Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "དགེ་འདུན་གྱི་རུང་བ། གང་ཟག་གི་རུང་བ། ཆུ་ཚགས་ཀྱི་རུང་བ། ཉིན་ཞག་གི་རུང་བ། ཁྲོན་པའི་རུང་བ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/bod rgya nang don rig pai tshig mdzod/492  + (སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ་སངས་རྒྱས་དང་། ཆོས་དང་། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་ཞིང་། དེའི་དགག་སྒྲུབ་ཀྱི་བསླབ་བྱ་རྣམས་ཚུལ་བཞིན་བསྲུང་བར་ཁས་བླངས་པ།)
  • Dictionaries/Brda dkrol gser gyi me long/7336  + (སྣོན་འཕྲིའམ་ཆད་ལྷག་གི་མིང་སྟེ།《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། དགུན་འདུན་སྐྱི་ཤོ་མ་རར་བསྡུས་ཏེ། མུན་མགི(དམག་གི)སྣོན་གོད་བརྩིས། ཞེས་པ་ལྟ་བུའོ།།)
  • Dictionaries/bod rgya nang don rig pai tshig mdzod/2120  + (སྤང་ལྟུང་སུམ་ཅུའི་ནང་གསེས། ཁྱིམ་པས་དགེ་འདུན་ནམ་དགེ་སློང་གཞན་ལ་བསྔོས་པའི་ཡོ་བྱད་རང་ཉིད་ལ་བསྒྱུར་བ་སྟེ་བདག་ཏུ་བཟུང་བའོ།།)
  • Dictionaries/bod rgya nang don rig pai tshig mdzod/5358  + (སྤོ་བ་མཐོལ་བཤགས་ཀྱི་ཕྱིར་བཅོས་བྱེད་ཚུལ་གསུསྤོ་བ་མཐོལ་བཤགས་ཀྱི་ཕྱིར་བཅོས་བྱེད་ཚུལ་གསུམ་གྱི་ནང་གསེས། སྤྱོད་པ་གཞན་ན་གནས་པ་སྤོ་བ་སྤྱོད་པ་ལ། ལྷག་ལྟུང་འཆབ་མེད་ནི་དགེ་སློང་གི་མདུན་དུ་བཤགས་ལ་དངོས་གཞི་འདག་བྱེད་དུ་མགུ་བ་སྤྱོད་ལ་དེ་དབྱུང་ཆོག་ཅིང་། ལྷག་ལྟུང་བཅབས་པའི་ཉེས་པ་དང་ལྡན་པའི་དགེ་སློང་ལ། བཅབས་ཉེས་འདག་ཆེད་བཅབས་པའི་ཞག་གྲངས་དང་མཐུན་པར་དགེ་འདུན་གྱི་གཡོག་བྱེད་པའི་ཆད་ལས་གསོལ་བཞིའི་ལས་ཀྱིས་སྦྱིན་པར་བྱེད་པ་སྤོ་བ་དང་སྤོ་བ་བྱེད་བཞིན་པར་རིགས་འདྲའི་ལྷག་མ་གཉིས་པ་བྱུང་ན་སྔར་ལྟར་སྦྱིན་པར་བྱེད་པ་གཞི་ནས་སྤོ་བ་དང་། གསུམ་པ་བྱུང་ན་སྔར་ལྟར་སླར་ཡང་གཞི་ནས་སྤོ་བ་སྟེ་གསུམ་མོ། །གལ་ཏེ་བཞི་པ་བྱུང་ན་སྨད་པ་ནན་ཏུར་བྱ་བའོ།། །གལ་ཏེ་བཞི་པ་བྱུང་ན་སྨད་པ་ནན་ཏུར་བྱ་བའོ།།)
  • Dictionaries/Brda dkrol gser gyi me long/7470  + (སྤྱི་ཙམ་པའི་དོན་ལ་འཇུག་སྟེ། 《བེའུ་བུམ་སྔོནསྤྱི་ཙམ་པའི་དོན་ལ་འཇུག་སྟེ། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། དགེ་འདུན་སྤྱིའུ་བ་ནི་དགེ་འདུན་སྤྱི་ཙམ་པ། ཞེས་གསུངས། 《བེའུ་བུམ་སྤོན་པོ》ལས། ད་ལྟ་མཆོག་གི་དངོས་གྲུབ་ཕར་ཞོག ཐུན་མོང་གི་དངོས་གྲུབ་ཐོབ་པ་རང་ཡང་མེད་པ་དེ་དགེ་འདུན་སྤྱིའུ་བ་བཞི་སྡེ་འདི་མི་བཞུགས་པས་ལན་པ་ཡིན། ཞེས་པ་ལྟ་བུའོ།།་འདི་མི་བཞུགས་པས་ལན་པ་ཡིན། ཞེས་པ་ལྟ་བུའོ།།)
  • Dictionaries/bod rgya nang don rig pai tshig mdzod/275  + (སྤྱི་སོ་སྟེ། དགེ་འདུན་པའི་སྤྱི་རྫས་དོ་དམ་བྱེད་མཁན།)
  • Dictionaries/Brda dkrol gser gyi me long/2472  + (སྤྱོད་གང་ཐུབ་བམ་གཏོང་གང་ཐུབ་མི་བྱ་བའི་དོན་སྤྱོད་གང་ཐུབ་བམ་གཏོང་གང་ཐུབ་མི་བྱ་བའི་དོན་ཏེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཕད་ཕོད་མི་བྱ་བ་ནི་སྤྱོད་གང་ཐུབ་བམ་གཏོང་གང་ཐུབ་མི་བྱ་བའོ།། ཞེས་གསུངས། དཔེར་ན།《དཔེ་ཆོས་རིན་ཆེན་སྤུངས་པའི་འབུལ་འགྲེལ》ལས། དེས་ན་དད་པ་ཅན་གྱི་རྫས་དང་། དགེ་འདུན་གྱི་ཀ་ཅ་ལ་ཕད་ཕོད་མི་བྱ་བ་ཕྲན་ཚེགས་ཚུན་ཆད་ལ་གཅེས་སྤྲས་བྱས་ལ་ཆུད་ཟོས་སུ་མི་བཏང་བ། ཞེས་པ་ལྟ་བུའོ།།བྱས་ལ་ཆུད་ཟོས་སུ་མི་བཏང་བ། ཞེས་པ་ལྟ་བུའོ།།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2154  + (སྤྱོད་པ་བྱེད་པའི་གནས་དྲུག ཉམས་སྐྱོང་བའི་གནས་བཅུ་བཞི། དམ་ཚིག་སྐྱོང་བའི་གནས་བརྒྱད། འདོད་ཅིང་འདུན་པ་སྐྱེ་བའི་གནས་བཞི་སྟེ་སུམ་ཅུ་རྩ་གཉིས་བཞེད་དོ། ཁ་གཅིག་ཧེ་རུ་ཀའི་གནས་བཅུ་གཉིས། གནས་ཉི་ཤུ་རྩ་བཞི༑ གླིང་བཞི་གླིང་ཕྲན་བརྒྱད་གཅིག་ཏུ་བསྒྲངས་པ་དང་སུམ་ཅུ་རྩ་བདུན་ནོ།)
  • Dictionaries/sngas rgyas chos gzhung tshig mdzod/6652  + (སྤྲོ་བ་མཐོལ་བཤགས་ཀྱི་ཕྱིར་བཅོས་བྱེད་ཚུལ་གསསྤྲོ་བ་མཐོལ་བཤགས་ཀྱི་ཕྱིར་བཅོས་བྱེད་ཚུལ་གསུམ་གྱི་ནང་གསེས། སྤྱོད་པ་གཞན་ན་གནས་པ་སྤོ་བ་སྤྱོད་པ་ལ། ལྷག་ལྟུང་འཆབ་མེད་ནི་དགེ་སློང་གི་མདུན་དུ་བཤགས་ལ་དངོས་གཞི་འདག་བྱེད་དུ་མགུ་བ་སྤྱོད་ལ་དེ་དབྱུང་ཅོག་ཅིང་། ལྷག་ལྟུང་བཅབས་པའི་ཉེས་པ་དང་ལྡན་པའི་དགེ་སློང་ལ། བཅབས་ཉེས་འདག་ཆེད་བཅབས་པའི་ཞག་གྲངས་དང་མཐུན་པར་དགེ་འདུན་གྱི་གཡོག་བྱེད་པའི་ཆད་ལས་གསོལ་བཞིའི་ལས་ཀྱིས་སྦྱིན་པར་བྱེད་པ་སྤོ་བ་དང་སྤོ་བ་བྱེད་བཞིན་པར་རིགས་འདྲའི་ལྷག་་མ་གཉིས་པ་བྱུང་ན་སྔར་ལྟར་སྦྱིན་པར་བྱེད་པ་གཞི་ནས་སྤོ་བ་དང་། གསུམ་པ་བྱུང་ན་སྔར་ལྟར་སླར་ཡང་གཞི་ནས་སྤོ་བ་སྟེ་གསུམ་མོ། གལ་ཏེ་བཞི་པ་བྱུང་ན་སྨད་པ་ནན་ཏུར་བྱ་བའོ།ོ། གལ་ཏེ་བཞི་པ་བྱུང་ན་སྨད་པ་ནན་ཏུར་བྱ་བའོ།)
  • Dictionaries/sngas rgyas chos gzhung tshig mdzod/8283  + (སྦྱིན་པ་གཏོང་བའི་ཡུལ་ཏེ་སྤྲང་སློང་དང། དབུལ་པོ། ནད་པ། དབང་པོ་སྐྱོན་ཅན་པ། དགེ་འདུན་ལ་སོགས་པ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/7653  + (སྨོན་པའམ་སྨོན་ལམ་གྱི་མིང་སྟེ། 《མ་ཎི་བཀའ་འབུམ》ལས། དེར་ཡང་བློན་མགར་སྟོན་བཙན་ན་རེ་འདུན་མ་ལ་རྒྱ་མ་ཆུང་། སྨོན་ནེ་ལ་ཁམ་མི་ཆུང་བར་བྱེད་པ་ལ། ཞེས་པ་ལྟ་བུའོ། །)
  • Dictionaries/sngas rgyas chos gzhung tshig mdzod/1591  + ((1)ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་གི་དགེ་འདུན་(1)ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་གི་དགེ་འདུན་ལས་གདམས་ངག་ནོད་པ། (2)དགེ་སློང་གི་དགེ་འདུན་མེད་པའི་ས་ཕྱོགས་སུ་དབྱར་གནས་ཁས་མི་ལེན་པ། (3)དགག་དབྱེ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་བྱེད་པ། (4)དགེ་སློང་མས་མཁན་པོ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་གསོལ་ན་འདེབས་སུ་གཞུག་པ། (5)དགེ་སློང་གསར་བུ་ལ་ཡང་ཕྱག་འཚལ་བ། (6)དགེ་སློང་ལ་ཅོ་འདྲི་བ་མི་བྱེད་པ། (7)དགེ་སློང་ལ་ལྟུང་བ་གླེང་དྲན་མི་བྱེད་པ། (8)མགུ་བ་སྤྱོད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་སྤྱོད་པ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།སྤྱོད་པ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/4001  + ((2)ངོ་ཆེན་ཞུ་བའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། མདོང་གསོལ་ནི་ངོ་ཆེན་ཞུ་བའམ་ངོ་དགའ་བྱེད་པ། ཞེས་དང་།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། མདོང་གསོལ་ནི་འདུན་པའི་རང་ཤེས་ཀྱིས་སྲོག་སྙིང་ཕུལ་བ་ལྟ་བུའོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/422  + ((2)ཆད་པའི་མིང་སྟེ། 《 བརྡ་ཡིག་རེག་གཟིགས་གསར(2)ཆད་པའི་མིང་སྟེ། 《 བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། གཏུགས་པ་ཞེས་པ་ཆད་པའི་མིང་།། ཞེས་གསུངས། དཔེར་ན། 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ》ལས། ཁྱབ་འཇུག་གིས་ནི་གཉེན་འདུན་དང་།། ལེ་ལེན་གྱིས་ནི་གཏུགས་པར་གྱུར།། ཅེས་པའི་འགྲེལ་པར། ཁྱབ་འཇུག་གིས་ནི་གཉེན་རྣམས་ཕན་ཚུན་ལེ་ལན་ནམ་ཤ་འཁོན་གྱིས་གཏུགས་པ་སྟེ་ཟད་པར་གྱུར་པ། ཞེས་པ་ལྟ་བུའོ།།་གཏུགས་པ་སྟེ་ཟད་པར་གྱུར་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4525  + ((2)དགེ་འདུན་གྱི་ལས་བྱེད་མཁན་གྱི་མིང་སྟེ། (2)དགེ་འདུན་གྱི་ལས་བྱེད་མཁན་གྱི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། དགེ་འདུན་གྱི་ལས་བྱེད་མཁན་ལ་ཞལ་ཏ་པ་ཞེས་བྱའོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་གཞི》ལས། དེ་ན་ཞལ་ཏ་བྱེད་པ་གནས་ཏེ། དེས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་ཀྱིས། ཞེས་པ་ལྟ་བུའོ། །ཀྱིས་སྟོབས་པར་བྱེད་ཀྱིས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2223  + ((2)དྲ་མ་དྲངས་ནི། དམག་དཔུང་གོ་ཧྲག་དྲངས་པ་ལ་(2)དྲ་མ་དྲངས་ནི། དམག་དཔུང་གོ་ཧྲག་དྲངས་པ་ལ་འཇུག་སྟེ།《ཏུན་ཧོང་གཏེར་ཡིག་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས། མདོ་སྨད་གྱི་དབྱར་འདུན་དབུ་ལེ་ལམ་ནག་དུ། བློན་ཁྲི་སྒྲ་དང་མང་རྩན་འཔན(འཕན)གང་དང་། བློན་མདོ་བཞེར་ལས་སྩོགས་པས་བསྡུས་སྟེ། ཏེའུ་ཅུར་དྲ་མ་དྲངས་སྟེ། ཞེས་པ་ལྟ་བུའོ།།ེ། ཏེའུ་ཅུར་དྲ་མ་དྲངས་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5940  + ((2)བྱ་བ་རྣམས་བསྡུས་པ་སོགས་ལ་འཇུག་སྟེ། 《དབྱ(2)བྱ་བ་རྣམས་བསྡུས་པ་སོགས་ལ་འཇུག་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། རྟུལ་བ་ནི་བརྩོན་པའམ་ཡང་ན་བྱ་བ་རྣམས་བསྡུས་པ་ལ་འཇུག ཅེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། རྟུལ་བ་ནི་རྩོལ་བ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག རྟུལ་བར་བྱེད་ཅིང་ཞེས་བྱ་བ་ནི་རྩོལ་བར་བྱེད་ཅིང་ངོ་།། ཞེས་པ་ལྟ་བུའོ།།་ནི་རྩོལ་བར་བྱེད་ཅིང་ངོ་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3568  + ((2)འདུག་སར་རེའུ་ཆུང་འབྲི་བའི་མིང་སྟེ། 《གནམ(2)འདུག་སར་རེའུ་ཆུང་འབྲི་བའི་མིང་སྟེ། 《གནམ་རྩེ་ལྡེང་མའི་བརྡ་དོན》ལས། བྱུག་རིས་ནི་གྲལ་གྱི་མིང་དུ་བཤད་ལ། དེ་ཡང་བཀད་ས་སྟེ་གཡོས་ཁང་ངམ་འདུག་སར་ཆུས་བྱུགས་ཏེ་རེའུ་ཆུང་འདྲི་བར་བཤད་དོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས