Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "གློ་བ་དང་། སྙིང་། མཁལ་མ། མཚེར་པ། མཆིན་པ་སྟེ་ལྔ་།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/7163  + ((2)གསང་གཏམ་སྨྲ་བའི་དོན་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། གསང་གཏམ། སྙིང་གཏམ། སྙིང་བཞོས་ཏེ་སྨ་བ་རྣམས་དོན་གཅིག ཅེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/4001  + ((2)ངོ་ཆེན་ཞུ་བའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། མདོང་གསོལ་ནི་ངོ་ཆེན་ཞུ་བའམ་ངོ་དགའ་བྱེད་པ། ཞེས་དང་།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། མདོང་གསོལ་ནི་འདུན་པའི་རང་ཤེས་ཀྱིས་སྲོག་སྙིང་ཕུལ་བ་ལྟ་བུའོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/1337  + ((2)ཆུ་ཤིང་ནི་འོམ་བུ་ཡིན་པར་བཞེད་པ་སྟེ།《ལམ་(2)ཆུ་ཤིང་ནི་འོམ་བུ་ཡིན་པར་བཞེད་པ་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཆུ་ཤིང་ནི་སྨན་གཞུང་མང་པོར་ཆུ་ཀླུང་གི་འགྲམ་བྱེ་མའི་ནང་དུ་སྐྱེས་པའི་འོམ་བུ་ཡིན་པར་བཤད་ཅིང་། འོམ་ནག་ཅེས་ཀྱང་འབྱུང་ངོ་།། ཞེས་གསུངས་ཤིང་། དཔེར་ན།《བཤེས་སྤྲིངས》ལས། འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ།། མི་མཆོག་ཁྱེད་ཀྱི་ཐུགས་ནི་འབྱུང་བར་མཛོད།། ཅེས་པ་ལྟ་བུའོ།།ྱི་ཐུགས་ནི་འབྱུང་བར་མཛོད།། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7889  + ((2)ཉམ་ཐག་པའམ་སྙིང་རྗེའི་ཉམས་སོགས་ལ་འཇུག་སྟ(2)ཉམ་ཐག་པའམ་སྙིང་རྗེའི་ཉམས་སོགས་ལ་འཇུག་སྟེ།《བློ་སྦྱོང་བརྡ་དོན》ལས། ཨ་ཙ་མ་ནི་ངོ་མཚར་བ་དང་ཉམ་ཐག་པ་སོགས་ལ་འཇུག་སྟེ་ཡུལ་སྐད་འགར་ཨ་ཙེ་ཙེ་ཟེར་བ་དང་འདྲའོ།། ཞེས་དང་།《བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང་》ལས། ཨ་ཙ་མ་ནི་སྙིང་རྗེའི་ཉམས།། ཞེས་གསུངས། དཔེར་ན།《རྒྱལ་རབས་གསལ་བའི་མེ་ལོང》ལས། ལྷ་ལུང་དཔལ་གྱི་རྡོ་རྗེ་བཙན་པོ་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྒྱལ་པོས་ལོག་སྤྱོད་ཚན་ཆེན་པོ་ད་རུང་སྤྱད་ནས་ངན་སོང་གསུམ་དུ་སྐྱེས་ཏེ་བསྐལ་པ་གྲངས་མེད་པར་འཁོར་བར་འཁྱམས་པ་ཨ་ཙ་མ་སྙམ་སྟེ། ཞེས་པ་ལྟ་བུའོ།།ར་འཁྱམས་པ་ཨ་ཙ་མ་སྙམ་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/292  + ((2)ཉམ་ཐག་པའི་དོན་ལ་འཇུག་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ག་ཆད་ངུ་ཞེས་པ་ནི་ཐང་ཆད་བར་དུ་ཞེས་པའམ། 《བུ་ཊྰིཀ》ལས། ག་ཆད་པ་སྟེ་མཆོག་ཏུ་ཉམ་ཐག་པས་ངུ་ཞེས་འབྱུང་ངོ་། །ཞེས་གསུངས། དཔེར་ན། 《པད་མ་བཀའ་ཐང》ལས། རྒན་ཁོག་ཡི་མུག་ག་ཆད་ལྕེབས་སྙིང་འདོད། །ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3821  + ((2)མ་བུ་གཉིས་ལའང་འཇུག་སྟེ། 《དག་ཡིག་ངག་སྒྲ(2)མ་བུ་གཉིས་ལའང་འཇུག་སྟེ། 《དག་ཡིག་ངག་སྒྲོན》ལས། བསྟོད་པའི་འོས་འགྱུར་མ་སྨད་པ། ། མ་བུ་གཉིས་ལའང་མ་སྨད་ཟེར། ། ཞེས་གསུངས། དཔེར་ན། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། མ་སྨད་ལེགས་བྱས་མངལ་གྱིས་ལྕི་བའི་ཁུར། ། ངོ་མཚར་སྙིང་པོ་ཡེ་ཤེས་སྒྱུ་མའི་གར། ། ཞེས་དང་། 《བུ་སྟོན་ཆོས་འབྱུང》ལས། བ་གླང་རྫིའི་མ་སྨད་གསུམ་སྐྲ་འབལ་ཞིང་ངུ་བྲང་རྡུང་བྱེད་པ་མཐོང་ནས་ཁྱོད་རྣམས་ཅི་ལ་མྱ་ངན་བྱེད་པ་ཡིན་བྱས་པས། ཞེས་པ་ལྟ་བུའོ། །མྱ་ངན་བྱེད་པ་ཡིན་བྱས་པས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4802  + ((2)ཚོས་ཀྱི་ཁྲ་ཐིག་གི་མིང་སྟེ། 《དག་ཡིག་ལེགས་བཤད་ཚིག་གཏེར》ལས། འགྲིས་པ་ནི་འདྲིས་པ་དང་ཚོས་ཀྱི་ཁྲ་ཐིག་ཅེས་གསུངས། ཇི་སྐད་དུ། འགྲིས་མ་ཐག་ཏུ་སྙིང་གཏམ་མི་བཤད་ཅིང་། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4375  + ((2)ཟས་བཅུད་ཅན་གྱི་མིང་སྟེ། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། སྙིང་འདོད་དོ་ཅོག་སྩལ་ཏེ་ལུག་ཅིག་བསད་དེ། ཤ་ཆོས་ལེགས་སུ་བྱས་ཏེ། སླ་བ་གཅིག་ཚུ་འཛད་ཚས་བགྱིས་ན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2  + ((2)རྩ་བ་དང་གདོད་མའི་དོན་ལ་འཇུག་སྟེ།《དག་ཡིག་ལེགས་བཤད་ཚིག་གཏེར》ལས། ཀ་ནི་རྩ་བ་ཞེས་པ་གྲགས།། ཞེས་དང་།《ངག་སྒྲོན་གྱི་འགྲེལ་པ》ལས། ཀ་ཞེས་པ་གདོད་མ་ནས་དང་། ཞེས་གསུངས། དཔེར་ན།《རྒྱལ་པོ་བཀའ་ཡི་ཐང་ཡིག》ལས། དབྱེར་མེད་ལྷུན་རྫོགས་སྙིང་པོ་ཀ་ནས་དག། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1306  + ((2)ལེགས་པའི་དོན་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཆུ་གང་ལེགས་པའམ་སྙིང་སྟོབས་སོ།། ཞེས་གསུངས་པ་ལྟར་དང་།《དཔེ་ཆོས་རིན་ཆེན་སྤུངས་པ》ལས། ཆུ་གང་གཉེན་བྱས་ན། གཉེན་པས་དགྲ་སྨོན། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1584  + ((2)ས་ཞིང་རེངས་པའམ་སྲ་མཁྲེགས་ཅན་གྱི་མིང་སྟེ(2)ས་ཞིང་རེངས་པའམ་སྲ་མཁྲེགས་ཅན་གྱི་མིང་སྟེ།《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ཐ་བ་ནི་རེངས་པ་སྟེ་འཇིག་རྟེན་པའི་ཞིང་འདེབས་མ་ཐུབ་པར་ལོ་གཅིག་ལས་གཉིས་ལས་ཀྱིས་རྩྭ་སྔོན་གང་བ་ལ་རེངས་པ་ཟེར་ཞིང་། ཞེས་གསུངས། དཔེར་ན། 《འདུལ་བ་གཞུང་དམ་པ》ལས། གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བུམ་པ་སྟོང་གི་ས་བོན་བཏབ་པ་ཕུལ་བ་དེའི་ཐོག་ཟོས་ནས་ཞིང་ཡང་ཐ་བར་བོར་ཏེ་རྩྭ་ཀུ་ཤའི་གནས་སུ་གྱུར་ཏོ།། ཞེས་པ་ལྟ་བུའོ།།ྩྭ་ཀུ་ཤའི་གནས་སུ་གྱུར་ཏོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7169  + ((2)སྙིང་ཉེ་བའི་དོན་ལ་འཇུག་པར་བཞེད་པ་ནི། 《བ(2)སྙིང་ཉེ་བའི་དོན་ལ་འཇུག་པར་བཞེད་པ་ནི། 《བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང》ལས། སྙིང་རག་མ་ནི་སྙིང་ཉེ་བ། ཞེས་གསུངས་སོ།། སྙིང་རག་མ་ཞེས་པའི་ཚིག་ནི་ཤ་ར་བའི་ལམ་སྒྲོན་འགྲེལ་པར། སློབ་མ་སྙིང་རག་མ་རྣམས་ཀྱིས་བླ་མའི་དབུ་གཡོགས་པ་མང་། ཞེས་བྱུང་ངོ་།། འདིར་བལྟས་ན་བཞེད་པ་དང་པོ་དེ་ལེགས་པ་འདྲ་སྟེ་ཞིབ་དཔྱོད་ཞུའོ།།པ་དང་པོ་དེ་ལེགས་པ་འདྲ་སྟེ་ཞིབ་དཔྱོད་ཞུའོ།།)
  • Dictionaries/Brda dkrol gser gyi me long/1577  + ((2)སྙིང་པོ་དང་།)
  • Dictionaries/Brda dkrol gser gyi me long/889  + ((2)སྙིང་པོ་མེད་པའི་དོན་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། གསོག་ནི་སྙིང་པོ་མེད་པ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/5938  + ((2)སྙིང་སྟོབས་ཆེ་བའི་མིང་སྟེ།《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། རྟུལ་ཕོད་ཅེས་པ་སྲན་ཐུབ་དང་།། སྙིང་སྟོབས་ཆེ་བའི་མིང་དུ་བཤད།། ཅེས་གསུངས། དཔེར་ན། ཇི་སྐད་དུ། གང་གིས་གཏོང་དང་རྟུལ་ཕོད་ཀྱིས།། རེ་ཕྱོགས་ཡོངས་སུ་རྫོགས་བྱེད་ཅིག། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7504  + ((2)སྲ་བརྟན་དབྱེར་མེད་དུ་གྱུར་པའི་དོན་ཏེ།《བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང》ལས། སྤྲུག་ནི་སྤྲག་ཆགས་པ། ཞེས་གསུངས། དཔེར་ན། 《བཀའ་གདམས་གཅེས་བཏུས 》ལས། སྙིང་པོ་ཐམས་ཅད་གཅིག་ཏུ་འདྲིལ་བའི་དུས། ཐོས་བསམ་སྒོམ་གསུམ་གཅིག་ཏུ་སྤྲུག་པའི་དུས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1270  + ((3)ཆང་དལ་བུས་འཐུང་བའི་དོན་ཏེ།《བརྡ་ཡིག་རེག་(3)ཆང་དལ་བུས་འཐུང་བའི་དོན་ཏེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཆང་ཆེམས་ཆང་དག་དལ་བུས་འཐུང་བའི་མིང་།། ཞེས་གསུངས་པ་ལྟར་རོ།། གཞན་ཡང་། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ཆང་ཆེམས་ཞེས་པ་འདི་ཆང་དང་འབྲེལ་དུས་ཆང་འཐུང་ཆེ་བ་དང་དགྲ་བགེགས་ཀྱི་སྙིང་དང་འབྲེལ་བའི་ཚེ་སྙིང་བརླག་པའི་ཤོགས་རལ་ཆེ་བར་འཇུག་འདྲ། ཞེས་ཀྱང་གསུངས་སོ།།ཤོགས་རལ་ཆེ་བར་འཇུག་འདྲ། ཞེས་ཀྱང་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/3325  + ((3)སྙིང་པོའམ་དོན་སྙིང་གི་དོན་ལ་འཇུག་ཡོད་དེ། དཔེར་ན། ཇི་སྐད་དུ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི།། བསྟང་བས་ཡོངས་སུ་མ་བཟུང་དང་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1579  + ((4)མཐའ་ཙམ་གྱི་བར་སོགས་ཀྱི་དོན་ལ་འཇུག་སྟེ།《(4)མཐའ་ཙམ་གྱི་བར་སོགས་ཀྱི་དོན་ལ་འཇུག་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐ་གི་ནི་ཅུང་ཟད་ཅུང་ཞིག་གམ་སྙིང་པོ་དང་ཞི་བ་ལ་འཇུག ཅེས་དང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཐ་གི་ནི་ཞི་བ་ཞེས་བརྡ་རྙིང་དུ་བྱུང་ཡང་སྐབས་འགར་མཐའ་ཙམ་གྱི་བར་རམ་ཅུང་ཟད་ཅེས་པ་ལའང་འཇུག་པར་མངོན། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེ་འདྲ་གཅིག་བཟང་མོ་ལ་བྱིན་ནས་ཐ་གི་ཙམ་གྱི་བར་དུ་ལྷན་ཅིག་སོང་སྟེ་བཟང་མོ་ཇི་ལྟར་འདོད་པར། ཞེས་པ་ལྟ་བུ་དང་། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། བུད་མྱེད་སྨན་བཞིན་གཆིག(གཅིག)ས་གཞི་ཐ་གི་ཙམ་གྱི་སྟེང་དུ་བཞག ཅེས་པ་ལྟ་བུའོ།།ཞི་ཐ་གི་ཙམ་གྱི་སྟེང་དུ་བཞག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3343  + ((4)སྙིང་པོའི་དོན་ལའང་འཇུག་སྟེ།《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམས་གྲངས》ལས། བསྟི་གནས་ནི་འབྱུང་ཁུངས་ཀྱི་མཐིལ་ལམ་ཁྱིམ་མམ་སྙིང་པོ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/sngas rgyas chos gzhung tshig mdzod/8770  + ((རྒྱ་)སྙིང་པོ་དོན་གྱི་བརྒྱུད་པ་འདི་ལ་ཙུང་མེན་ཞེས་ཟེར་ཞིང་། དོན་ལ་བོད་ཀྱི་བཀའ་བརྒྱུད་པ་དང་ཕྱོགས་མཚུངས་པ་ཕྱག་རྒྱ་ཆེན་བརྡའི་བརྒྱུད་པ་ཡིན་པར་སྣང་ངོ་། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11316  + ((ལེགས་)དཔལ་ལྡན་སེང་གེ་སྟེ། རྒྱ་གར་གྱི་སློབ་དཔོན་ཞིག་ཡིན་པ་དེས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོད་ལ་རྫོགས་པ་ཆེན་པོའི་སྙིང་ཐིག་ཐོག་མར་སྤེལ་ལོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7493  + ((ལེགས་)དྲི་མེད་བཤེས་གཉེན་ཏེ། ཆོས་རྒྱལ་ཁྲི་(ལེགས་)དྲི་མེད་བཤེས་གཉེན་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སུ་བོད་དུ་གདན་འདྲེས་ཞུས་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཞིག རབ་ཏུ་བྱུང་པའི་ཆ་བྱད་དུ་མེད་པར་རྣལ་འབྱོར་པའི་ཆ་བྱད་དུ་ཡོད་པས། རྒྱལ་བློན་རྣམས་ཕྱི་པ་དང་ནང་པ་གང་ཡིན་ཐེ་ཚོམ་ཟ་བའོ། གསུང་རྩོམ་ལ། སྐྱབས་འགྲོ་ཡན་ལག་དྲུག ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་བ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།འགྲེལ་བ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/9300  + ((ལེགས་)ཡེ་ཤེས་མདོ་ཞེས། བོད་དུ་རྫོགས་པ་ཆེན་པོའི་སྙིང་ཐིག་གི་ཆོས་སྤེལ་བར་མཛད་པའི་རྒྱ་གར་གྱི་སློབ་དཔོན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/12427  + ((ལེགས་)སྤྱན་རས་གཟིགས་ཀྱི་སྙིང་པོ་གཟུངས་སྔགས་ཡི་གེ་དྲུག་མའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/3920  + ((1) གཅེས་པའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། མཉེས་གཤིན་གཅེས་པ་ཡིད་འཐད་དང་།། སྙིང་དུ་སྡུག་པ་ཡིད་འོང་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/2917  + ((1) དངོས་པོའམ་ནོར་ལ་སོགས་པའི་མིང་སྟེ།《བརྡ་(1) དངོས་པོའམ་ནོར་ལ་སོགས་པའི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བདོག་པ་ཞེས་པ་དངོས་པོའམ།། ཡོད་པ་ནོར་རྫས་སོགས་ལ་འཇུག། ཅེས་གསུངས། དཔེར་ན།《བཀའ་གདམས་ཕ་ཆོས》ལས། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ལ་བདོག་པ་མ་ལུས་པ་བཏང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཤིང་། ཞེས་པ་ལྟ་བུའོ།།་རོལ་ཏུ་ཕྱིན་པ་རྫོགས་ཤིང་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2194  + ((1) དོན་གྱི་སྙིང་པོ་ཞེས་པའི་དོན་ཏེ།《བཤེས་སྤྲིངས》ལས། ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ།། ཁྱེད་ཀྱིས་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས།། སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7168  + ((1) འདི་ལ་བཞེད་པ་མི་མཐུན་པ་གཉིས་སྣང་སྟེ། སྙིང་སྲ་བའམ་མཁྲེགས་པའི་དོན་ཡིན་པར་བཞེད་པ་ནི། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། སྙིང་རག་མ་ཞེས་པ་ནི་བསམ་བློ་གཏོང་རྒྱུ་མེད་པས་སྙིང་སྲ་བའམ་མཁྲེགས་པའི་དོན། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/7162  + ((1) སེམས་གསོ་བའི་དོན་ལ་འཇུག་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། སྙིང་བཞོས་པ་ནི་སེམས་གསོ་བྱས་པ། ཞེས་གསུངས། དཔེར་ན། 《འདུལ་བ》ལས། རེ་ཞིག་ན་ཁྱིམ་བདག་དེ་ན་ནས་སྨན་གྱིས་མ་ཕན་པར་དེས་སྡེ་པ་དང་ཉེ་སྡེ་གཉིས་ལ་སྙིང་བཞོས་ནས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/549  + ((1) སྒྲ་བཤད་ནི། 《བཀའ་ཆེམས་ཀ་ཁོལ་མ》ལས། དེ་ན(1) སྒྲ་བཤད་ནི། 《བཀའ་ཆེམས་ཀ་ཁོལ་མ》ལས། དེ་ནས་སྤོར་ཐང་ཁྲ་མོ་མེས་ཚིག་འཕྲོ་ལ་ཨོང་ཅུང་ (ཀོང་ཇོ) གིས་འདི་ང་ལ་བོད་ལ་འགྲོ་བའི་བསྲུང་བ་ལ་དགོས་གསུངས་ནས་འཁྱེར་བས། ཨོང་ཅུང་གིས་སྙིང་བརྩེ་ནས་གབ་པས་གབ་རྩེ་ཞེས་པའི་མིང་ཡང་ཆགས་པ། ཞེས་དང་། ཡང་《མ་ཎི་བཀའ་འབུམ》ལས། སྲས་རྒྱལ་བུ་ཐེ་བས་གབ་རྩེ་བརྒྱད་ཅུ་སྐོར་མེ་ལ་བསྲེགས་པ་ལ་རྩིས་མཁན་གྱིས་གབ་པས། ཁང་པ་གང་གབ་པའི་འོག་ཏུ་ཚུད་དེ། གབ་རྩེ་བྱ་བ་དེ་ནས་བྱུང་ངོ་། །ཞེས་གསུངས། ནང་དོན་ནི། ཁུ་བ་ལྡུག་སའི་སྣོད་ལ་འཇུག་སྟེ། 《འདུལ་བ》ལས། མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུའོ། ། ཁུ་བའི་མིག་སྨན་ནི་གབ་རྩེའི་ནང་དུའོ། །ཕྱེ་མའི་མིག་སྨན་ནི་དོང་བུའི་ནང་དུའོ། ། ཞེས་པ་ལྟ་བུའོ། །ྨན་ནི་དོང་བུའི་ནང་དུའོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3940  + ((1) སྙིང་པོ་དང་།)
  • Dictionaries/Brda dkrol gser gyi me long/1305  + ((1) སྙིང་སྟོབས་ཀྱི་མིང་སྟེ། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། ཆུ་གང་ནི་སྙིང་སྟོབས། ཞེས་གསུངས། དཔེར་ན།《མཛངས་བླུན་ཞེས་བྱ་བའི་མདོ》ལས། ཁྱེའུ་སྤུན་གཉིས་ཆུང་ངུ་ནས་ཆུ་གང་དང་ཁྲེལ་བལྟས་ཆེ་ལ་ཚིག་བདེན་པ་སྨྲ་བ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7019  + ((1) ཧྲག་དམག་གི་དོན་ལའང་འཇུག་སྟེ། 《འདུལ་བ་ལུང་གཞི》ལས། ལི་ཙ་བཱི་སྐྱིན་གོར་མདའ་རྩིབས་ཅན་ལྔ་བརྒྱ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕྱི་བཞིན་དུ་བསྙེགས་པ། ཞེས་པ་ལྟ་བུའོ། །)
  • Dictionaries/bod rgya nang don rig pai tshig mdzod/99  + ((2) རྫོགས་ཆེན་གྱི་བརྡ་ཆད་ཅིག འཁོར་འདས་ཀུན་གྱི་བྱེད་པོའམ་འཁྲུལ་གྲོལ་ཀུན་གྱི་གཞིར་གྱུར་པའི་རང་རིག་བྱང་ཆུབ་ཀྱི་སེམས་ཏེ་གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ།)
