།ྲིད་བྱེད་པ་ཞིག་འདུག་པ་དེས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2199  + ((2)སྤྱོད་པ་ལོག་སྤྱོད་ཅན་གྱི་མིང་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། དོམ་ཆོལ་ནི་དགེ་སྡིག་ངོ་མི་ཤེས་པ། ཞེས་དང་། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། དོམ་ཆོལ་ནི་སྤྱོད་པ་ལོག་སྤྱོད། ཅེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/3712  + ((2)སླའི་ཞེས་པའི་དོན་ལ་འཇུག་པར་བཤད་པ་ཡོད་དེ(2)སླའི་ཞེས་པའི་དོན་ལ་འཇུག་པར་བཤད་པ་ཡོད་དེ། 《སྤྱོད་འཇུག་འགྲེལ་པ》ལས། བདག་ནི་དེ་ཉིད་ཤི་ཡང་བླའི། ། ལོག་འཚོས་ཡུན་རིང་གསོན་མི་རུང་། ། ཞེས་པའི་འགྲེལ་པར། དེས་ན་བདག་ནི་རྙེད་པ་མེད་པར་དེ་ཉིད་དུ་ཤི་ཡང་སླའི་གཞན་ལ་གནོད་པའི་སྒོ་ནས་ལོག་འཚོ་དང་ལྡན་ཞིང་ཡུན་རིང་དུ་གསོན་པ་ནི་མི་རུང་སྟེ། ཞེས་བྱུང་ངོ་། །་དུ་གསོན་པ་ནི་མི་རུང་སྟེ། ཞེས་བྱུང་ངོ་། །)
  • Dictionaries/Brda dkrol gser gyi me long/2955  + ((3)བསྟར་བའི་དོན་ལ་འཇུག་སྟེ། དཔེར་ན། 《བཀའ་བློན་རྟོགས་བརྗོད》ལས། ཅི་འབྱོར་ཡེ་ཤེས་ཀྱི་གཟིགས་པའི་ལམ་དུ་བཙའ་བ་སོགས་ཀྱི་སྐལ་བཟང་བྱས་པ་དོན་ལྡན་ལ་ལོངས་སྤྱོད། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2896  + ((5)ཐུབ་པ་སོགས་དུ་མར་འཇུག་སྟེ།《དཔེ་ཆོས་རིན་(5)ཐུབ་པ་སོགས་དུ་མར་འཇུག་སྟེ།《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ》ལས། སྤྱིར་བཏུབ་པ་ནི་ཆོག་པ་དང་། ནུས་པ་དང་། འགྲོ་བ་སོགས་མང་པོར་འཇུག་པས་སྐབས་ཐོབ་ལ་སྦྱར་ནས་ཤེས་དགོས་སོ།། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བཏུབ་ཅེས་པ་ནི་རུང་བའི་དོན། ཞེས་གསུངས། འགྲོ་བ་ལ་འཇུག་པ་ནི། དཔེར་ན།《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། ནུབ་མོ་ཤ་བས་ཞིང་རྣམས་ཟོས་པས་ནན་ཏར་འགྲངས་ནས་འགྲོ་མ་ཤེས་པར་ཉལ་ནས་འདུག་པ་ལ་བཙུན་པ་དེས་གོས་ཀྱི་ཐུ་བ་བརྒྱབ་པས་ཀྱང་འགྲོར་མ་ཉན་པས། ཁོ་ན་རེ། ཡུལ་བས་ཀྱི་ཤ་བ། སྐུ་སྤྱོད་འདི་དང་མ་བྲལ་ན། སྐུ་ཚེ་རིང་ལ་མ་རེ་ཅིག་བཙུན་པ་ང་ནི་བཏུབ་ཀྱི་ཟེར་ནས་སོང་ལོ། ཞེས་པ་ལྟ་བུའོ།། ཐུབ་པ་ལ་འཇུག་པ་ནི། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། པུ་གུར་སྡོད་ན། འདིས་དགེ་བཤིས་བཏུབ་པ་ཡིན། ཞེས་པ་ལྟ་བུའོ།། འདིས་དགེ་བཤིས་བཏུབ་པ་ཡིན། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/8926  + ((རྒྱ་)མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་བཞེད་སྲོལ་ཏེ། ཅིག་རིམ་གྱིས་མཆིའམ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རིམ་གྱི་སྤྱོད་པ་བ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/1374  + ((ལེགས་) བ་གླང་སྤྱོད་ཀྱི་དོན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8765  + ((ལེགས་)སྤྱོད་རྒྱུད། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/9920  + ("ལུགས་སོ་སོའི་མིང་། ཇོ་བོ་རྗེ་ཨ་ཏི་ཤའི་ལུག"ལུགས་སོ་སོའི་མིང་།</br>ཇོ་བོ་རྗེ་ཨ་ཏི་ཤའི་ལུགས།</br>ས་སྐྱ་པའི་ལུགས།</br>ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས</br>ཕུག་པའི་ལུགས</br>གཡུང་སྟོན་དང་སྟག་ལོའི་ལུགས</br>མཚུར་ཕུའི་ལུགས</br>རྩིས་ཀུན་བཏུས་པའི་རྒྱས་འགྲེལ་ལུཊ</br>བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས</br>ཊཱིཀ་ཆེན་དེ་ཉིད་སྣང་བའི་ལུཊ</br>རྗེ་རང་བྱུང་རྡོ་རྗེའི་གཏན་རྩིས་ལུཊཾ</br>གནས་བརྟེན་སྡེ་སྡེ་པའི་ལུགས"</br>"འཁྲུངས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་གླང 2216</br>ས་འབྲུག 2213</br>ཤིང་སྟག་1027</br>ལྕགས་སྤྲེལ 961</br>ཤིང་བྱི 957</br>ཤིང་བྱི 957</br>ཤིང་གླང 956</br>མེ་རྟ 915</br>མེ་རྟ 915</br>མེ་ཡོས 774</br>མེ་སྤྲེལ 625"</br>"སངས་རྒྱུས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ས་ཕོག 2182</br>ཆུ་སྟག 2179</br>མེ་ཕག་994</br>ཤིང་རྟ 927</br>ས་ཕག 922</br>ས་ཁྱི 923</br>ས་ཕག 922</br>ལྕཊ་སྦྲུལ 880</br>ཆུ་རྟ 879"</br>"མྱ་ངན་འདས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་སྤྲེལ 2137</br>ས་བྱི 2133</br>ཆུ་བྱ 948</br>ལྕཊ་འབྲུག 881</br>ཆུ་ལུག 878</br>ཆུ་ལུག 878</br>ཤིང་སྤྲེལ 877</br>མེ་སྟག 835</br>མེ་སྟག 835</br>མེ་ཁྱི 695</br>མེ་འབྲུག 545"</br>བསྟན་བཅོས་བཅུ་གཅིག</br>1. རྣལ་འབྱོར་སྤྱོད་པའི་ས།</br>2. གསུང་རབ་རབ་ཏུ་འབྱེད་པ།</br>3. མངོན་རྟོགས་རྒྱུན།</br>4. ཚད་མ་ཀུན་ལས་བཏུས་པ།</br>5. ས་བཅུ་པའི་རྣམ་བཤད།</br>6. དམིགས་བྱའི་རྐྱེན་བརྟག་པ།</br>7. ཉི་ཤུ་པ།</br>8. དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།</br>9. ཆོས་མངོན་པར་ཀུན་ལས་བཏུས་པ།</br>10. ཐེག་པ་ཆེན་པོ་བསྡུས་པ།</br>11. རྣལ་འབྱོར་བསྟན་པ་བཅས་སོ། །པོ་བསྡུས་པ། 11. རྣལ་འབྱོར་བསྟན་པ་བཅས་སོ། །)