འདི་ནི་དགེ་འདུན་གྱི་གནས་མལ་ཅུང་ཟད་མ་མཆིས་སམ། བཞིན་བཟང་མང་དུ་ཡོད་དེ་རེ་ཞིག་ཁོ་བོའི་བྱུག་རིས་སུ་ཡང་དངོས་པོ་བདུན་པོ་དག་ཐོབ་པའོ། ། ཞེས་པ་ལྟ་བུའོ། །པོ་བདུན་པོ་དག་ཐོབ་པའོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4746  + ((2)འདུན་མ་ལ་འཇུག་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འཁོས་ནི་ནུས་པ་དང་འདུན་མ། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/956  + ((5)མི་མཐུན་པ་མཐུད་པ་སོགས་ལ་འཇུག་སྟེ། 《བརྡ་(5)མི་མཐུན་པ་མཐུད་པ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། གོ་འདུན་ཚོགས་ཤིང་འདུ་བའམ། །སྣ་ཚོགས་པ་དང་གང་མོས་དང་། །ལ་ལས་འདག་རྫས་ལ་ཡང་བཤད། །ཅེས་གསུངས། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། གོ་འདུན་ནི་འདག་རྫས་ཏེ། དེ་ཡང་གླ་རྩི་དང་ཀུ་ཤ་དང་སྤོས་ལ་སོགས་པ་བཏབ་པའི་ཕྱེ་མའོ། །ཡང་མི་མཐུན་པ་མཐུད་པའི་མིང་ཟེར་བའང་སྣང་། ཞེས་གསུངས་པ་ལྟར་རོ། །འི་མིང་ཟེར་བའང་སྣང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sngas rgyas chos gzhung tshig mdzod/6035  + ((ལེགས་)དགེ་འདུན་ལ་ཕྱག་འཚལ་ལོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11491  + ((ལེགས་)དགེ་འདུན་ལྷག་མ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11490  + ((ལེགས་)དགེ་འདུན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/12386  + ((ལེགས་)དགོན་པ་སྟེ། དགེ་འདུན་གནས་ས། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8767  + ((ལེགས་)འདུན་པ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་དྲུག་སྡེའི་ཡ་གྱལ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/10275  + ("རང་སྐྱོང་སྲིད་གཞུང་གི་མིང༌། 1. བོད་རང་སྐྱ"རང་སྐྱོང་སྲིད་གཞུང་གི་མིང༌།</br>1. བོད་རང་སྐྱོང་ལྗོངས།</br>2. ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།</br>3. ཟི་ཁྲོན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ།</br>4. ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།</br>5. མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།</br>6. མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>7. མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>8. མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ།</br>9. མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ།</br>10. མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་ཧ་སག་རིགས་རང་སྐྱོང་ཁུལ།</br>11. ཀན་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>12. ཟི་ཁྲོན་མུ་ནེ་བོད་རིགས་རང་སྐྱོང་རྫོང་།(མུ་ལི། སྨི་ལི།)</br>13. ཀན་སུ་དཔལ་རིས་བོད་རིགས་རང་སྐྱོང་རྫོང་།"</br>"དབུ་བརྙེས་པའི་ལོ།</br>སྤྱི་ལོ་1965.9.1ཉིན།</br>སྤྱི་ལོ་1950.11.24ཉིན།</br>སྤྱི་ལོ་1953.1.1ཉིན།</br>སྤྱི་ལོ་1957.9.13ཉིན།</br>སྤྱི་ལོ་1953.12.31ཉིན།།</br>སྤྱི་ལོ་1953.12. 6ཉིན།</br>སྤྱི་ལོ་1953.12.22ཉིན།</br>སྤྱི་ལོ་1954.1.1ཉིན།</br>སྤྱི་ལོ་1951.12.25ཉིན།</br>སྤྱི་ལོ་1954.1.25ཉིན།</br>སྤྱི་ལོ་1953.10.1ཉིན།</br>སྤྱི་ལོ་1953.2.19ཉིན།</br>སྤྱི་ལོ་1950.5.6ཉིན།"</br>"མི་དམངས་སྲིད་གཞུང་ཡོད་ས།</br>གྲོང་ཁྱེར་ལྷ་ས།</br>དར་རྩེ་མདོ།</br>འབར་ཁམས།</br>རྒྱལ་ཐང་།</br>ཧའོ་མོན་ཀྲེན།</br>ཆབ་ཆ་ཀྲེན།</br>རོང་པོ་རྒྱ་མཁར་ཀྲེན།</br>རྨ་ཆེན་རྫོང་རྟའུ་ཀྲེན།</br>སྐྱེ་དགུ་མདོ་ཀྲེན།</br>ཏེ་ལིན་ཁ་ཀྲེན།</br>ཞ་ཧོའི་ཤན་གཙོས་ཀྲེན།</br>ཆབ་བ།</br>དཔལ་བཟང་དགོན།"</br>1. མཐུན་རྐྱེན་སྒྲུབ་པ་ཚོགས་བསག་པ།</br>2. འགལ་རྐྱེན་སེལ་བ་སྲུང་འཁོར་བསྒོམ་པ།།</br>3. སྔགས་གཉིས་བརྗོད་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམ་པ།</br>4. རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ནས་བར་དོ་ལོངས་སྐུ་ལམ་འཁྱེར་བསྒོམ་པ།</br>5. འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྒོམ་པ།</br>6. སྐྱེད་མཆེད་མ་གོ་ཆའི་ལྷ་སྔགས་གང་རུང་དགོད་པ།</br>7. ཡེ་ཤེས་པ་བསྟིམ་པ།</br>8. དབང་བསྐུར་རྒྱས་གདབ་བྱེད་པ།</br>9. མཆོད་བསྟོད་བདུད་རྩི་མྱུང་བ།</br>10. དག་པ་དྲན་པ།</br>11. ཕྲ་ཐིག་བསྒྲོན་པ།</br>12. བཟླས་པ་བྱེད་པ།</br>13. གཏོར་མ་འབུལ་བ་བཅས་སོ། །བཟླས་པ་བྱེད་པ། 13. གཏོར་མ་འབུལ་བ་བཅས་སོ། །)
  • Dictionaries/Brda dkrol gser gyi me long/4628  + ((1) གོང་འོག་གི་མིང་སྟེ། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། བདག་ཅག་སྤུན་གྱི་བྲན་ལགས་པར་དགེ་འདུན་རྒན་རབས་དང་། གནས་བརྟན་གསར་རྙིང་དང་། མངན་བླ་ཟ་འོག་ཀྱང་གློ་བར་ཆུད་ན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7361  + ((1) བཅོལ་བའི་དོན་ལ་འཇུག་སྟེ།《བརྡ་གསར་རྙིང་(1) བཅོལ་བའི་དོན་ལ་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྤངས་པ་ཞེས་པ་བཅོལ་བའི་མིང་། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། སྤངས་པ་ནི་བཅོལ་བ་ལ་འཇུག་སྟེ། སྤང་ལྟུང་ཕྱིར་བཅོས་སྐབས་ལྷུང་བཟེད་དགེ་འདུན་ལ་སྤངས་ཟེར་བ་ལྟ་བུའོ།། ཞེས་གསུངས་པ་ལྟར་རོ།།་སྤངས་ཟེར་བ་ལྟ་བུའོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/3890  + ((1) ཞལ་ཅེའམ་གྱོད་བཤད་པ་སྟེ།《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། བློན་ཆེ་བཙན་སྙས། འདུན་མ་དབུ་རུ་ཤོད་ཀྱི་རེ་སྐམ་དུ་བསྡུས་ཏེ། ཁུ་འདུས་ཙན་དང་། རྔེགས་ཁྱི་མ་རེ་དང་། འ་ཞ་གསུམ་མཆིད་ཤགས་འཚལ་ཤིང་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6422  + ((1) འཁོན་ལན་ནམ་ཤ་འཁོན་གྱི་མིང་སྟེ། 《ཁྱད་པ(1) འཁོན་ལན་ནམ་ཤ་འཁོན་གྱི་མིང་སྟེ། 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ》ལས། ཁྱབ་འཇུག་གིས་ནི་གཉེན་འདུན་དང་། ། ལེ་ལན་གྱིས་ནི་གཏུགས་པར་གྱུར། ། ཁྱབ་འཇུག་གིས་གཉེན་རྣམས་ཕན་ཚུན་ལེ་ལན་ནམ་ཤ་འཁོན་གྱིས་གཏུགས་པ་སྟེ་ཟད་པར་གྱུར་ཞིང་། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། ཉེས་སྐྱོན་ཅི་བྱུང་ཡང་ཕྱོགས་ངན་དང་མཁར་ལན་ལ་ལེ་ལན་མ་བདས་པར། ཞེས་པ་ལྟ་བུའོ། །མཁར་ལན་ལ་ལེ་ལན་མ་བདས་པར། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5030  + ((1) འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག་སྟེ།《འད(1) འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། འཕགས་པ་ནི་འགྲོ་བའམ་འཕགས་སོ་ནི་སོང་ངོ་ཞེས་པའོ། ། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འཕགས་པ་ནི་གནས་དང་བསྐྱོད་པའི་དོན་ལའང་འཇུག ཅེས་གསུངས། ། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཇི་ཙམ་དུས་གཞན་ཞིག་ན་དགའ་འདུན་ལྔ་བརྒྱ་སྐྱེད་མོས་ཚལ་དུ་འཕགས་པ་དང་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཞེས་དང་། ཡང་དེ་ཉིད་ལས། མཉམ་ཡོད་དུ་འདོང་ངོ་སྙམ་དུ་རིག་ནས་ཚོང་བ་ལྔ་བརྒྱ་བྱང་ལམ་ནས་ཟོང་དག་ཐོགས་ཏེ་ཡུལ་དབུས་སུ་འཕགས་སོ། ། ཞེས་པ་ལྟ་བུའོ། །་ཡུལ་དབུས་སུ་འཕགས་སོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3984  + ((1) འདུན་མའི་མིང་སྟེ།《བརྡ་ཡིག་ཤེས་བྱ་རབ་གསལ》ལས། གཏན་གྱི་འདུན་མ་མདུན་མའང་ཟེར། ཞེས་གསུངས།)
  • Dictionaries/bod rgya nang don rig pai tshig mdzod/42  + ((3)དགེ་འདུན་གྱི་ཆོས་ར།)
  • Dictionaries/bod rgya nang don rig pai tshig mdzod/8312  + ((ཀཋནི)གོས་ཀྱི་གཞི་གསུམ་གྱི་ཡ་གྱལ། བག་ཡངས་ད(ཀཋནི)གོས་ཀྱི་གཞི་གསུམ་གྱི་ཡ་གྱལ། བག་ཡངས་དང་འབྲེལ་བ་སྲ་བརྐྱང་གི་གཞི་སྟེ། ཆོས་གོས་དྲས་དྲུབ་བྱེད་པའི་གཞི་སྤང་ལེབ་ནི་ས་བརྐྱང་གི་དངོས་པོ་མཚན་ཉིད་པ་དང་། འདིར་དགེ་འདུན༌སྤྱི་ལ་དབང་བའི་ཆོས་གོས་རྣམ་གསུམ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སྟེ། སྤང་ལེབ་ཀྱིས་ཆོས་གོས་ལ་ཁྱབ་པ་དང་། འཁུམ་པ་བརྐྱང་བ་དང༌ཆོས་གོས་ཀྱི་ཚད་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིང་བ་པོས་ཐམས་ཅད་ལ་ཁྱབ་ཅིང་། གནང་བ་དང་འབྲེལ་བས་ལྟུང་བ་བཅུའི་བག༌ཡངས་པ་དང༌། འདིང་བ༌པོ་རྣམས་བློ་གཅིག་ཏུ་མཐུན་པས་སྲ་བརྐྱང་ཞེས་སུ་གྲགས།་བློ་གཅིག་ཏུ་མཐུན་པས་སྲ་བརྐྱང་ཞེས་སུ་གྲགས།)
  • Dictionaries/bod rgya nang don rig pai tshig mdzod/6911  + ((ཤནྟརཀྵིཏ)སྔར་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པ(ཤནྟརཀྵིཏ)སྔར་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། དཔལ་ན་ལེནྡྲར་སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྒྱ་གར་གྱི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་དང་། དབུ་མ་ཤར་པ་གསུམ་གྱི་ཡ་གྱལ་ཞིག་ཡིན། དབུ་མ་རྒྱན་ལ་སོཊ་པའི་བསྟན་བཅོས་བརྩམས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་ཕེབས། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད། སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བོད་དུ་ཐོག་མར་བཙུགས། འདུལ་བ་དང་དབུ་མ་སྤེལ། མཚན་མཁན་བོ་དྷི་སཏྭྭ་ཞེས་གྲགས། མཁན་ཆེན་འདི་དང་། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་ལ་མཁན་སློབ་ཆོས་གསུམ་དུ་གྲགས། སྔ་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས།་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས།)