  • Dictionaries/bod rgya nang don rig pai tshig mdzod/5083  + ((བེེཤྲབཎཿ)རྒྱལ་ཆེན་རིགས་བཞིའི་ནང་གསེས་རི་ར(བེེཤྲབཎཿ)རྒྱལ་ཆེན་རིགས་བཞིའི་ནང་གསེས་རི་རབ་ཀྱི་བྱང་ངོས་ཀྱི་རྒྱལ་ཆེན་ནམ་བྱང་གི་ཕྱོགས་སྐྱོང་། མིང་གི་རྣམ་གྲངས་ལ་རྐང་པ་གསུམ་ལྡན་དང་། རྒྱལ་པོའི་རྒྱལ། ངལ་བསོས་པོ། གཏེར་གྱི་བདག རྟག་བདེ་བྱེད། ནོར་གྱི་བདག ནོར་སྦྱིན་རྒྱལ། ནོར་སྦྱིན་འདྲེན་པ། ནོར་རྩེན། གནས་སྲུང་པོ། གནོད་སྦྱིན་རྒྱལ། རྣ་རྒྱན་གཅིག་པ། རྣམ་སྲས། དཔལ་གཏེར། བྱང་གི་ཕྱོགས་སྐྱོང་། བྱང་ཕྱོགས་བདག་པོ། དབྱིག་གི་ཆར་འབེབས། མི་ལ་ཞོན། མིག་སྐྱ། མིག་ཡ། མིག་གསུམ་གྲོགས་པོ། མིའི་ཆོས་ལྡན། རྩ་གསུམ་པ། འོད་ཡངས་ཚ་བོ། རིན་ཆེན་སྙིང་པོ། ལུས་ངན། གསང་བདག་བཅས་སོ།། རིན་ཆེན་སྙིང་པོ། ལུས་ངན། གསང་བདག་བཅས་སོ།།)
  • Dictionaries/bod rgya nang don rig pai tshig mdzod/6911  + ((ཤནྟརཀྵིཏ)སྔར་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པ(ཤནྟརཀྵིཏ)སྔར་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། དཔལ་ན་ལེནྡྲར་སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྒྱ་གར་གྱི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་དང་། དབུ་མ་ཤར་པ་གསུམ་གྱི་ཡ་གྱལ་ཞིག་ཡིན། དབུ་མ་རྒྱན་ལ་སོཊ་པའི་བསྟན་བཅོས་བརྩམས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་ཕེབས། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད། སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བོད་དུ་ཐོག་མར་བཙུགས། འདུལ་བ་དང་དབུ་མ་སྤེལ། མཚན་མཁན་བོ་དྷི་སཏྭྭ་ཞེས་གྲགས། མཁན་ཆེན་འདི་དང་། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་ལ་མཁན་སློབ་ཆོས་གསུམ་དུ་གྲགས། སྔ་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས།་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས།)
  • Dictionaries/bod rgya nang don rig pai tshig mdzod/6289  + ((ཨུཔདེཤ)ཐབས་ཀྱི་སྙིང་པོའམ་ཐབས་ཟབ་མོ།)
  • Dictionaries/sngas rgyas chos gzhung tshig mdzod/1680  + (1. ས་ཆེན་ཀུན་དགའ་སྙིང་པོའི་སྲས་ས་སྐྱ་གོང་མ་གསུམ་པ། དགུང་ལོ་ཉེར་དྲུག་པ་ལ་གདན་སར་བཞུགས།)
  • Dictionaries/chos rnam kun btus/9960  + (1. ཀླུའི་བྱང་ཆུབ་ཀྱིས་བརྒྱད་དུ་གསུངས་པ་ནི།1. ཀླུའི་བྱང་ཆུབ་ཀྱིས་བརྒྱད་དུ་གསུངས་པ་ནི། བླ་མའི་དོན་ཀུན་བསྒྲུབ་པའི་ཕྱིར། ། དཀྱིལ་འཁོར་རྣམ་བརྒྱད་བྲི་བར་བྱ། ། རིན་ཆེན་དེ་བཞིན་ས་བོན་དང་། ། མེ་ཏོག་ཚོན་དང་དེ་བཞིན་དུ། ། ཕྱེ་མ་གཡོ་དང་ཕྱེ་མ་དང་། ། དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་སོ། །(སྐབས་འདིར་རྣམ་གྲངས་རེ་རེ་དབྱེ་མ་ཤེས་པས་གཞུང་ཚིག་ཇི་བཞིན་དུ་བཀོད་པ་ལགས་)</br>2. འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་འགའ་ཞིག་གིས་བདུན་དུ་གསུངས་པ་ནི།</br>(1)རས་བྲིས།</br>(2)རྡུལ་ཚོན།</br>(3)བསམ་གཏན།</br>(4)ལུས་དཀྱིལ།</br>(5)བྷ་ག</br>(6)ཀུན་རྫོབ་བྱང་ཆུབ་ཀྱི་སེམས།</br>(7)དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་བདུན་ནོ། །</br>3. མངོན་བརྗོད་བླ་མ་ལས་དྲུག་ཏུ་གསུངས་པ་ནི།</br>(1)ཡི་གེའི་དཀྱིལ་འཁོར།</br>(2)མཚན་མའི་དཀྱིལ་འཁོར།</br>(3)ལག་པའི་ཕྱག་རྒྱ།</br>(4)གཟུགས་བརྙན་དགོད་པ།</br>(5)མེ་ཏོག་བཀྲམ་པ།</br>(6)ཚོགས་ཀྱི་དཀྱིལ་འཁོར་དང་དྲུག་གོ །</br>ཡོང་ན་དེ་ཉིད་ལས།</br>(1)ཡེ་ཤེས་ཀྱི་དཀྱིལ་འཁོར།</br>(2) སྤྲུལ་པའི་དཀྱིལ་འཁོར།</br>(3)ཏིང་ངེ་འཛིན་གྱི་དཀྱིལ་འཁོར།</br>(4)རྡུལ་ཚོན་གྱི་དཀྱིལ་འཁོར།</br>(5)རས་བྲིས་ཀྱི་དཀྱིལ་འཁོར།</br>(6)ལུས་ཀྱི་དཀྱིལ་འཁོར་དང་དྲུག་གོ །</br>4. ཤིན་ཏུ་ཟབ་པའི་མན་ངག་ལས་དཀྱིལ་འཁོར་ལྔར་གསུངས་པ་ནི།</br>(1)ཕྱི་དབྱིབས་རྡུལ་ཚོན།</br>(2)ལུས།</br>(3)བྷ་ག</br>(4)བྱང་ཆུབ་ཀྱི་སེམས།</br>(5)སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དང་ལྔའོ། །</br>ཡང་དེ་ཉིད་ལས་རྣམ་པ་བཞིར་གསུངས་པ་ནི།</br>(1)རྡུལ་ཚོན།</br>(2)རས་བྲིས།</br>(3)ཡིད་དཀྱིལ།</br>(4)ལུས་དཀྱིལ་དང་བཞིའོ། །</br>5. མན་ངག་ཐུན་མོང་མ་ཡིན་པ་ལས་བཞི་ཚན་གཉིས་སུ་གསུངས་པ་ནི། གང་ལས་ལེན་པའི་སྐུར་བྱེད་ཀྱི་དཀྱིལ་འཁོར་བཞི། གང་དུ་བསྐུར་བ་སྦྱང་གཞིའི་དཀྱིལ་འཁོར་བཞི་སྟེ་ཚན་པ་གཉིས་སུ་གསུངས་པ་སྟེ།</br>(1)གང་ལས་ལེན་པའི་སྐུར་བྱེད་ཀྱི་དཀྱིལ་འཁོར་བཞི་ནི།</br>[1]ཕྱི་དབྱིབས་རྡུལ་ཚོན་གྱི་དཀྱིལ་འཁོར།</br>[2]རྫས་གསང་བ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར།</br>[3]ཕྱག་རྒྱ་བྷ་གའི་དཀྱིལ་འཁོར།</br>[4] དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་བཞིའོ། །</br>(2)གང་དུ་བསྐུར་བ་སྦྱང་གཞིའི་དཀྱིལ་འཁོར་བཞི་སྟེ།</br>[1]སློབ་མའི་ལུས་རྩ།</br>[2]ཡི་གེ་བྷ་ག</br>[3]ཁམས་བདུད་རྩི།</br>[4]སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དང་བཞིའོ། །</br>6. དུས་འཁོར་སོགས་ལས་བཞིར་གསུངས་པ་ནི། མཆོག་དབང་གསུམ་དང་། འཇིག་རྟེན་པའི་རྡུལ་ཚོན་དང་བཞིའོ། །</br>7. དྲིལ་བུ་པས་གསུམ་དུ་གསུངས་པ་ནི།</br>(1)དབང་རྟུལ་ལ་རས་བྲིས།</br>(2)དབང་འབྲིང་ལ་རྡུལ་ཚོན།</br>(3)དབང་རྣོན་ལ་ལུས་དཀྱིལ་དུ་གསུངས་པ་དང་གསུམ་མོ། །</br>7. འདུས་པ་དང་ཁ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུམ་དུ་གསུངས་པ་ནི།</br>(1)ལུས་དཀྱིལ།</br>(2)བྷ་ག</br>(3)བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་ཁ་ཅིག་གསང་བ་ཆོས་དཀྱིལ་གསུམ་ཞེས་ཐ་བསྙད་བཏགས་པར་མཛད་པ།</br>8. སློབ་དཔོན་སངས་རྒྱས་གསང་བས་གསུམ་དུ་གསུངས་པ་ནི།</br>(1)རང་བཞིན་གྱི་དཀྱིལ་འཁོར།</br>(2)ཏིང་ངེ་འཛིན་གྱི་དཀྱིལ་འཁོར།</br>(3)གཟུགས་བརྙན་གྱི་དཀྱིལ་འཁོར་དང་གསུམ་མོ། །</br>9. ར་ལི་སྐུ་གསུང་ཐུགས་ཀྱི་རྒྱུད་ལས་གསུམ་དུ་གསུངས་པ་ནི།</br>(1)ཏིང་འཛིན་གྱི་དཀྱིལ་འཁོར།</br>(2)མེ་ཏོག་ཚོམ་བུ།</br>(3)རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་མོ། །</br>10. སམྦུ་ཊི་ལས་གཉིས་སུ་གསུངས་པ་ནི།</br>(1)བཅོས་མ་ཕྱི་དཀྱིལ།</br>(2)གྲུབ་པ་ནང་དཀྱིལ་དང་གཉིས་སོ། །</br>11. རིམ་ལྔ་ལས་གཉིས་སུ་གསུངས་པ་ནི།</br>(1)བསྐྱེད་པའི་རིམ་པའི་སློབ་དཔོན་ལ་རྡུལ་ཚོན།</br>(2) རྫོགས་པའི་རིམ་པའི་སློབ་དཔོན་ལ་སྒྱུ་མའི་དཀྱིལ་འཁོར་དང་གཉིས་སོ། །བ་དཔོན་ལ་སྒྱུ་མའི་དཀྱིལ་འཁོར་དང་གཉིས་སོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2126  + (1. གནུབ་ནམ་མཁའི་སྙིང་པོ (རབ་བྱུང་)། 2. བསྒ1. གནུབ་ནམ་མཁའི་སྙིང་པོ (རབ་བྱུང་)། 2. བསྒྲག་པ་སངས་རྒྱས་ཡེ་ཤེས། 3. ངན་ལམ་རྒྱལ་བ་མཆོག་དབྱིངས(རབ་བྱུང་) 4. མཁར་ཆེ་ཡེ་ཤེས་མཚོ་རྒྱལ། 5.སོག་པོ་དཔལ་གྱི་ཡེ་ཤེས། 6. རླང་དཔལ་གྱི་སེང་གེ (རབ་བྱུང་)། 7. པ་གོར་བཾཻ་རོ་ཙ་ན(རབ་བྱུང་) 8. མངའ་བདག་རྒྱལ་པོ། 9. རྒྱལ་མོ་གཡུ་སྒྲ་སྙིང་བོ། 10. སྙིང་ཛྙཱ་ན་ཀུ་མཱ་ར། 11. སྣ་ནམ་རྡོ་རྗེ་བདུད་འཇོམས། 12. སྦ་མི་ཡེ་ཤེས་དབྱིངས། 13. སོག་པོ་ལྷ་དཔལ། 14. ཞང་སྣ་ནམ་ཡེ་ཤེས་སྡེ། 15. མཁར་ཆེ་དཔལ་གྱི་དབང་ཕྱུག 16. ལྡན་མ་རྩེ་མང་། 17. མཆན་བུ་ཀ་བ་དཔལ་བརྩེགས། 18. ཤུད་པུ་དཔལ་གྱི་སེང་གེ 19. འབྲེ་རྒྱལ་བའི་བློ་གྲོས(རབ་བྱུང་)། 20. ལོ་ཀི་ཆུང་། དྲན་པ་ནམ་མཁའ། 21. བྲན་དཔལ་གྱི་དབང་ཕྱུག 22. རྨ་རིན་ཆེན་མཆོག(རབ་བྱུང་)། 23. ལྷ་ལུང་དཔལ་གྱི་རྡོ་རྗེ(རབ་བྱུང་)ུང་)། 23. ལྷ་ལུང་དཔལ་གྱི་རྡོ་རྗེ(རབ་བྱུང་))