  • Dictionaries/Brda dkrol gser gyi me long/4462  + ((1) གཏུམ་པོའམ་དྲེད་པོ་དང་བློ་ངན་གྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། ཛ་ལང་གཏུམ་པོའམ་དྲེད་པོ། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཛ་ལང་སྤྱོད་པ་རྩིང་བའམ། ། བློ་ངན་གྱི་ནི་མིང་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1400  + ((1) བརྟག་པ་དང་གང་འདྲའི་ཚིག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཇི་ཀ་ནི་བརྟག་པ། ཞེས་གསུངས་པ་དང་། 《སྤྱོད་འཇུག》ལས། འགྲོ་བ་ཐམས་ཅད་བསླུས་བྱས་ན།།། བདེ་འགྲོར་ཇི་ཀ་འགྲོ་འགྱུར་རམ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3115  + ((1) བསྡོ་བའམ་སྡུར་བ་དང་འགྲན་པའི་དོན་ཏེ།《སྤྱོད་འཇུག་འགྲེལ་པ》ལས། ཕྱིར་ལ་ཡོན་ཏན་ཅན་དུ་རློམ་པ་ཡིས། མཁས་པ་དག་ལ་བརྡོ་བར་འདོད་པ་ནི་མི་རིགས་པས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/681  + ((1) བྱ་བ་སྒྲིམ་ཞིང་མྱུར་བའམ་སྤྱོད་ལམ་དང་ཆ་ལུགས་མཛེས་པའི་དོན་ཏེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། གཟེ་བ་ནི་བྱ་བ་སྒྲིམ་ཞིང་མྱུར་བའམ་སྤྱོད་ལམ་དང་ཆ་ལུགས་མཛེས་པ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/3333  + ((1) བྱི་དོར་རམ་རྡུལ་ཕྱིས་པའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། བསྟར་བ་རྡུལ་ཕྱིས་པ་ཡི་མིང་།། ཞེས་གསུངས། དཔེར་ན། 《སྤྱོད་འཇུག་འགྲེལ་པ》ལས། ས་གཞི་བསྟར་བ་སྤོས་ཀྱིས་བྱགས་པ་དེར།། མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2161  + ((1) ཞི་ཞིང་དུལ་བ་དང་། རྒྱུད་འཇམ་པ་དང་། རང་བཞིན་བཟང་བའི་དོན་ཏེ།《འདུལ་བ་ལུང་རྣམ་འབྱེད》ལས། ཚངས་པ་མཚུངས་པར་སྤྱོད་པ་དེས་པ་དེས་པ་རྣམས་ཀྱི་མདུན་དུ་ང་ཉེ་དུར་བརྗོད་ཅིང་བདག་ཉིད་སྨྲ་བ་དང་། རྣམ་པར་སྨྲ་བར་བྱེད་དོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1246  + ((1) འགྲོ་བའི་བརྡ་རྙིང་སྟེ།《ལམ་རིམ་ཆེན་མོའི(1) འགྲོ་བའི་བརྡ་རྙིང་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཆ་བ་ནི་འགྲོ་བ་ཞེས་པའི་བརྡ་རྙིང་ངོ་།། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། ཐམས་ཅད་བོར་ཏེ་ཆ་དགོས་པར།། བདག་གིས་དེ་ལྟར་མ་ཤེས་པ།། ཞེས་པ་ལྟ་བུའོ།། གཞན་ཡང་། ཁྱིམ་ནས་འགྲོ་གྲབས་བྱེད་པའི་མིང་ཡིན་པར་བཤད་པ་ཡོད་དེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཆ་བ་དང་ནི་ཆས་པ་དག། ཁྱིམ་ནས་འགྲོ་གྲབས་བྱེད་པའི་མིང་།། ཞེས་གསུངས།ིམ་ནས་འགྲོ་གྲབས་བྱེད་པའི་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/6177  + ((1) འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྤྱོད་པ(1) འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྤྱོད་པ་རྩིང་པོའི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། རྩབ་ཧྲལ་འདོད་ཆགས་ཤིན་ཏུ་ཆེ་བ་དང་སྤྱོད་པ་རྩིང་པོ་དང་གོས་རྩབ་རལ་ལམ་གོས་ཧྲུལ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། འདི་དེའི་དྲུང་དུ་ཡང་དང་ཡང་དུ་སོང་ནས་བརྡ་བྱེད། དུས་འདེབས། མཚན་མ་སྟོན་པར་བྱེད་ཅིང་། འཕྱར་གཡེང་དང་། གཞོགས་སྟེགས་དང་། རྩབ་ཧྲལ་དག་ཀྱང་བྱེད་དོ། ཞེས་པ་ལྟ་བུའོ། ། རྩབ་ཧྲལ་དག་ཀྱང་བྱེད་དོ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/209  + ((1) རུང་བའམ་ཆོག་པ་ལ་འཇུག་སྟེ། 《རྒྱ་བོད་ཡིག་ཚང》ལས། ཕྱིར་མི་ལྡོག་པའི་བྱང་སེམས། ཐེག་ཆེན་ལ་སྤྱོད་པ་ཕལ་ཆེར་གནས་ཏེ། འདི་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཁུད་པ་ཡིན་ནོ། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4649  + ((1) རྩམ་ཕྱེ་སོགས་སོར་མོ་ལྔའི་རྗེས་དོད་ནུས་(1) རྩམ་ཕྱེ་སོགས་སོར་མོ་ལྔའི་རྗེས་དོད་ནུས་པའི་མིང་སྟེ། 《ལས་མཆོག་རྣམ་འབྱེད》ལས། སྐྱོ་མ་ནི་གཟར་བུ་གྱེན་དུ་བསྒྲེང་མི་ནུས་པའོ། ། ཟན་དྲོན་ནི་སོར་མོ་ལྔའི་རྗེས་དོད་ནུས་པའོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། སཱ་ལུའི་འབྲས་ཆན་གཙང་མ་དག ། ཤ་ཡིས་བརླན་པས་སྤྱད་བྱས་ནས། ། ཟན་དྲོན་ཁེངས་པ་སྤྱོད་བྱེད་པ། ། ཇི་ལྟ་ཡོངས་སུ་མི་གདུང་ངམ། ། ཞེས་པ་ལྟ་བུའོ། །ལྟ་ཡོངས་སུ་མི་གདུང་ངམ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3893  + ((1) ལྕགས་ཀྱུའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། མཆིལ་པ་ཞེས་པ་ཉ་འཛིན་པའི།། ལྕགས་ཀྱུའི་མིང་དུ་ཤེས་པར་བྱ།། ཞེས་གསུངས་པ་དང་། 《སྤྱོད་འཇུག》ལས། ཉོན་མོངས་ཉ་པས་བཏབ་པ་ཡི།། མཆིལ་པ་འདི་ནི་མི་བཟད་གཟེབ།། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4603  + ((1) སྟོབས་སམ་ནུས་པའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཞོ་ཤ་ནི་སྟོབས་སམ་ནུས་པའི་མིང་། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། བདག་གིས་གཞན་ལ་ཁྱོད་བཙོངས་ཀྱིས། ། སྐྱོ་བར་མ་སེམས་ཞོ་ཤ་ཕུལ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2823  + ((1) སྤེན་བད་དང་།)