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1391  + (1. གནོད་སེམས་ལས་འབྱིན་པ་ནི་གནོད་སེམས་མེད་པ1. གནོད་སེམས་ལས་འབྱིན་པ་ནི་གནོད་སེམས་མེད་པ་སྟེ་བྱམས་པ། 2. རྣམ་པར་འཚེ་བ་ལས་འབྱིན་པ་ནི་སྙིང་རྗེ། 3. མི་དགའ་བ་ལས་འབྱིན་པ་ནི་དགའ་བ། 4. འདོད་པ་ལས་འབྱིན་པ་ནི་བཏང་སྙོམས། 5. ཐེ་ཚོམ་ལས་འབྱིན་པ་ནི་ང་འོ་སྙམ་པའི་ང་རྒྱལ་ཡང་དག་པར་འཇོམས་པ། 6. མཚན་མ་ལས་འབྱིན་པ་ནི་མཚན་མ་མེད་པའོ།ས་པ། 6. མཚན་མ་ལས་འབྱིན་པ་ནི་མཚན་མ་མེད་པའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1468  + (1. གཙུག་ཏོར་ནོར་བུའི་འཁོར་ལོ། 2. དཔྲལ་བ་བུམ་པའི་འཁོར་ལོ། 3. ཀླད་པ་དུང་ཁང་འཁོར་ལོ། 4 མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། 5. སྙིང་ཁ་ཆོས་ཀྱི་འཁོར་ལོ། 6. ལྟེ་བ་སྤྲུལ་པའི་འཁོར་ལོ། 7. གསང་གནས་བདེ་སྐྱོང་གི་འཁོར་ལོའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1069  + (1. གཙུག་ཏོར་རྣམ་རྒྱལ་དང་། 2.གཙུག་ཏོར་དྲི་མེད། 3. གསང་བའི་རིང་བསྲེལ་ཟ་མ་ཏོག 4. བྱང་ཆུབ་རྒྱན་འབུམ། 5. རྟེན་འབྲེལ་སྙིང་པོ་རྣམས་སོ།)
  • Dictionaries/chos rnam kun btus/9944  + (1. གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་1. གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ།</br>2. སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ།</br>3. དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ།</br>4. འཛིན་གྲྭ་བགོ་བའི་ལམ་ལུགས་གསར་ཏུ་གཏོད་ཅིང་། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ།</br>5. ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ།</br>6. འཛིན་གྲྭ་ཕན་ཚུན་གཏུགས་རེས་(འགྲན་བསྡུར་)བྱས་པའི་ཐབས་ལམ་གསར་དུ་གཏོད་པ།</br>7. ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ།</br>8. སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ།</br>9. སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ།</br>10. ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་《བསྡུས་གྲྭ》ཤ་ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་ དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ།</br>11. མཚན་ཉིད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་དང་། རྩོད་གླེང་བ།ཏོང་མཁན་གྱིས་འཛིན་གྲྭའི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐྱུར་འབེབས་ནས་སྐད་གསང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་དྷི་སྐད་གཏོང་བ་དང་། དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གཏོད་གནང་སྟབས་བོད་ཀྱི་གདན་ས་ཁག་ཏུ་ཁོང་གི་སྲོལ་གཏོད་དེ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་བ་མ་ཟད། ད་ལྟ་ཡང་ཁོང་གི་སློབ་གཉེར་ལམ་ལུགས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན།གས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2130  + (1. གསེར། 2. ངུལ། 3. བྱུ་རུ། 4. མུ་ཏིག 5. ཟ1. གསེར། 2. ངུལ། 3. བྱུ་རུ། 4. མུ་ཏིག 5. ཟངས་ཏེ་རིན་པོ་ཆེ་ལྔ། 6. དབང་ལག 7. ཀན་ཊ་ཀཱ་རི། 8. སླེ་ཀྲེས། 9. ཅུ་གང་། 10. ཤོ་དག་དཀར་པོ་སྟེ་སྨན་ལྔ། 11. ག་བུར། 12. གླ་རྩི། 13. ཛ་ཏི། 14. གུར་གུམ། 15. ཙན་དན་སྟེ་དྲི་ལྔ། 15. ནས། 17. གྲོ 18. ཏིལ། 19. སྲན་མ། 20. འབྲས་སྟེ་འབྲུ་ལྔ། 21. ལན་ཚྭ། 22. ཏིལ་མར། 23. མར། 24. བུ་རམ། 25. སྦྲང་རྩི་སྟེ་སྙིང་པོ་ལྔ་དང་ཉེར་ལྔའོ།། 25. སྦྲང་རྩི་སྟེ་སྙིང་པོ་ལྔ་དང་ཉེར་ལྔའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1545  + (1. གསེར། 2. དངུལ། 3. བཻཌཱུརྱ། 4 སྤུག 5. ཤེལ། 6. རྡོའི་སྙིང་པོ། 7.མུ་ཏིག་དམར་པོའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1475  + (1. གླང་པོ་ཆེ་སྟོབས་ཀྱི་རྒྱན། 2. སེང་གེ་མི་འཇིགས་པའི་རྒྱན། 3. རི་དྭགས་ཀྲི་ཥྞ་ཤ་ར་སྙིང་རྗེའི་རྒྱན། 4. ཤ་ར་དགེ་སྡིག་བྱ་རའི་རྒྱན། 5. བྱ་ངང་པ་བྱམས་པའི་རྒྱན། 6. ཆུ་སྲིན་ཐུགས་རྗེའི་རྒྱན། 7. ཀླུ་འབྲུག་ཡེ་ཤེས་ཀྱི་རྒྱན། 8. བྱ་ཁྱུང་ནི་བྱིན་རླབས་ལྟ་བའི་རྒྱན་ནོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2149  + (1. ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ལ་སེམས་ཅན་ར1. ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ལ་སེམས་ཅན་རྣམས་བདག་མེད་པ་ལ་མ་མོས་པས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེཊ་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། 2. ཆོས་ཐམས་ཅད་ནི་སེམས་ཅན་མེད་པ། 3. ཆོས་ཐམས་ཅད་ནི་སྲོག་མེད་པ། 4. ཆོས་ཐམས་ཅད་ནི་གང་ཟག་མེད་པ། 5. ཆོས་ཐམས་ཅད་ནི་རང་བཞིན་མེད་པ། 6. ཆོས་ཐམས་ཅད་ནི་གཞི་མེད་པ། 7. ཆོས་ཐམས་ཅད་ནི་གནས་མེད་པ། 8. ཆོས་ཐམས་ཅད་ནི་ང་ཡིར་བྱར་མེད་པ། 9. ཆོས་ཐམས་ཅད་ནི་བདག་པོ་མེད་པ། 10. ཆོས་ཐམས་ཅད་ནི་དངོས་པོ་མེད་པ། 11. ཆོས་ཐམས་ཅད་ནི་མ་སྐྱེས་པ། 12. ཆོས་ཐམས་ཅད་ནི་འཆི་འཕོ་བ་མེད་ཅིང་མི་སྐྱེས་པ། 13. ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། 14. ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ། 15. ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བ། 16. ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ། 17. ཆོས་ཐམས་ཅད་ནི་འོང་བ་མེད་པ། 18. ཆོས་ཐམས་ཅད་ནི་འགྲོ་བ་མེད་པ། 19. ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པ། 20. ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ། 21. ཆོས་ཐམས་ཅད་ནི་སྟོང་བ། 22. ཆོས་ཐམས་ཅད་ནི་མཚན་མ་མེད་པ། 23. ཆོས་ཐམས་ཅད་ནི་སྨོན་པ་མེད་པ། 24. ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱིས་འཐབ་པ་དང་ཞེ་སྡང་ལ་ཞུགས་པར་གཟིགས། 25. ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བར་ཞུགས་པ་ལམ་གོལ་བ་ལ་གནས་པ། 26. ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སྙམ་ཞིང་འདོད་པས་ཟིལ་གྱིས་ནོན་པ་སྟེ་ཆོག་མི་ཤེས་ཤིང་གཞན་གྱི་ནོར་ལ་འཕྲོག་པ། 27. ཀྱེ་མ་སེམས་ཅན་འདི་རྣམས་ནི་ནོར་དང་འབྲུ་དང་ཁྱིམ་དང་བུ་དང་ཆུང་མ་ལ་སྲེད་པས་འཁོར་བ་སྟེ་སྙིང་བོ་མེད་པ་ལ་སྙིང་བོར་འདུ་ཤེས་པ། 28. ཀྱེ་མ་སེམས་ཅན་འདི་དག་ནི་མ་རིག་པས་འཚོ་བ་སྟེ་གཅིག་ལ་གཅིག་འབྲིད་པར་གནས་པ། 29. ཀྱེ་མ་སེམས་ཅན་འདི་དག་ནི་ཆོག་མི་ཤེས་པ་སྟེ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་སྤྱོད་ཀྱང་བདག་ཅག་ནི་ཆོག་ཤེས་པའོ་སྙམ་དུ་འཛིན་པ། 30. ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་ནས་སྡུག་བསྔལ་གྱི་སྣོད་ཀུན་ནས་ཉོན་མོངས་པ་ཅན་རྟག་ཏུ་དགའ་བ། 31. ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་སྟེ་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད། 32. སེམས་ཅན་རྣམས་ནི་ཆགས་པ་མེད་པའི་ཡེ་ཤེས་དམ་པ་ཁྱད་པར་དུ་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འདི་བཏབ་ཞིང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དམན་པ་ཚོལ་བ་ཡིན་གྱི་དེ་དག་ལ་གང་འདི་སངས་རྒྱས་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་བློས་མོས་པར་བྱའམ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ།་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1095  + (1. ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། 2. ཡེ་ཤེས་མཚོ་རྒྱལ། 3. ནམ་མཁའི་སྙིང་པོ། 4.རྒྱལ་བ་མཆོག་དབྱངས། 5. བཻ་རོ་ཙ་ན་ལྔའོ།)