  • Dictionaries/Brda dkrol gser gyi me long/686  + ((1) སྲན་ཆུང་བའི་དོན་ཏེ། 《སྤྱོད་འཇུག་འགྲེལ་པ》ལས། གཟེ་རེ་ཅན་ཏེ་སྲན་ཆུང་། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། བརྩོན་མེད་འབྲས་བུ་འདོད་པ་དང་། ། གཟེ་རེ་ཅན་ལ་གནོད་མང་ཞིང་། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7857  + ((1) སྲིད་གཞུང་གི་སྐུ་ཚབ་བང་ཆེན་ནམ་དཔྱ་ཁྲལ་(1) སྲིད་གཞུང་གི་སྐུ་ཚབ་བང་ཆེན་ནམ་དཔྱ་ཁྲལ་བསྡུ་བའི་མངག་གཞུག་པའི་མིང་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཧོར་འདྲ་ཞེས་པ་ཆེན་པོའི་བཀའ་ཡིས་ནི།། དཔྱ་ཁྲལ་བསྡུ་བའི་མངག་གཞུག་པ་ཡི་མིང་། ཞེས་གསུངས། དཔེར་ན།《བརྒྱད་སྟོང་འགྲེལ་ཆེན་གྱི་རྣམ་བཤད》ལས། ཁ་དྲག་གི་བླ་དཔོན། རང་དོན་གྱི་ཚོང་པ། ཤེད་སྤྱོད་ཀྱི་ཧོར་འདྲ་སོགས་དོན་མེད་ཟིན་མེད་ཀྱི་དོས་ཉིན་མཚན་ཁོར་ཡུག་ཏུ་སྐྱེལ་དགོས་ཀྱི་ཚུལ་ལ།ཞེས་པ་ལྟ་བུའོ།།ུག་ཏུ་སྐྱེལ་དགོས་ཀྱི་ཚུལ་ལ།ཞེས་པ་ལྟ་བུའོ།།)
  • Dictionaries/bod rgya nang don rig pai tshig mdzod/1221  + ((ཏུཥིཏཿ)འདོད་ལྷ་རིས་དྲུག་གི་ནང་གསེས། འོག་མ་ལས་ལོངས་སྤྱོད་ཆེ་ཞིང་ཉམས་བདེ་བའི་སྟེང་དུ་ཐེག་ཆེན་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་ལྡན་པས་དགའ་ལྡན་ཞེས་བྱ།)
  • Dictionaries/bod rgya nang don rig pai tshig mdzod/2255  + ((དྷརྨ) རང་གི་ངོ་བོ་འཛིན་པའི་དོན་ནོ། དྷརྨ་ཞ(དྷརྨ) རང་གི་ངོ་བོ་འཛིན་པའི་དོན་ནོ། དྷརྨ་ཞེས་དོན་བཅུ་ལ་འཇུག་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཞེས་པ་ལྟ་བུ་ཤེས་བྱ་ལ་འཇུག་པ་དང་། ལམ་བདེན་གྱི་ཆོས་ཞེས་པ་ལྟ་བུ་ལམ་དང་། འགོག་བདེན་གྱི་ཆོས་ཞེས་པ་ལྟ་བུ་མྱང་འདས་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ་ཡིད་ཀྱི་ཡུལ་དང་། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་པ་ལྟ་བུ་བསོད་ནམས་དང་། བྱིས་པ་ནི་མཐོང་བའི་ཆོས་ལ་གཅེས་པར་འཛིན་པ་ཞེས་བ་ལྟ་བུ་ཚེ་དང་། ཆོས་འདུལ་བ་ཞེས་པ་ལྟ་བུ་གསུང་རབ་དང་། ལུས་འདི་རྒ་བའི་ཆོས་ཡིན་ནོ་ཞེས་པ་ལྟ་བུ་འབྱུང་འགྱུར་དང་། དགེ་སྦྱོང་གི་ཆོས་བཞི་ཞེས་པ་ལྟ་བུ་ངེས་པ་དང་། ལྷ་ཆོས་དང་མི་ཆོས་ཞེས་པ་ལྟ་བུ་ལུགས་ལ་འཇུག་པ་བཅས་བཅུ་ཡོད་པར་རྣམ་བཤད་རིག་པ་ལས་གསུངས་ཤིང་། ད་ལྟ་ཡོངས་གྲགས་སུ་ལུགས་དང་གསུང་རབ་དང་། ཤེས་བྱ་བཅས་གསུམ་ལ་འཇུག་པ་གཙོ་ཆེ་བའོ།་དང་། ཤེས་བྱ་བཅས་གསུམ་ལ་འཇུག་པ་གཙོ་ཆེ་བའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2131  + ((བསྐྱེད་པ་མ་ཧཱ་ཡོ་ག་ལ) འདོད་ཆགས། ཞེ་སྡང་། (བསྐྱེད་པ་མ་ཧཱ་ཡོ་ག་ལ) འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སྟེ་མི་སྤང་པའི་དམ་ཚིག་ལྔ། དྲི་ཆེན། དྲི་ཆུང་། ར་ཀྵ། བྱང་སེམས་དཀར་དམར་ཏེ་དང་དུ་བླངས་པ་ལྔ། སྲོག་གཅོད། མ་བྱིན་པར་བླངས་པ། མི་གཙང་སྤྱོད་པ། རྫུན་དུ་སྨྲ་བ། ངག་འཁྱལ་བ་སྟེ་སྤང་པར་བྱ་བ་ལྔ། ཕུང་པོ་འབྱུང་བ་རྣམ་ཤེས་ལྔ་རྣམས་ཡབ་ལྔ་ཡུམ་ལྔར་གསལ་བོར་ཤེས་པར་བྱ་བ་ལྔ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེ་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས་ཏེ་བསྒྲུབ་པར་བྱ་བ་ལྔ་དང་ཉི་ཤུ་རྩ་ལྔའོ།ིགས་ཏེ་བསྒྲུབ་པར་བྱ་བ་ལྔ་དང་ཉི་ཤུ་རྩ་ལྔའོ།)
  • Dictionaries/bod rgya nang don rig pai tshig mdzod/1345  + ((བྟིཀྵུཿ)སོ་ཐར་རིས་བདུན་གྱི་ནང་གསེས། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་བར་ཁས་ལེན་ཅིང་དེའི་སྡོམ་པ་ཆོ་ག་བཞིན་ལེན་པའི་གང་ཟག མིང་གི་རྣམ་གྲངས་ལ་ནགས་གནས་དང་ཚངས་སྤྱོད་དོ།།)
  • Dictionaries/bod rgya nang don rig pai tshig mdzod/5948  + ((བྲཱཧྨཎ)ཚངས་སྤྱོད། མིང་གི་རྣམ་གྲངས་ལ་སྐྱེ(བྲཱཧྨཎ)ཚངས་སྤྱོད། མིང་གི་རྣམ་གྲངས་ལ་སྐྱེ་གཉིས་པ་དང་། ཁ་ལས་སྐྱེས། མགྲིན་སྐུད་ཅན། རྒོད་མ་སྐྱེས། རྒྱལ་མཚན་ཅན། སྔོན་སྐྱེས། གཉིས་སྐྱེས། རྟ་ཅན། ཐོག་མར་སྐྱེས། དབང་སྐྱེས། ཚངས་པའི་བུ། ཚངས་བྱུང་། ཚངས་རིགས། བཞི་མདོ་བ། རིགས་ཀྱི་ཐུ་བོ། ཤིན་ཏུ་བྱུང་། ས་ཡི་ལྷ། སླར་བརྗོད་བཅས་སོ།། ཤིན་ཏུ་བྱུང་། ས་ཡི་ལྷ། སླར་བརྗོད་བཅས་སོ།)
  • Dictionaries/bod rgya nang don rig pai tshig mdzod/5405  + ((ཙརྱཏནྟྲ)རྒྱུད་སྡེ་བཞིའི་ནང་གསེས་ཤིག་སྟེ་ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་གཉིས་ཀའི་རྒྱུད་དམ་སྤྱོད་པའི་རྒྱུད་ཅེས་བྱའོ།།)
  • Dictionaries/sngas rgyas chos gzhung tshig mdzod/12392  + ((ལེགས་)སློབ་དཔོན་འཕགས་པ་ལྷ་ནི། དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་འཛིན་མཁན་ཞིག་ཡིན། ཁོང་གི་གསུང་རྩོམ་གཙོ་བོར་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/7435  + ((ཤཱཋ:)ནུབ་བ་ལང་སྤྱོད་ཀྱི་བྱང་ལ་ཡོད་པའི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག)
  • Dictionaries/bod rgya nang don rig pai tshig mdzod/6649  + ((ཤིྰལ)སྤོང་བའི་སེམས་པ་སྟེ། ཚུལ་འཆལ་གྱི་གདུང་བ་སེལ་བའམ། བཅས་རང་གི་ཁ་ན་མ་ཐོ་བ་སྤོང་བའི་སེམས་པའོ།། མིང་གི་རྣམ་གྲངས་ལ་སྡོམ་ཁྲིམས་དང་། སྡོམ་པ། ཚངས་པར་སྤྱོད་པ་བཅས་སོ། །)