  • Dictionaries/bod rgya nang don rig pai tshig mdzod/1284  + ((སཾགྷཝཤེཥཿ)སོ་ཐར་གྱི་ལྟུང་བ་སྡེ་ལྔའི་ནང་གསེས་ཤིག་སྟེ། དགེ་སློང་གང་ཞིག་ལ་ལྟུང་བ་འདི་རིགས་བྱུང་ན་གསོ་བ་དགེ་འདུན་ལ་རག་ལས་ཤིང་། སྡོམ་པའི་ལྷག་མ་ཙམ་ལུས་པས་ན་དེ་ལྟར་བརྗོད་པའོ།།)
  • Dictionaries/bod rgya nang don rig pai tshig mdzod/1384  + ((ཨརཎྱཾ)གྲོང་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་དབེན་གནས་སམ། དགེ་འདུན་པ་བཞུགས་ས། མིང་གི་རྣམ་གྲངས་ལ་ཀློག་གྲྭའི་གནས་དང་། མཁས་གནས། ཆོས་ཀྱི་གྲོང་རྡལ། ཆོས་ཀྱི་འདུན་ས། བདུད་རྩིའི་ཁང་། དབེན་པའི་གནས། ཞི་བའི་གྲོང་། བསམ་གཏན་ཁང་བཅས་སོ།།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1922  + (1, ཝུ་རྒྱལ་རབས། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་1, ཝུ་རྒྱལ་རབས། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་གྱི་དབྱང་ཀྲོའུ། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་དབྱང་ཡིན་ཞིང༌། སྤྱི་ལོ་ 902-937 བར་ལོ་ངོ་སོ་ལྔའི་རིང་སྲིད་དབང་བཟུང་། 2. མིན་རྒྱལ་རབས། རྒྱལ་ས་ནི་ཧྥུ་ཅིའན་ཞིང་ཆེན་གྱི་ཧྥུ་ཀྲོའུ། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཝང་ཡིན་ཞིང་། སྤྱི་ལོ་909-945བར་ལོ་ངོ་སོ་དྲུག་རིང་སྲིད་དབང་བཟུང༌། 3. ཝུ་གཡོད། རྒྱས་ས་ནི་ཀྲེ་ཅིའང་ཞིང་ཆེན་གྱི་ཧང་ཀྲོའུ། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཅིའན་ཡིན་ཞིང༌། སྤྱི་ལོ་907-978 བར་ལོ་ངོ་དོན་གཅིག་རིང་སྲིད་དབང་བཟུང་། 4. ཁྲུའུ་རྒྱལ་རབས། རྒྱལ་ས་ནི་ཧུའུ་ནན་ཞིང་ཆེན་གྱི་ཁྲང་ཧྲ་དེ་ལ་རྒྱལ་རབས་དྲུག་བྱུང་བའི་རུས་མིང་ནི་མཱ་ཡིན་ཞིང་། སྤྱི་ལོ་907-951བར་ལོ་ངོ་ཞེ་བཞིའི་རིང་སྲིད་དབང་བཟུང་། 5. ཆན་ཧྲིའུ (ཧྲིའུ་སྔོན་མ།) རྒྱས་ས་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ། དེ་ལ་རྒྱལ་རབས་གཉིས་བྱུང་བའི་རུས་མིང་ནི་ཝང་ཡིན་ཞིང་། སྤྱི་ལོ་ 903-925 བར་ལོ་ངོ་ཉེར་གཉིས་རིང་སྲིད་དབང་བཟུང་། 6. ཅིང་ནན། རྒྱལ་ས་ནི་ཧོ་པེ་ཞིང་ཆེན་གྱི་ཅིའང་ཧྲན། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཀའོ་ཡིན་ཞིང་། སྤྱི་ལོ་924—963 བར་ལོ་ངོ་སོ་དགུའི་རིང་སྲིད་དབང་བཟུང་། 7. ནན་ཧན (ཧན་ལྷོ་མ)། རྒྱལ་ས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་ལིའུ་ཡིན་ཞིང་། སྤྱི་ལོ་ 917-971 བར་ལོ་ངོ་ལྔ་བཅུ་ང་བཞིའི་རིང་སྲིད་དབང་བཟུང་། 8. ཧོའུ་ཧྲིའུ (ཧྲིའུ་རྗེས་མ)། རྒྱས་ས་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུ། དེ་ལ་རྒྱལ་རབས་གཉིས་བྱུང་བའི་རུས་མིང་ནི་མེང་ཡིན་ཞིང༌། སྤྱི་ལོ་ 933-965 བར་ལོ་ངོ་སུམ་ཅུ་སོ་གཉིས་རིང་སྲིད་དབང་བཟུང་། 9. ནན་ཐང་(ཐང་ལྷོ་མ)། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིང་། དེ་ལ་རྒྱལ་རབས་གསུམ་བྱུང་བའི་རུས་མིང་ནི་ལི་ཡིན་ཞིང་། སྤྱི་ལོ་ 937-975 བར་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་སྲིད་དབང་བཟུང་། 10. པེ་ཧན (ཧན་བྱང་མ)། རྒྱལ་ས་ནི་ཧྲན་ཤིས་ཞིང་ཆེན་གྱི་ཐའི་ཡོན་ཡིན། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་ལིའུ་ཡིན་ཞིང་། སྤྱི་ལོ་ 951-979 བར་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་སྲིད་དབང་བཟུང་།ར་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་སྲིད་དབང་བཟུང་།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1994  + (1. ཁུ་བ་འབྱིན་པ། 2. འཁྲིག་ཚིག 3. ལུས་རེག 4. སྨྱན། 5. བསྙེན་བཀུར། 6. ཁང་བ། 7. ཁང་ཆེན། 8. གཞི་མེད་དང་། 9. བག་ཙམ། 10. དགེ་འདུན་དབྱེན་དང་། 11. དེ་རྗེས་ཕྱོགས། 12. ཁྱིམ་སུན་འབྱིན་དང་།13. བཀའ་བློ་མི་བདེ་བའོ། ཞེས་པ་ལྟར་རོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2128  + (1. གསོད། 2. རྫུན། 3. རྐུ་དང་། 4. འདོད་ལོག 1. གསོད། 2. རྫུན། 3. རྐུ་དང་། 4. འདོད་ལོག 5. ཆང་འཐུང་བ། སྤང་བྱ་སློབ་པའི་གཞི་ལྔ་ཞེས་སུ་བཤད། 6. ཆོ་ལོ། 7. ཁ་ན་མ་ཐོའི་ཟས་ཟ་དང་། 8. རང་ཚིག 9. འབྱུང་པོ། 10. ལྷ་མིན་ཆས་སྤོབས་པ། རྣམ་པ་ལྔ་ནི་བྱ་བ་མིན་ལྔའོ། 11. བ་ལང་། 12. བྱིས་པ། 13. སྐྱེས་པ། 14. བུད་མེད་དང༌། 15. མཆོད་རྟེན་བསྣུན་པ་གསོད་པ་ལྔ་རུ་གྲགས། 16. རྗེ་གྲོགས། 17. རྗེ་བོ། 18. སངས་རྒྱས། 19. དགེ་འདུན་དང༌། 20. བླ་མར་ཁོང་ཁྲོ་བསྒོམ་རྣམས་འཁུ་བ་ལྔ། 21. མིག་དང༌། 22. རྣ་བ། 23. སྣ། 24. ལྕེ། 25. ཡིད་དབང་ལྔ། ཞེན་པར་མི་བྱེད་བརྟུལ་ཞུགས་ཉེར་ལྔའོ།བང་ལྔ། ཞེན་པར་མི་བྱེད་བརྟུལ་ཞུགས་ཉེར་ལྔའོ།)
  • Dictionaries/chos rnam kun btus/10092  + (1. དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ཆོས་སྒ1. དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས་ཞེས་བདག་ཅག་གི་སྟོན་པ་འདི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ནས་ཚངས་པར་སྤྱོད་པར་སྤྱད་དེ། དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་སྐུ་འཁྲུངས་པ་ཡན་ཆད་སྐྱེ་བ་མངོན་པར་སྐྱེ་བའི་སྤྲུལ་པའི་སྐུས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་ནས། མཆོད་པའི་རོལ་མོ་ལས་གཞན་དོན་དུ་བསྐུལ་བའི་སྒྲ་གསན་པ་ན། ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རང་དང་སྐལ་བ་མཉམ་པ་རྣམས་དང་བཀའི་བགྲོ་བ་མཛད་ཅིང་ཆོས་སྟོན་པའི་གནས་སུ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་པ་མི་ཕྱེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་རོ། ། དེ་ནས་གཟིགས་པ་རྣམ་པ་བཞིའམ་ལྔ་ཡིས་འཇིག་རྟེན་ལ་གཟིགས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་གྱི་གནས་ནས་འཕོས་པར་མཛད་དོ། །</br>2. འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ་རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས་ཞེས་དེའང་མིའི་གླིང་གཞན་གསུམ་ལས་ཁྱད་དུ་འཕགས་པ་འཛམ་བུའི་གླིང་ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་བ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང་། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བ་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་སྐབས་དེར་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙན་དན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དང་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། ། དེ་ལ་གཟིགས་པ་བཞི་ནི། གླིང་དང་། དུས་དང་། ཡུམ་དང་རིགས་ཏེ་གོང་དུ་སྨྲས་པ་ལྟར་ལ། ། གཟིགས་པ་ལྔ་ནི། རྒྱལ་རིགས་དང་། ཡུལ་དབུས་དང་། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་སོ། ། </br>3. ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། །ལུམྦི་ནི་ཡི་ཚལ་དུ་དོན་གྲུབ་བལྟམས། ། ཞེས་ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང་། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་·དབུས་སུ་ཨ་ཤཱཐའི་ལྗོན་པ་སྐྱེ་བ་དང་གླིང་ཕྲན་རྣམས་སུ་ཙན་དན་གྱི་ཚལ་སྐྱེ་བ་དང་། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས་ལུམྦི་ནིའི་སྐྱེད་མོའི་ཚལ་དུ་དབོ་ཟླ་བའི་ཚེས་བརྒྱད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་་པ་དང་། བརྒྱ་བྱིན་ལ་སོགས་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་་དབྱུང་ བའི་གསུང་དབྱངས་ཕྱུང་། ཡབ་རྒྱལ་པོས་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ། སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚོན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏེགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །</br>4. ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། ། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། ། ཞེས་བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱི་མཐར་སོན་ཀྱང་འདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚན་དུ་བཞག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོ་འདུ་བྱེད་དང་། ། འཕོང་དང་། སྟོབས་དང་བརྟག་དཔྱད་དང་། གཏམ་དང་། རྐྱལ་དང་། བང་དང་། འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། །</br>5. ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། ། བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། ། གཟུགས་བཟང་དར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། །</br>6. རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། ། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། ། ཞེས་དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་པ། དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོ་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། དེ་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས་ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས་ཞིམ་འབྲིང་བ་འདུན་པ་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲོག་སྟོང་མང་པོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་དུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་།། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ། །</br>7. སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། ། ལོ་དྲུག་སྐྱིལ་ཀྲུང་གཅིག་གིས་དཀའ་བ་སྤྱད། ། ཅེས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ཡངས་པ་ཅན་དུ་གཤེགས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་།་རྒྱལ་པོའི་ཁབ་ཏུ་རངས་བྱེད་པའི་བུ་ལྷས་སྤྱོད་གཉིས་ལས་བསམ་གཏན་གྱི་གདམ་ངག་ནོད་ཅིང་། དེ་དག་གི་རྟོགས་པའི་མཐར་ཐུག་ཅིའང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པ་ཚེགས་ཆུང་ངུས་མངོན་པར་མཛད་ཀྱང་། ཟག་བཅས་ཉེར་ལེན་དང་བཅས་པའི་བསམ་གཏན་སྙོམས་འཇུག་ཏིང་ངེ་འཛིན་རྣམ་སུམ་དབྱུང་ཞིང་དེས་མི་གྲོལ་བ་བསྟན་པ་དང་། ལུས་ཀྱི་རྒྱུའི་ལུང་བསྟན་ཅིང་ལོག་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་འདུན་ཅིང་དེས་མི་གྲོལ་བ་བསྟན་པ་ལ་སོགས་པ་དགོས་པ་མང་པོར་ཉེ་བར་གཟིགས་ནས་ཆུ་ཀླུང་ནེརཉྫ་ནའི་ངོགས་སུ་ལོ་དྲུག་སྐྱིལ་མོ་ཀྲུང་གཅིག་གིས་འདས། ཉིན་རེར་རྒྱ་ཤུག་གི་འབྲུ་གཅིག་ནས་འབྲུ་གཅིག་རིལ་བུ་གཅིག་རྣམས་ལས་མི་གསོལ་བ་དང་། ཆུ་ཐིགས་གཅིག་ཀྱང་མི་གསོལ་བ་ལ་སོགས་པའི་དཀའ་བ་སྤྱད་ཅིང་། ལུས་ངག་གི་དཀའ་ཐུབ་ཁོ་ན་སྤྱད་པ་ན་སྙིང་པོ་མེད་པ་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པར་བསྟན་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས་སྐུ་སྟོབས་སླར་རྒྱས་ཤིང་མཛེས་པ་གྱུར་པས་དགེ་སྤྱོང་མཛེས་པ་ཞེས་པའི་མཚན་དུ་གྲགས་སོ། །</br>8. འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། ། རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། ཞེས་དེ་ནས་ཕྱག་དར་ཁྲོད་ཀྱི་གོས་ལས་ཆོས་གོས་སྦྱར་མར་མཛད་པ་བཞེས་ཤིང་། གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལ་ལྷས་ལུང་བསྟན་པ་བཞིན། བ་སྟོང་གི་འོ་མ་ལ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་གསོལ་མ་ཐག་ཏུ་གསེར་གྱི་མདོག་དང་། འོད་འདོམ་གང་ལ་སོགས་མཚན་དཔེ་རྣམས་རབ་ཏུ་གསལ་ཞིང་འོད་དུ་འབར་བར་གྱུར་ཅིང་། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས། མི་བསྐྱེད་སྟོབས་དང་དབང་པོའི་མཆོད་སྡོང་འདྲ། ། ཞེས་པ་ལ་སོགས་པའི་ལྔ་བཅུ་རྩ་གཅིག་གིས་བྱང་ཆུབ་སྙིང་པོར་གཤེགས་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་བཞིན་དུ་སྒྲ་འབྱིན། སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་བསྒྱུར་གྱི་འཇིག་རྟེན་འདི་བཀོད་པ་ཆེན་པོ་ཀུན་བརྒྱན་པ་ལ་སོགས་ལྷ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོར་རང་རང་གི་ཚོགས་གཉིས་ཀྱི་སྟོབས་ཚད་མེད་པའི་བཀོད་པས་བརྒྱན། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོད་པའི་འོད་ཟེར་དཔག་ཏུ་མེད་པས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་དབུགས་དབྱུང་ཞིང་ཀླུ་ནག་པོ་བྱ་བ་ཚེ་བསྐལ་པར་གནས་ཞིང་དམུས་ལོང་དུ་གྱུར་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་དེའང་མིག་ཕྱེ་ཞིང་སྣང་བ་མཐོང་། ཙཱ་ཤའི་ཁྱུ་རྣམས་སྙན་པར་སྒྲོགས་ཤིང་མཁའ་ལ་གཡས་སུ་བསྐོར། ཐུབ་མཆོག་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོད་དོ་ཅོག་གི་བྱང་ཆུབ་སྙིང་པོའི་རྒྱན་བཀོད་པ་ཇི་སྙེད་པ་རྣམས་དེ་ཉིད་དུ་སྣང་བར་མཛད། རྩྭ་ཡི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཞལ་ཤར་དུ་གཟིགས་སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །</br>9. ཤིན་ཏུ་མི་བཟད་གཡོན་ཅན་བདུད་ཀྱི་སྡེ། ། ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། ། ཞེས་དེ་ནས་བདུད་ལས་རྒྱལ་བ་དང་། བདུད་རིགས་ཀྱི་ལྷའི་བུ་དགེ་རྩ་ཅན་རྣམ་པར་སྨིན་པར་མཛད་པའི་སླད་དུ། སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་ཤིང་བསྐུལ་བས། སྡིག་ཅན་རང་ཉིད་ཀྱི་རྨི་ལྟས་མི་བཟད་པ་མཐོང་བ་སོགས་འཇིགས་སྐྲག་དངངས་ཤིང་ ཤིན་ཏུ་མི་བཟད་པའི་སེམས་སྐྱེས་ཏེ། དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དྲན་པ་ཙམ་གྱིས་སྙིང་འགས་པར་བྱས་པའི་བཀོད་པ་འཇིགས་སུ་རུང་བ་དང་སྟོང་གསུམ་་ཀུན་ནས་གཡོན་ཅན་དེ་འདྲ་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ལྷན་ཅིག་ཏུ་ལྷགས་ཏེ་མཚོན་ཆའི་ཆར་ཕབ་ཅིང་། གདུག་པའི་དབུགས་སྤྲོས་པས། དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་.མཛད་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར་ནས་མཐུ་རྡུགས་ཏེ། བསོད་ནམས་དེ་ཙམ་གྱིས་ཐར་པ་ཐོབ་པས་བཞེངས་སུ་གསོལ་བ་ན། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་པོ་སའི་ལྷ་མོ་འཁོར་དང་ བཅས་པས་ཞུས། སླར་སྲིད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདོད་པའི་གཡོ་སྒྱུས་བསླུ་བར་བརྩམས་ཀྱང་ཐུགས་གཡོ་བར་མི་ནུས་ཏེ། གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ཚར་བཅད་ཅིང་། དེ་དག་ལས་དགེ་རྩ་སྨིན་པའི་ལྷའི་བུ་ཚད་མེད་པ་དག་གི་ཉོན་མོངས་པ་རྣམ་པར་བཅོམ་སྟེ་བྱང་ཆུབ་ཏུ་སྨིན་པར་མཛད་པ་སོགས། མདོར་ན་བྱམས་པའི་ཏེང་ངེ་འཛིན་ཁོ་ནས་བདུད་ཀྱི་དམག་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པའི་ནམ་སྲོད་འཁོར་དེ་ཉིད་དུ་བཏུལ་བར་མཛད་དོ། །</br>10. བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། ། རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ཆུབ། ། ཅེས་ནམ་གྱི་གུང་ལ་བསམ་གཏན་བཞི་པོར་རིམ་གྱིས་སྙོམས་པར་བཞུགས། ལྷའི་སྤྱན་སོགས་མངོན་པར་ཤེས་པས་བདེན་པ་བཞི་དང་རྟེན་འབྲེལ་ལུགས་འབྱུང་ལུང་ལྡོག་གི་རིམ་པ་ལེགས་པར་གཟིགས་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་རྡུང་བའི་དུས་སུ་སྐྱེས་བུའི་ཁྱུ་མཆོག་ཁ་ལོ་བསྒྱུར་བ་བླ་ན་མེད་པ་དེས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཤེས་པར་བྱ་བ་དང་མངོན་དུ་བྱ་བ་གང་ཅིའང་རུང་། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཅིང་། སྤང་བྱ་ཕྲ་ཞིང་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཆོས་ཀུན་གྱི་དབྱིངས་སུ་བླ་ན་མེད་པ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེའི་ནུབ་མོར་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པར་མཛད། སྟོང་གསུམ་འདིའང་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་འདྲེན་པ་རྣམས་ཀྱིས་ལེགས་སོ་གསུངས་ནས་ཆོས་ཀྱི་དགའ་བ་བསྐུར། སྟོང་གསུམ་ཀྱི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞག་བདུན་དུ་སྐྱིལ་ཀྲུང་མ་བཤིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་བསམ་གཏན་གྱི་བདེ་བས་དགྱེས་པར་མཛད། བདུན་ཕྲག་གཉིས་པར་སྟོང་གསུམ་རྒྱང་རིང་དུ་འཆག ་བདུན་ཕྲག་གསུམ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བདུན་ཕྲག་བཞི་པར་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བར་འཆག བདུན་ཕྲག་ལྔ་པར་ཀླུ་བཏང་བཟུང་གི་གནས་སུ་བཞུགས། བདུན་ཕྲག་དྲུག་པ་ལ་དེ་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུད། བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པ་ན་ལྷས་བསྐུལ་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཐོག་མ་ཕུལ་བ་ལ་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བླངས་ནས་གསོལ་ཏེ་ལྷའི་བཀྲ་ཤིས་དོན་གྲུབ་ཅིང་། ། སོགས་ཀྱི་བཀྲ་ཤིས་མཛད་ནས་སངས་རྒྱས་སུ་ལུང་བསྟན་ཏོ། །</br>11. ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། ། དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། ། ཞེས་རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་ཆོས་སྟོན་པར་གསོལ་བར་བཏབ་ཀྱང་མ་གནང་བས་ན་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པར་ལེགས་པ་གཟིགས་ཏེ། མ་ངེས་པའི་སེམས་ཅན་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ། ། དེ་ནས་ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ། དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས་ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་། ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པ་དང་། ཆོས་ཉན་པར་སྐུལ་བའི་སྒྲ་ཡང་བྱུང་བ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ངོ་བོ་དང་བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དགྲ་བཅོམ་ཐོབ་སྟེ་འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་། དེ་ནས་རིམ་པར་རི་བོ་ག་ཡ་དང་སྤོས་ངད་ལྡང་། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཀོ་ས་ལ་སེར་སྐྱའི་གཞི། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པ་ངེས་པ་དང་། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་པ་སོགས་མ་ངེས་པའི་གནས་ཅི་རིགས་པ་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། མཆོག་ཟུང་ལ་སོགས་པའི་འཁོར་རྣམ་པ་བཞི་བགྲང་ལས་འདས་པ་འབྲས་བུ་རྣམ་པ་བཞི་ལ་བཀོད། ཐེག་པ་ཆེན་པོའི་རིགས་ཅན་གྱི་ལྷ་དང་མི་གྲངས་མེད་པ་བྱང་ཆུབ་ཏུ་ལུང་བསྟན། མཉན་དུ་ཡོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོ་འཕྲུལ་ཆེན་པོ་བསྟན། སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་ཆེན་པོའི་ཆེད་དུ་དབྱར་གནས་པར་མཛད་ཅིང་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་པ་སོགས་འདུལ་བཞིའི་ཆོ་འཕྲུལ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་བསྟན་པ་མཛད་དོ། །</br>12. མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང་། ། སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད།། ཅེས་དེ་ལྟར་མཛད་པ་མཐར་ཕྱིན་པའི་སྐབས་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ནས་ལྟས་ཆེན་པོ་སྣང་བར་གྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་རིམ་གྱིས་གཤེགས་ཏེ་སླད་མའི་དུས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པ་ཟུངས་ཤིག་པ་སོགས་གདམས་ནས་མགར་བའི་བུ་ཙུན་ད་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར། ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་གྱི་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ཐུགས་ལ་མཛད། ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཚན་གསུམ་བསྟན་ཅིང་ཞལ་གྱི་གདམས་པ་བསྩལ། དྲི་ཟའི་རྒྱལ་པོ་རབ་དགའོ་དང་ཀུན་ཏུ་རྒྱུ་རབ་བཟང་སོགས་བཏུལ། ཟླ་བ་ཕྱེད་ཕྱེད་དུ་སོ་སོ་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས། ལུགས་འབྱུང་དང་ལུགས་ལྡོག་གི་བསམ་གཏན་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་ས་འདས་པའི་ཚུལ་བསྟན། ཞག་བདུན་དུ་ལྷ་དང་མིའི་མཆོད་པ་རྒྱུ་ཆེན་པོས་མཆོད་ཅིང་སྐུ་གདུང་གྱུད་ཀྱིས་དབུ་རྒྱུན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་ཏེ་སའི་སྟེང་དུ་ཟླ་མེད་ཀྱི་ཉན་ཐོས་ཆེན་པོ་བཞི་ལ་སོགས་པས་མཆོད་ཅིང་མེ་རང་འབར་དུ་གྱུར་པས་གདུང་རྣམས་ཡུངས་འབྲུ་ལྟ་བུའི་རིང་བསྲིལ་གྱི་ཕུང་པོར་གྱུར་པ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་ཡངས་པ་ཅན་ངས་པ་ཅན་གྱི་ལིཙྪ་བཱི་ལ་སོགས་པ་རྣམས་ཀྱིས་ཆ་བརྒྱད་དུ་བགོས་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་དུས་སྟོན་ཆེན་པོ་བཙུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད། ཚེམས་མཆེ་བ་བཞི་པོ་སུམ་ཅུ་རྩ་གསུམ་དང་གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོ་སོགས་ཀྱིས་སོ་སོར་ཐོབ་ནས་མཆོད། མ་སྐྱེས་དགྲའི་གདུང་སྐལ་རྣམས་ཕྱེས༑ ཆོས་རྒྱལ་མྱ་ངན་མེད་ཀྱིས་བླངས་ཏེ་ཛམྦུའི་གླིང་དུ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་དང་། ་མ་འོངས་པ་ན་སྐུ་གདུང་ཡང་འཇིག་རྟེན་ཀུན་ཏུ་འཕེལ་ཞིང་རྒྱས་པ་སོགས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པར་གསུངས་སོ། །</br>མདོར་ན་དགུང་ལོ་ཉེར་དགུ་ཁབ་ཏུ་བཞུགས། ལོ་དྲུག་ཏུ་དཀའ་བ་སྤྱད། སོ་ལྔ་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་དབྱར་གནས་པ་བཞི་བཅུ་རྩ་ལྔ་མཛད་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ། མཐར་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །ོག་གྲོང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །)
  • Dictionaries/chos rnam kun btus/10069  + (1. དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དག1. དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ། ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས། ། བདག་ཅག་གི་སྟོན་པ་འདི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ནས་ཚངས་པར་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་སྐུ་འཁྲུངས་པ་ཡན་ཆད་སྐྱེ་བ་མངོན་པར་སྐྱེ་བའི་སྤྲུལ་པའི་སྐུས་བྱུང་ཆུབ་ཀྱི་སྤྱོད་པ་རྫོགས་ནས། མཆོད་པའི་རོལ་མོ་ལས་གཞན་དོན་དུ་བསྐུལ་བའི་སྒྲ་གསན་པ་ན་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རང་དང་ སྐལ་བ་མཉམ་པ་རྣམས་དང་བཀའི་བགྲོ་བ་མཛད་ཅིང་ཆོས་སྟོན་པའི་གནས་སུ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་གཟིགས་པ་རྣམ་པ་བཞིའམ་ལྔ་ཡིས་འཇིག་རྟེན་ལ་གཟིགས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གས་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ། །</br>2. ལྷུམས་སུ་ཞུགས་པའི་མཛད་པ་ནི། འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ། ། རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས། ། དེའང་མིའི་གླིང་གཞན་གསུམ་ལས་ཁྱད་པར་དུ་འཕགས་པ་ཛམྦུའི་གླིང་། ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་པ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང་། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བས་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་ད་ལྟ་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་པ་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་ཡང་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙནྡན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དང་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། ། དེ་ལ་གཟིགས་པ་བཞི་ནི། གླིང་དང་དུས་དང་ཡུམ་དང་རིགས་ཏེ་གོང་དུ་སྨོས་པ་ལྟར་ལ། གཟིགས་པ་ལྔ་ནི། རྒྱལ་རིགས་དང་། ཡུལ་དབུས་དང་། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་ཤིང་། སྙིགས་མ་ལྔ་ནི། ཚེ་དང་། དུས་དང་། ལྟ་བ་དང་། སེམས་ཅན་དང་། ཉོན་མོངས་པའོ། ། དེ་ཡང་ཚེའི་སྙིགས་མ་དང་དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད། ཉོན་མོངས་པ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད། སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་ཅིང་། གཞན་ཡང་ནད་མེད་པ་དང་། སྟོབས་དང་། བློ་དང་། བརྩོན་འགྲུས་དང་། བསམ་གཏན་ཉམས་པར་བྱེད་པའོ། །</br>3. སྐུ་བལྟམས་པའི་མཛད་པ་ནི། ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། ། ལུམྦི་ནི་ཡི་ཚལ་དུ་དོན་གྲུབ་བལྟམས། ། ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང་། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་དབུས་སུ་ཨ་ཤུཐའི་ལྗོན་པ་སྐྱེ་བ་དང་། གླིང་ཕྲན་རྣམས་སུ་ཙནྡན་གྱི་ཚལ་སྐྱེ་བ་དང་། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས། ལུམྦི་ནཱིའི་སྐྱེད་མོས་ཚལ་དུ་དབོ་ཟླའི་ཚེས་བརྒྱུད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་དང་ བརྒྱ་བྱིན་ལ་སོགས་པ་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་གསུང་དབྱངས་ཕྱུང་། ཡབ་རྒྱལ་པོས་་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ།་སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་པ་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བ་ལུང་བསྟན་ཏོ། །</br>4. བཟོ་ཡི་གནས་ལ་མཁས་པའི་མཛད་པ་ནི། ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། ། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། ། བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱིས་མཐར་སོན་ཀྱང་གདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལྷ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚོན་ཏུ་བཞིག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོའི་འདུ་བྱེད་དང་། འཕོང་དང་སྟོབས་དང་བརྟག་དཔྱད་དང་གཏམ་དང་རྒྱལ་དང་བང་དང་འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མིཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། །</br>5. བཙུན་མོའི་འཁོར་ལ་རོལ་པའི་མཛད་པ་ནི། ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། ། བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། ། གཟུགས་བཟང་དེར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། །</br>6. རབ་ཏུ་བྱུང་བའི་མཛད་པ་ནི། རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། ། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་།། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོའི་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། ད་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས། ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། ཞམ་འབྲིང་བ་འདུན་པ་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲག་སྟོང་མང་པོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་ཏུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ། །</br>7. དཀའ་བ་སྤྱད་པའི་མཛད་པ་ནི། སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། ། ལོ་དྲུག་སྐྱིལ་ཀྲུང་གཅིག་གིས་དཀའ་བ་སྤྱད༑ ། བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ཡངས་པ་ཅན་དུ་གཤེགས་ཏེ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རྒྱལ་པོའི་ཁབ་ཏུ་རངས་བྱེད་ཀྱི་བུ་ལྷས་སྤྱོད་གཉིས་ལས་བསམ་གཏན་གྱི་གདམས་ངག་ནོད་ཅིང་དེ་དག་གི་རྟོགས་པའི་མཐར་ཐུག་ཅིའང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པ་ཚེགས་ཆུང་དུས་མངོན་པར་མཛད་ཀྱང་ཟག་བཅས་ཉེར་ལེན་དང་ བཅས་པའི་བསམ་ག། གཏན་སྙོམས་འཇུག་ཏིང་ངེ་འཛིན་རྣམས་སུན་དབྱུང་ཞིང་དེས་མི་གྲོལ་བར་བསྟན་པ་དང་། ལུས་ཀྱི་རྒྱུའི་ལུང་བསྟན་ཅིང་ལོག་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་འདུན་ཅིང་དེས་མི་གྲོལ་བར་བསྟན་པ་ལ་སོགས་པ་དགོས་པ་མང་པོ་་ཉེ་བར་གཟིགས་ནས།། ཆུ་ཀླུང་ནེ་རཉྫ་ནའི་ངོགས་སུ་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་འདས། རྒྱུ་ཤུག་གི་འབྲུ། ནས་འབྲུ་གཅིག ་ཏིལ་འབྲུ་གཅིག་རྣམས་ཉིན་རེར་གསོལ་བ་དང་ཆུ་ཐིགས་གཅིག་ཀྱང་མི་གསོལ་བ་ལ་སོགས་པའི་དཀའ་བ་སྤྱད་ཅིང་། ལུས་ངག་གི་དཀའ་ཐུབ་ལ་སྙིང་པོ་མེད་པས་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པར་བསྟན་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས་སྐུ་སྟོབས་དང་ལྡན་ཅིང་མཛེས་པར་གྱུར་པས་དགེ་སྦྱོང་མཛེས་པར་མཚན་ཏུ་གྲགས་སོ། །</br>8. བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། ་རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། དེ་ནས་ཕྱག་དར་ཁྲོད་ཀྱི་གོས་ལས་ཆོས་གོས་སྦྱར་མར་མཛད་པ་བཞེས་ཤིང་གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལ་ལྷས་ལུང་བསྟན་པ་བཞིན་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་གསོལ་མ་ཐག་ཏུ་གསེར་གྱི་མདོག་དང་། འོད་འདོམ་གང་ལ་སོགས་མཚན་དཔེ་རྣམས་རབ་ཏུ་གསལ་ཞིང་འོད་དུ་འབར་བར་གྱུར་ཅིང་། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས། མི་བསྐྱོད་སྟབས་དང་དབང་པོའི་མཆོད་སྡོང་འདྲ། །ཞེས་པ་ལ་སོགས་པའི་ལྔ་བཅུ་རྩ་གཅིག་གིས་བྱང་ཆུབ་སྙིང་པོར་གཤེགས་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་བཞིན་དུ་སྒྲ་འབྱིན། སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་སྒྱུར་གྱིས་འཇིག་རྟེན་འདི་བཀོད་པ་ཆེན་པོས་ཀུན་ནས་བརྒྱན་པ་ལ་སོགས་པ་ལྷ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོར་རང་རང་གི་ཚོགས་གཉིས་ཀྱི་སྟོབས་ཚད་མེད་པའི་བཀོད་པས་བརྒྱན། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོད་པའི་འོད་ཟེར་དཔག་ཏུ་མེད་པས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་དབུགས་དབྱུང་ཞིང་ཀླུ་ནག་པོ་བྱ་བ་ཚེ་བསྐལ་པར་གནས་ཤིང་དམུས་ལོང་དུ་གྱུར་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་དེའང་མིག་བྱེ་ཞིང་སྣང་བ་མཐོང་། ཙཱ་ཤའི་ཁྱུ་རྣམས་སྙན་པར་སྒྲོགས་ཤིང་མཁའ་ལ་གཡས་སུ་བསྐོར། ཐུབ་མཆོག་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོད་དོ་ཅོག་གི་བྱང་ཆུབ་སྙིང་པོའི་རྒྱུན་བཀོད་པ་ཇི་སྙེད་པ་རྣམས་དེ་ཉིད་དུ་སྣང་བར་མཛད། རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །</br>9. བདུད་བཏུལ་བའི་མཛད་པ་ནི། ཤིན་ཏུ་མི་བཟད་གཡོན་ཅན་བདུད་ཀྱི་སྡེ། ། ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། ། དེ་ནས་བདུད་ལས་རྒྱལ་བ་དང་བདུད་རིས་ཀྱི་ལྷའི་བུ་དགེ་རྩ་ཅན་རྣམ་སྨིན་པར་མཛད་པའི་སླད་དུ་སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་ཤིང་བསྐུལ་བས། སྡིག་ཅན་རང་ཉིད་ཀྱིས་རྨི་ལྟས་མི་བཟད་པ་མཐོང་བ་སོགས་འཇིགས་སྐྲག་སྔངས་ཤིང་ཤིན་ཏུ་མི་བཟད་པའི་སེམས་སྐྱེས་ཏེ། དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དྲན་པ་ཙམ་གྱིས་སྙིང་འགས་པར་ནུས་པའི་བཀོད་པ་འཇིགས་སུ་རུང་བ་དང་། སྟོང་གསུམ་ཀུན་ནས་གཡོན་ཅན་དེ་འདྲ་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ལྷན་ཅིག་ཏུ་ལྷགས་ཏེ་མཚོན་ཆའི་ཆར་ཕབ་ཅིང་གདུག་པའི་དབུགས་སྤྲོས་པས། དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་མཛེས་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར་ནས་མཐུ་རྡུགས་ཏེ། བསོད་ནམས་དེ་ཙམ་གྱིས་ཐར་པ་མི་ཐོབ་པས་བཞེངས་སུ་གསོལ་བ་ན། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་པོ་སའི་ལྷ་མོ་འཁོར་དང་བཅས་པས་ཞུས། ་སླར་སྲེད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདོད་པའི་གཡོ་སྒྱུས་བསླུ་བར་བརྩམས་ཀྱང་ ཐུགས་གཡོ་བར་མ་ནུས་ཏེ་གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ཚར་བཅད་ཅིང་། དེ་དག་ལས་དགེ་རྩ་སྨིན་པའི་ལྷའི་བུ་ཚད་མེད་པ་དག་གི་ཉོན་མོངས་པ་རྣམ་པར་བཅོམ་སྟེ་བྱང་ཆུབ་ཏུ་སྨིན་པར་མཛད་པ་སོགས་མདོར་ན་བྱམས་པའི་ཏིང་ངེ་འཛིན་ཁོ་ནས་བདུད་ཀྱི་དམག་མི་འཁྲུགས་ཕྲག་གཅིག་བྱུང་ཆུབ་ཀྱི་སྙིང་པོར་བཞུགས་པའི་ནམ་སྲོད་འཁོར་དེ་ཉིད་དུ་བཏུལ་བར་མཛད་དོ། །</br>10. མངོན་པར་སངས་རྒྱས་པའི་མཛད་པ་ནི། བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། ། རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ ཆུབ། ། ནམ་གྱི་གུང་ལ་བསམ་གཏན་བཞི་པོར་རིམ་གྱིས་སྙོམས་པར་ཞུགས། ལྷའི་སྤྱན་སོགས་མངོན་པར་ཤེས་པས་བདེན་པ་བཞི་དང་། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་ལེགས་པར་གཟིགས་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་རྡུང་བའི་དུས་སུ་སྐྱེས་བུའི་ཁྱུ་མཆོག་ཁ་ལོ་སྒྱུར་བ་བླ་ན་མེད་པ་དེས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཤེས་པར་བྱ་་བ་དང་མངོན་དུ་བྱ་བ་གང་ཅིའང་རུང་། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཅིང་། སྤང་བྱ་ཕྲ་ཞིང་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཆོས་ཀུན་གྱི་དབྱིངས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེའི་ནུབ་མོ་ཁོ་ནར་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་ཏེ། །དེ་ནས་དེ་བཞིན་གཤེགས་པ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པར་མཛད། སྟོང་གསུམ་འདིའང་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་འདྲེན་པ་རྣམས་ཀྱིས་ལེགས་སོ་གསུངས་ནས་ཆོས་ཀྱི་དགའ་བ་བསྐུར། སྟོང་གསུམ་གྱི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞག་བདུན་དུ་སྐྱིལ་ཀྲུང་མ་བཤིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་བསམ་གཏན་གྱི་བདེ་བས་དགྱེས་པར་མཛད། བདུན་ཕྲག་གཉིས་པར་སྟོང་གསུམ་རྒྱང་རིང་དུ་འཆག ། བདུན་ཕྲག་གསུམ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བདུན་ཕྲག་བཞི་པར་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བར་འཆག ། བདུན་ཕྲག་ལྔ་པར་ཀླུ་བཏང་་བཟུང་གི་གནས་སུ་བཞུགས། བདུན་ཕྲག་དྲུག་པ་ལ་དེ་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུད། བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པ་ན་ལྷས་བསྐུལ་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཐོག་མར་ཕུལ་བ་ལ་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བླངས་ནས་གསོལ་ཏེ། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། ། སོགས་ཀྱི་བཀྲ་ཤིས་མཛད་ནས་སངས་རྒྱུས་སུ་ལུང་བསྟན་ཏོ། ། ཐེག་པ་ཆེན་པོའི་ལུགས་སུ་འདི་དག་གི་སྐབས་སུ་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། ཞག་བདུན་ཕྲག་བདུན་གྱི་སྐབས་སུ་སངས་རྒྱས་ཕལ་པོ་ཆེའི་ཆོས་ཀྱི་སྒོ་འབྱེད་པ་སོགས་ཐུན་མོང་མ་ཡིན་པའི་ཚུལ་ཆེས་མང་ངོ་། །</br>11. ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། ། དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། ། རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་ པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། ། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱུད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་རོངས་ནས་ཆོས་སྟོན་པར་གསོལ་བ་བཏབ་ཀྱང་མ་གནང་བ་ན་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་ལེགས་པར་གཟིགས་ཏེ་མ་ངེས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ། ། དེ་ནས་ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲུང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ་དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས་ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་ཏུ་སྣང་བ་ཆེན་པོས་ཁྱབ་པ་དང་ཆོས་ཉན་པར་སྐུལ་བའི་སྒྲའང་བྱུང་བ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ངོ་བོ་དང་། བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དག་བཅོམ་ཐོབ། འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་། དེ་ནས་རིམ་པར་རི་བོ་ག་ཡ་དང་སྤོས་ངད་ལྡང་། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཀོ་ས་ལ། སེར་སྐྱའི་གཞི། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པ་ངེས་པ་དང་། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་པ་སོགས་མ་ངེས་པའི་གནས་ཅི་རིགས་པ་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རིམ་པ་གསུམ་དུ་བསྐོར། མཆོག་ཟུང་ལ་སོགས་པ་འཁོར་རྣམ་པ་བཞི་བགྲང་བ་ལས་འདས་པ་འབྲས་བུ་རྣམ་པ་བཞི་ལ་བཀོད། ཐེག་པ་ཆེན་པོའི་རིགས་ཅན་གྱི་ལྷ་དང་མི་གྲངས་མེད་པ་བྱུང་ཆུབ་ཏུ་ལུང་བསྟན། མཉན་དུ་ཡོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོ་འཕྲུལ་ཆེན་པོ་བསྟན། སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་ཆེན་པོའི་ཆེད་དུ་དབྱར་གནས་པར་མཛད་ཅིང་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་འདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་པ་སོགས་འདུལ་བཞིའི་ཆོ་འཕྲུལ་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། མདོར་ན་དགུང་ལོ་ཉེར་དགུར་ཁབ་ཏུ་བཞུགས། ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སོ་ལྔ་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་དབྱར་གནས་པ་གཞི་བཅུ་རྩ་ལྔ་མཛད་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏོ། །</br>12. མྱ་ངན་ལས་འདས་པའི་མཛད་པ་ནི། མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང་། ། སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད། ། དེ་ལྟར་མཛད་པ་མཐར་ཕྱིན་པའི་སྐབས་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ནས་ལྟས་ཆེན་པོ་སྣང་བར་གྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་རིམ་གྱིས་གཤེགས་ཏེ་སླད་མའི་དུས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པར་ཟུངས་ཤིག་པ་སོགས་གདམས་ནས་མགར་བའི་བུ་ཙུནྡ་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར་ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་གྱི་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ཐུགས་ལ་མཛད། ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཚན་གསུམ་བསྟན་ཅིང་ཞལ་གྱི་གདམས་པ་བསྩལ། དྲི་ཟའི་རྒྱལ་པོ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་སོགས་བཏུལ། ཟླ་བ་ཕྱེད་ཕྱེད་དུ་སོ་སོར་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས་ལུགས་འབྱུང་དང་ལུགས་ལྡོག་གི་བསམ་གཏན་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཞག་བདུན་དུ་ལྷ་དང་མིའི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་སྐུ་གདུང་རྒྱུད་ཀྱིས་དབུ་རྒྱུན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་ཏེ་སའི་སྟེང་དུ་ཟླ་མེད་པའི་ཉན་ཐོས་ཆེན་པོ་བཞི་ལ་སོགས་པས་མཆོད་ཅིང་མེ་རང་འབར་དུ་གྱུར་པས་གདུང་རྣམས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡངས་པ་ཅན་གྱི་ལི་ཙྪ་བཱི་ལ་སོགས་པ་རྣམས་ཀྱིས་ཆ་བརྒྱུད་དུ་བགོས་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་དུས་སྟོན་ཆེན་པོར་བཙུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད། – ཚེམས་མཆེ་བ་བཞི་པོ་སུམ་ཅུ་རྩ་གསུམ་པ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོ་སོགས་ཀྱིས་སོ་སོར་ཐོབ་ནས་མཆོད། མ་སྐྱེས་དགྲའི་གདུང་སྐལ་རྣམས་ཕྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བླངས་ཏེ་ཛམྦུའི་གླིང་དུ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་དང་། མ་འོངས་པ་ན་དེ་དག་ནོར་བུ་ཏོག་གི་བློ་གྲོས་སུ་གྱུར་ནས་དོན་མཛད་པ་སོགས་མདོར་ན་སྐུ་གདུང་ཡང་འཇིག་རྟེན་ཀུན་ཏུ་རྒྱས་ཤིང་འཕེལ་བས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་དོ། །ལ་བས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་དོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1918  + (1. དགེ་འདུན་བསྡུ་པའི་ཕྱིར། 2. དགེ་འདུན་ལེག1. དགེ་འདུན་བསྡུ་པའི་ཕྱིར། 2. དགེ་འདུན་ལེགས་པར་བྱ་བའི་ཕྱིར། 3. དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར། 4. གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར། 5. ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར། 6. མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར། 7. མངོན་པར་དད་པ་རྣམས་ཕྱིར་འཕེལ་བར་བྱ་བའི་ཕྱིར། 8. མཐོང་བའི་ཆོས་ཀྱིས་ཟག་པ་རྣམས་གདམ་པའི་ཕྱིར། 9. ཚེ་རབས་ཕྱི་མ་རྣམས་ཆུ་ལོན་གྱི་བཟློས་པའི་ཕྱིར། 10. ངའི་ཚངས་པར་སྦྱོད་པ་ལ་ཡུན་རིང་དུ་གནས་པར་འགྱུར།་ཚངས་པར་སྦྱོད་པ་ལ་ཡུན་རིང་དུ་གནས་པར་འགྱུར།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/64  + (1. དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1903  + (1. དགོན་པ་བཤིག་པ། 2. བསྟན་པ་བཤིག་པ། 3. དགེ1. དགོན་པ་བཤིག་པ། 2. བསྟན་པ་བཤིག་པ། 3. དགེ་འདུན་གྱི་སྤྱི་རྫས་འཕྲོགས་པ། 4. སྐུ་གསུང་ཐུགས་རྟེན་བཤིག་པ། 5. རྒྱལ་ཁབ་གྱི་རྒྱུ་ནོར་བརྐུས་པ། 6. མི་དམངས་ལ་གནོད་འཚེ་བྱས་པ། 7. ལྷ་དང་བླ་མ་ལ་བརྙས་སྨོད་བྱས་པ། 8. ཕ་མ་གསོད་པ། 9. ཆབ་སྲིད་ལ་གནོད་འཚེ་བྱས་པ། 10. ལོག་པར་ལྟ་བ་སྟེ་བཅུའོ།གནོད་འཚེ་བྱས་པ། 10. ལོག་པར་ལྟ་བ་སྟེ་བཅུའོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1606  + (1. ནུབ་ཏུ་པད་སྤུངས་མཆོད་རྟེན་དང༌། 2. ཤར་ལྷ1. ནུབ་ཏུ་པད་སྤུངས་མཆོད་རྟེན་དང༌། 2. ཤར་ལྷོར་བྱང་ཆུབ་མཆོད་རྟེན། 3. ལྷོར་བཀྲ་ཤིས་སྒོ་མང་མཆོད་རྟེན། 4. བྱང་ཤར་ཆོ་འཕྲུལ་མཆོད་རྟེན། 5. ཤར་དུ་ལྷ་བབས་མཆོད་རྟེན་ཐེམ་སྐས་ལྟ་བུ། 6. ནུབ་བྱང་དུ་དགེ་འདུན་དབྱེན་སྡུམ་མཆོད་རྟེན་ཟུར་དྲུག་པ། 7. ལྷོ་ནུབ་ཏུ་རྣམ་རྒྱལ་མཆོད་རྟེན་བཟླུམ་པོ། 8. བྱང་དུ་མྱང་འདས་མཆོད་རྟེན། (page 439.1) 8. བྱང་དུ་མྱང་འདས་མཆོད་རྟེན། (page 439.1))
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1090  + (1. ཕས་ཕམ་པར་གྱུར་པའི་ཆོས་བཞི། 2. དགེ་འདུན་ལྷག་མ་བཅུ་གསུམ། 3. ལྟུང་བྱེད། 4. སོ་སོར་གཤགས་པ་བྱ་བ་བཞི། 5. བསླབ་པའི་ཆོས་མང་པོ།)
  • Dictionaries/chos rnam kun btus/10083  + (1. མ་རིག་པ་ཡི་ཉི་མ་ལ། ། མཆོད་རྟེན་མཁར་རྩིག1. མ་རིག་པ་ཡི་ཉི་མ་ལ། ། མཆོད་རྟེན་མཁར་རྩིག་མཆོད་སྦྱིན་དང་། །ཞིང་ཁང་ས་བཙལ་མགོ་ལུས་བཀྲུ། ། གོས་བཟོ་དོན་གཉེར་འདུ་ལོང་བཟང་། ། མི་ཆེན་མཇལ་ཕྲད་མོ་འདེབས་དང་། ། གོས་གསར་བྱོན་པ་ངན་པས་སྤང་། ། དོན་གཉེར་ཤར་དུ་བཀྲ་ཤིས་ལ། ། ལྷོ་རུ་རྩོད་ཕྲད་དོན་མི་འགྲུབ། ། ནུབ་ཏུ་སྙིང་མི་དགའ་བའི་གཏམ། ། ཐོས་ཤིང་དོན་མི་འགྲུབ་པ་དང་། ། བྱང་གི་ཕྱོགས་ཕྱིན་གཏམ་སྙན་ཐོས། ། བུ་བཙས་ལོ་ཟླ་ཞག་དགུ་ལ། ། མི་ཤི་ནོར་དང་སྨྲ་བ་མང་། ། ཉེ་བ་དང་འཐབ་རྩོད་པ་ལྡང་། ། སེམས་སྡུག་འཁྲིག་ལ་སྲེད་པ་དང་། ། ཡིག་རྩིས་གཙུག་ལག་ཤེས་པ་འབྱུང་། ལོ་ནི་བརྒྱད་ཅུ་རྩ་གཅིག་འཚོ། ། ཐ་མ་འདུ་བྱེད་ཉི་མར་འཆི། ། བོར་སྟོར་བྱུང་ན་བྱང་ནས་འོངས། ། མི་ནི་སྐྲ་ངན་འཆམས་ལ་དགའ། ། དེ་འབྲས་ཤར་ཕྱོགས་ཐག་རིང་ཁྱེར། ། ཞག་དགུ་ཚུན་ལ་རྙེད་པར་འགྱུར། །ནད་བཏབ་ཟླ་བ་ཕྱེད་ཚུན་ལ། ། མ་ཤི་དེ་ནས་ཞག་གསུམ་ན། ། གསོས་པར་འགྱུར་བས་གཟབ་པར་གཅེས། ། སྒྲིབ་ན་འབྲུ་ལྔར་རྒན་མོའི་གཟུགས། ། ལོང་བུའི་རྒྱབ་ཏུ་ཤོག་བུ་ལ། ། མ་རིག་པ་ཡི་གནོད་པ་དང་། ། ཆགས་ཆེ་ཉམ་ང་དགྲ་ལ་བསྒྱུར། ། བྱ་བ་བྲིས་ལ་བསྒྱུར་བྱ་ཞིང་། ། དཀར་གཏོར་མདའ་དར་དཀར་པོ་དང་། འབྲུ་སྣ་བཅས་པ་ཤར་དུ་འཛུགས། །</br>2. འདུ་བྱེད་ཀྱི་ནི་ཉི་མ་ལ། ། རིག་པ་ཡིག་སློབ་རྒྱུན་སྤྲོས་པ། ། བག་མ་དགེ་ལས་ཁྲུས་བྱ་བ། ། ཁང་པ་བརྩིག་དང་ལུས་བཀྲུ་བ། ། དགྲ་བོ་ཚར་གཅོད་ལས་རྣམས་བཟང་། ། མགོ་བཀྲུས་གོས་གསར་གྱོན་པ་ན། ། ནད་དང་གློ་བུར་ཡེ་འབྲོག་ཡོང་། ། དོན་གཉེར་ཤར་ཕྱིན་ནོར་རྙེད་ཅིང་། ། བདེ་བར་ལྡོག་ལ་ལྷོར་ཕྱིན་ན། ། མྱ་ངན་སངས་ཤིང་ཉེས་མེད་ལྡོག ། ནུབ་ཏུ་བཙས་སྟོན་ཟས་རྙེད་ཅིང་། ། བྱང་ དུ་བསམས་པའི་དོན་འགྲུབ་འགྱུར། ། བཙས་ན་ལོ་ཟླ་ཞག་བརྒྱད་ལ། ། གློ་བུར་མ་ཤི་ཕྱུག་པོར་འགྱུར། ། སྤུན་གཉིས་ནད་དཀོན་ཚེ་རིང་ཞིང་། ། གྲོགས་མང་གྱུར་ཀྱང་ཚངས་པར་སྤྱོད། ། མཁས་པ་བཟོ་རིགས་ཤེས་པ་དར། ། ཚེ་ལོ་བརྒྱད་ཅུ་རྩ་གཅིག་འཚོ། ། ཐ་མ་རྣམ་ཤེས་ཉི་མ་འཆི། ། ནོར་སྟོར་རྐུན་མ་མདོག་སེར་སྐྱ། ། གོས་དུག་གྱོན་པ་ཞིག་གིས་ཁྱེར། ། རྟག་ཏུ་རྐུར་དགའ་ཤར་ཕྱོགས་སོང་། ། ནོར་དེ་རང་དང་མི་འབྲལ་ལོ། ། ནད་ཐེབས་ཉིན་བདུན་མ་ཤི་ན། ། དེ་ནས་ཞག་པོ་གསུམ་ན་འཚོ། ། སྒྲིབ་ན་བག་ཕྱེར་རྫ་མཁན་གཟུགས། ། དར་འབྲུ་སྣ་དང་མདའ་དར་སེར། ། སྟེང་འཕྱར་ཕྱེ་མར་གསུར་བཏང་ཐུབ། །</br>3. རྣམ་ཤེས་ཉི་མ་རྟེན་བཞེང་བ། ། དབང་བསྐུར་སྒྲུབ་མཆོད་བྱ་བ་དང་། ། སྨན་དཔྱད་མཆོད་སྦྱིན་དགྲ་འདུལ་མོ། ། གྲོང་ཁྱེར་གཞོམ་དང་གོས་གསར་གྱོན། ། འདུ་ལོང་བག་མ་རྒྱལ་སར་བསྐོ། ། མགོ་བཀྲུས་ཡིད་དུ་འོང་ལ་བཟང་། ། ལུས་བཀྲུས་དངངས་པ་འབྱུང་བས་ངན། ། དོན་གཉེར་ཤར་དུ་ཉོན་མོངས་ཤིང་། ལྷོ་རུ་ཉེས་མེད་ནུབ་རྩོད་དང་། ། བྱང་དུ་ཕྱི་ནད་ནོར་རྙེད་འགྱུར། ། བཙས་ན་ལོ་ཟླ་ཞག་ལྔ་ལ། ། གློ་བུར་མ་ཤི་སྤྲོ་རིང་ཞིང་། ། མཁས་ཤིང་ང་རྒྱལ་ཆེ་བ་དང་། ། སྡིག་དགའ་ཚིག་རྩུབ་དཔའ་ཞིང་དབུལ། ། བྱང་སེམས་ཆུང་བར་འགྱུར་བ་ཡིན། ། དྲུག་ཅུ་རྩ་གཉིས་འཚོ་བ་དང་། ། མཚོན་གྱིས་མིང་གཟུགས་ཉི་མར་འཆི། ། སྟོར་ན་རྐུན་མ་རང་ཁྱིམ་མི། ། སེར་སྐྱ་བོངས་ཆུང་ཞིག་གིས་ཁྱེར། ། གཞན་ལ་ཁས་མི་ལེན་པས་རྙེད། ། འདི་ལ་ནད་ཀྱིས་བཏབ་པ་ན། ། ཉི་མ་གསུམ་སྔར་མ་ཤི་ན། །དེ་ནས་ཞག་བདུན་བརྒྱུད་ལ་འཚོ། ། སྒྲིབ་ན་ལྔ་ལ་སྤྲེལ་གཟུགས་བཟོས། ། ཁོང་དུ་བཟློག་སྔགས་བཛངས་བྱས་ལ། ། སྨན་འབྲུ་སྣ་བཅས་ལམ་གསུམ་མདོར། ། བསྐྱལ་ལ་དར་དམར་གནམ་ལ་འཕྱར།། །</br>4. མིང་གཟུགས་ཀྱི་ནི་ཉི་མ་ལ། ། བཀྲ་ཤིས་བརྗོད་དང་སྐྲ་སེན་འབྲེག ། དཀར་ཆོས་འཇལ་ལེན་བླ་མ་མཇལ། ། འཇིགས་ལ་ཁྲོས་པ་སྨན་སྦྱོར་བཟང་། ། མགོ་བཀྲུས་སྐྲ་དཀར་ལུས་བཀྲུས་ན། ། གཉེན་སྐྲག་གོས་གྱོན་མྱུར་འཛད་ངན། ། དོན་གཉེར་ཤར་དཔལ་ལྷོར་བསམ་འགྲུབ། ། ནུབ་ཏུ་མི་རྙེད་བྱང་སྟོར་རྨོངས། ། བཙས་ན་ལོ་ནི་བཅུ་གཉིས་དང་། ། ཟླ་ཞག་དྲུག་ལ་མ་ཤི་ན། ། ནད་ཉུང་འཚོ་དཀོན་སྣང་བ་མང་། ༑ བུ་ཡིན་མི་འཚོ་རྟག་འཇིགས་མང་། ། གཏུམ་ཞིང་ང་རྒྱལ་ཚེ་སྨད་ཕྱུག ། ཆུང་མ་གསུམ་ཡོང་ཚོང་གིས་འཚོ། ། ཚེ་ལོ་བརྒྱད་ཅུ་རྩ་གཅིག་ཐུབ། ། གཅོང་གིས་སྐྱེ་མཆེད་ཉི་མར་འཆི། །ནོར་སྟོར་རྐུན་མ་སྤུན་གཉིས་ཡོད། ། གཅིག་ནི་བཞིན་མི་སྡུག་པ་དང་། ། བཀྲག་ནག་ལག་པ་བཟོ་བ་ཡོད། ། ཞག་པོ་ཉི་ཤུ་གཅིག་ན་རྙེད། ། ནད་ཐེབས་ཉི་མ་བ་གསུམ་མམ་ལྟར། ། མ་ཤི་དེ་ནས་བདུན་ནས་གྲོལ། ། བརྒྱད་པར་ཐལ་ནས་བསོས་མི་འགྱུར། ། སྒྲིབ་ན་བག་ཕྱེར་མཉམ་པ་དང་། ། ལྷ་བཟོའི་གཟུགས་བཅོས་དེར་སྨན་འབྲུའི། ། སྣ་དང་དཀར་གསུམ་མདའ་དར་སྔོ། ། ལྷོར་བསྟན་སྤོས་དཀར་དུད་པས་ཐུབ།</br>5. སྐྱེ་མཆེད་རྒྱལ་ས་བྱ་བ་དང་། ། བག་མ་བཟློག་རིམ་རྟེན་བཞེང་བ། ། རྒྱལ་པོ་ཁྲུས་བྱེད་གྲོང་ཁྱེར་བཟུང་། ། དགེ་ལས་གཏེར་སྦེད་མགོ་བཀྲུས་ན། ། གཟི་བརྗིད་གོས་གྱོན་མཛེས་འགྱུར་་བཟང་། ། ཁྱིམ་དུ་ཞུགས་ནས་སླར་འབྱུང་དང་། ། གཞན་ལ་ཕྱག་བྱ་སྡིག་པའི་ལས། ་། ལུས་བཀྲུས་ཕ་མ་སྐྲག་པས་ངན། ། དོན་གཉེར་ཤར་དུ་དོན་རྙེད་ཅིང་། ། ལྷོ་རུ་དཔལ་ཕྲད་ཡིད་དགའ་ལ། ། ནུབ་དང་བྱང་དུ་རེ་བ་རྫོགས། ། བཙས་ན་ལོ་བརྒྱུད་ཡང་ན་བཅུ། ། ཟླ་གསུམ་ཉིན་ལྔར་མ་ཤི་ན། ། སེར་སྣ་ཆེ་ཞིང་ནད་མོད་ལ། ། དཔའ་ཞིང་འཕོངས་ལ་སྲེད་པ་ཆེ། ། ལྷོར་འདུ་དྲུག་ཅུ་རྩ་བཞི་འཚོ། ། རང་ཁྱིམ་རེག་པའི་ཉི་མར་འཆི། ། ནོར་སྟོར་ཁྱིམ་མཚེས་མདོག་སེར་སྐྱ། །གསུས་པ་དང་ནི་མིག་ཆེ་བས། ། ཆུ་འགྲམ་གྲོང་ཡོད་ས་རུ་ཁྱེར།། ། དེ་སར་ཉིན་གཉིས་ཚུན་ཆད་དུ། ། མ་གཏུགས་ཕྱིས་སུ་སྙེད་མི་འགྱུར། ། ནད་འཕོག་ཉི་མ་གསུམ་བཞི་ལ། ། མ་ཤི་ཉི་མ་བཅུ་ན་འཚོ། ། སྒྲིབ་ན་ཕྱེ་ནག་མཁར་གཟུགས་བཟོས། ། དར་སྨན་འབྲུ་སྣ་དར་ལྗང་རྣམས། ། གནམ་འཕྱུར་མདའ་ཆག་ལམ་དུ་བསྒྱུར། །</br>6. རེག་པའི་ཉི་མ་ཤར་བ་ན། །རྐུ་འཕྲོག་སྤོག་གཅོད་ཆད་པ་གཅོད། ། མནན་བསྲེག་དྲག་རྩུབ་ལས་རྣམས་དང་། ། མགོ་བཀྲུས་རྩོད་པ་ཉུང་བས་བཟང་། །བཟོ་བྱེད་ལུས་བཀྲུས་ཕ་མ་སྐྱུག ། གོས་གྱོན་མཛའ་བོས་འཚེ་བས་ངན། ། གལ་ཏེ་གྱོན་ན་དགེ་སློང་གི ། མདུན་དུ་ཕྱག་བྱས་གྱོན་ན་འཇམ། ། ཤར་སོང་ནོད་ཐེབས་ལྷོ་རུ་མཛེས། ། ནུབ་ཏུ་ཅ་ཅོ་དངངས་སྐྲག་འོང་། ། བྱང་དུ་རྙེད་ཀྱང་ཡུན་རིང་འགོར། ། བཙས་ན་ལོ་དགུ་ཞག་ལྔ་དང་། ། ཟླ་བ་དགུ་ལྔ་གསུམ་གྲངས་ལ། ། མ་ཤི་རྟག་ཏུ་ནད་ཀྱིས་འཛིན། ། བཤེས་གཉེན་ཆེ་ལ་སྨྲ་བ་མཁས། ། བློ་གྲོས་ལྡན་ཞིང་ང་རྒྱལ་ཆེ། ། ལག་རྐུ་ཆོས་དགའ་ཕྲག་དོག་ཆེ། ཕྱུག་ཅིང་འཁྲིག་ལ་སྲེད་པ་ད་། ལོ་ནི་དྲུག་ཅུ་རྩ་གསུམ་འཚོ། ། ཆད་པས་ཚོར་བའི་ཉི་མར་འཆི། ། ནོར་སྟོར་རང་གི་ཁྱིམ་མཚེས་པ། ། སྐྲ་ནག་ཉམས་ཚོ་ཀླག་ཅོར་ཆེ། ། ངོ་བསྟོད་རྟག་ཏུ་དེར་གནས་པ། ། ཡིན་ཏེ་དེར་བཙུགས་ཤིན་ཏུ་བསྙོན། ། བསྡོངས་ཟླ་བཞི་ཡོད་གྲོང་གཞན་དུ།། ་། ནོར་ལ་འཐབ་རྩོད་བྱེད་པ་འབྱུང་། ། ཡུན་རིང་སོང་ན་ཁུངས་ཙམ་ཆོད། ། ནད་ཐེབས་ཉིན་གསུམ་མ་ཤི་ན། ། བརྒྱུད་ནས་འཚོ་ལ་ཚེ་རིང་འགྱུར། ། སྒྲིབ་ན་བག་ཕྱེར་ཤ་བ་དང་། ། ཤ་ཁྱི་སྔོན་པོའི་གཟུགས་བཟོས་ལ། ། དར་སྨན་འབྲུ་སྣ་མི་ཁ་ཡི། ། རྫས་བཅས་ཕྱིར་བསྒྱུར་དར་སྨན་དང་། ་། རིན་ཆེན་ལྕགས་ཙལ་རྣམས་གཏུམས་ལོ། ། རྟེན་གྱི་ཞབས་ཀྱི་འོག་ཏུ་འཇུག ། སྒྲུང་སྒྱུར་དུད་པ་བཏང་བས་ཐུབ། །</br>7. ཚོར་བ་ཞེས་བྱའི་ཉི་མ་ལ། ། མཛའ་བོ་ཕྲད་དང་ཆོས་བྱེད་པ། ། ཚོང་དང་ཆུ་བརྒལ་ཞི་བའི་ལས། ། འཁོར་འདུ་དབང་མོ་དཀྱིལ་འཁོར་བཞེང་། །ཟས་ནོར་བསྡུ་དང་དགེ་ལས་བཟང་། ། མགོ་བཀྲུས་སྐྲ་བྱི་ལུས་བཀྲུས་ན། ། ཡིད་མི་བདེ་ཞིང་གོས་གྱོན་ན། ། དངང་ངོ་ཡོང་བས་ངན་པར་བཤད།. ། ཤར་ཕྱིན་མྱ་ངན་སངས་ཤིང་མགུ། ། ལྷོ་རུ་ཕྱིན་ན་ནད་ཀྱིས་འདེབས། ། ནུབ་ཕྱིན་ཤི་ཚད་གཏམ་ངན་ཐོས། །བྱང་དུ་གཏམ་སྙན་ཡིད་བདེ་འབྱུང་། ། བཙས་ན་ལོ་བརྒྱད་ཟླ་་བ་བརྒྱད། ། ཡང་ན་ཟླ་གཉིས་ཞག་བཅུ་གཉིས། ། མ་ཤི་གཞན་གྱི་བསྙེན་བཀུར་དང་། ། མཆོད་པའི་གནས་འགྱུར་གཡོ་སྡིག་དགའ། ། ནད་ལྡང་འབྲུ་ནོར་ཕྱུག་པ་དང་། ། བཟོ་མཁས་ཆུང་མ་གཉིས་དང་ལྡན། ། ཚེ་ལོ་དྲུག་ཅུ་ཐམ་པ་འཚོ། } ཚད་པས་སྲེད་པའི་ཉི་མར་འཆི། ། སྟོར་ན་རྐུན་མ་ལམ་རིང་ཡོང་། །ཁྱི་ནི་རྐང་ལག་ནག་པོ་ལ། ། ལུས་ཁྲ་ཕྱི་ནས་འབྲངས་པས་ཁྱེར། ། ཞག་པོ་ཉེར་གཅིག་ལ་རྙེད་འགྱུར། ། ནད་ཕོག་ཉིན་ལྔ་མ་ཤི་ན། ། དགུར་ལྡང་བཅུ་ལ་གསོས་པར་འགྱུར། ། སྒྲིབ་ན་ཟན་ལ་མདའ་མཁན་གྱི། ། གཟུགས་བཟོས་འབྲུ་སྣ་གྱི་ཆུང་དང་། ། མདའ་དར་ལྷན་གཅིག་སྟེང་དུ་འཕྱུར། །གུ་གུལ་དུད་པ་བཏང་བས་ཐུབ། །</br>8. སྲིད་པའི་ཉི་མར་བག་མ་དང་། ། ནོར་རྫས་བསྡུ་དང་ནོར་དཔུས་བསྒྱུར། ། ཚོང་བྱེད་འདུ་ལོང་དགེ་བའི་ལས། ། མོ་འདེབས་མྱུར་སྤང་ལས་རྣམས་བཟང་། ། གོས་གྱོན་རྟག་ཏུ་འགྲུབ་ན་ཡང་། ། དེ་ཉིན་བགོ་བར་མི་བྱ་ཞིང་། ། མགོ་བཀྲུས་སྐྲ་འབྱི་ལུས་བཀྲུས་ན། །འཇིགས་པ་ཆེ་ཞིང་ཤར་ཕྱིན་ན། ། དོགས་པ་བསྐྱེད་ཅིང་ལྷོ་རུ་ཕྱིན། ། ནོར་རྙེད་མྱ་ངན་ཕྲན་ཚེགས་འབྱུང་། ། ནུབ་ཏུ་ཤི་ཆད་གཏམ་ཐོས་ཤིང་། །བྱང་དུ་ཕྱིན་ན་ཡིད་མི་བདེ། ། བྱིས་པ་ལོ་དགུ་ཟླ་བ་ལྔ། ། ཞག་པོ་གསུམ་དང་བཅུར་མ་ཤི། ། གྲོང་ཁྱེར་གྱི་ནི་དཔོན་དུ་འགྱུར། ། བུ་ཚ་མང་ལ་ལོངས་སྤྱོད་ཆེ། ། ནད་དཀོན་གཟུགས་བཟང་དགྲ་སྒྲོགས་མང་། །ལོ་ནི་བརྒྱད་ཅུ་རྩ་བཞི་འཚོ། ། དུག་གིས་ལེན་པའི་ཉི་མར་འཆི། ། བོར་སྟོར་རྐུན་མ་ནུབ་ཕྱོགས་ཡོང་། ། གཟུགས་བཟང་འཕོངས་པའི་མི་ཞིག་སྟེ། ། རྐང་ལག་ནག་པོའི་ཁྱི་ཡི་བདག ། དེར་བབས་དེ་ཐབས་རྙེད་པར་འགྱུར། ། ནད་ཐེབས་བརྒྱུད་ལ་མ་ཤི་ན། ། བཅུར་འཚོ་དེ། ལ་མ་གསོས་འཆི། ། སྒྲིབ་ན་ཤོག་བུར་འདོད་སྤྱོད་བྲིས། ། དེ་ནི་འཇག་མའི་མགལ་བར་བཅུག ། འབྲུ་དང་སྣ་དང་མཉམ་བྱས་ལ། ། ལམ་གྱི་བཞི་མདོར་བསྐྱལ་བ་དང་། ། དར་དམར་གནམ་འཕྱར་ཚིལ་དུད་བཏང་། །</br>9. ལེན་པ་ཡི་ནི་ཉི་མ་ལ། སྨན་སྦྱོར་དགྲ་བྱེད་ཕོ་ཉ་གཏོང་། ། གཞན་གྱི་བུད་མེད་ལ་བགྲོད་དང་། ཁ་སྤུ་འབྲེག་དང་མི་སྨྲ་བཟང་། །.མགོ་བཀྲུས་སྐལ་པ་བཟང་བ་དང་། ། ལུས་བཀྲུས་ནོར་རྙེད་བཟང་བ་ཡིན། ། གཞན་མ་གང་བརྩམས་འབྲས་བུ་མེད། ། གོས་གྱོན་ཚེ་ཐུང་ཕན་མི་ཐོགས། ། ཤར་སོང་འཇིགས་ཤིང་ལྷོ་རུ་མཛེས། ། ནུབ་ཏུ་ཅུང་འཇིགས་བྱུང་བསམ་འགྲུབ། ། བཙས་ན་ཞག་དགུ་ཟླ་བ་གཉིས། ། ལོ་བརྒྱད་དགུ་ལ་མ་ཤི་ན། ། ལྟ་བར་མི་སྡུག་སེམས་ཆུང་ཞིང་། ་། གཏིང་རིང་མཛའ་བོའི་གཟུགས་ཀྱི་ནི། ། གཡོ་བྱེད་ལ་དགའ་འདོད་ཆགས་ཆེ། ། ཚུལ་ཁྲིམས་འཆལ་ཞིང་ལོ་དྲུག་ཅུ། ། རྩ་བཞིར་འཚོ་ཞིང་ཐ་མ་རུ། ། སྲིད་པའི་ཉི་མར་ཚུའམ་མཛེས། ། རང་གི་ཡུལ་དུ་འཆི་བར་འགྱུར། ། ནོར་སྟོར་ཤར་ཡོང་མི་གཉིས་ཡོད། ། ནོར་ཕྱིར་གཉིས་པོ་ནུབ་ཕྱོགས་འཐབ། ། ངེས་པར་རྙེད་པར་འགྱུར་བ་ཡིན། ༑ ནད་འཕོག་ཉིན་བརྒྱད་མ་ཤི་ན། ། བཅུར་གསོས་དེར་ཡང་ཅུང་ ཟད་ལ། ། མ་ཤི་བ་ན་འཚོ་བ་ཡིན། ། སྒྲིབ་ན་སྣམ་སྟེང་ཆོས་ཤིག་བཞག །ནས་དཀར་བྲེ་གང་སྟེང་དུ་ནི། ། མར་མེ་བདུན་དུ་སྤོས་སྤར་ཐུབ། །</br>10. སྲིད་པའི་ཉི་མ་ཤར་བ་ནི། ། བུད་མེད་མཛའ་པོ་བསུ་བ་དང་། ། གཞན་ཡང་ལས་ཀུན་འགྲུབ་འགྱུར་ཞིང་། ། མགོ་བཀྲུས་བཟང་དང་བཅའ་བ་རྙེད། ། ལུས་བཀྲུས་ཡིད་འོང་མཛེས་པར་འགྱུར། ། གོས་གྱོན་མཛེས་ཀྱང་བགོ་མི་བྱ། ། འཐབ་རྩོད་བྱ་བ་འདི་ལ་སྤང་། ། ཤར་སོང་དོན་མེད་འཇིགས་དང་ཕྲད། ། ལྷོ་རུ་ཅི་བསམ་ཐམས་ཅད་འགྲུབ། ། ནུབ་ཏུ་འཇིགས་ཆེ་བྱང་ནོར་རྙེད། ། བཙས་ན་ཉིན་དགུ་ཟླ་གཉིས་སམ། ་། གསུམ་དང་ལོ་དགུར་་བསམ་ཐམས་མ་ཤི་ན། ། གཞན་གྱི་ཆུང་མར་འཁྲིག་པ་སྲེད། ། གཉིད་ཆུང་གཙོ་བོ་དམག་དཔོན་འགྱུར། ། བཙན་ཕྱུག་བཟོ་ཡི་གནས་ལ་མཁས། །ཆུང་མ་གཉིས་ལྡན་དྲུག་ཅུ་འཚོ། ། ཐ་མ་སྐྱེ་བའི་ཉི་མ་ལ། ། མཚོན་གྱིས་གཞན་ཡུལ་དག་ཏུ་འཆི། ། འདི་ལ་ནོར་སྟོར་ཤར་ནས་ཡོང་། ། གཡེང་བག་ཆེ་ཞིང་སྦྱང་བ་ཡི། ། བཤེས་གཉེན་ཆེ་བ་ཞིག་ཡིན་ཏེ། ། དེ་ཉིད་སུ་ལ་བློ་མི་གཏོད། ། རིང་མོར་སོང་ནས་ནང་ཉམས་རྙེད། ། ནད་འཕོག་ཉི་མ་གསུམ་དགུ་ལ། ། མ་ཤི་བ་ན་གསོས་པར་འགྱུར། ། སྒྲིབ་ན་ཟན་ལ་ཆང་འཐུང་མི། ། གཟུགས་བཟོས་སྤང་མ་འབྲུ་སྣ་དང་། ། དར་དང་རིན་ཆེན་གོས་ནག་ཁ། ། གང་དང་ཤུག་ཤིང་འཕྱར་བས་ཐུབ། །</br>11. སྐྱེ་བ་ཡི་ནི་ཉི་མ་ལ། ། བཟློག་རིམ་ཁྱིམ་བཅོས་ཁང་འཛིན་སོགས། ། ཁྱིམ་བདག་གི་ནི་ལས་རྣམས་དང་། ། རྒྱལ་དང་ བློན་པོའི་ལས་རྣམས་བཟང་། ། མགོ་བཀྲུས་བཀུར་སྟི་རིམ་གྲོ་རྙེད། ། ལུས་པོ་བཀྲུས་ན་མཛའ་བོ་རྙེད། ། གོས་གྱོན་རིང་དུ་མི་གནས་པ། ། བགོ་བར་མི་བྱ་ཤར་དུ་ཕྱིན། ། ནོར་རྙེད་མོད་ཀྱིས་བརླག་པར་འགྱུར། ། ལྷོ་རུ་གཏམ་སྙན་ནུབ་ཉེས་མེད། ། བྱང་དུ་ནོར་རྙེད་བཙས་པ་ན། ། ཉིན་དགུ་ཟླ་དགུ་ལོ་བཅུ་ལ། ། མ་ཤི་རྟག་པར་ནད་བུ་ཅན། ། ཕྱུགས་དང་ཡུལ་འཁོར་མི་སྐྱོང་ལ། ། གཞན་གྱིས་མཆོད་པའི་གནས་སུ་འགྱུར། ། དྲུག་ཅུ་འཚོ་ཞིང་རྒ་ཤི་ལ། །ཆུ་ཡི་གནོད་པས་འཆི་བར་འགྱུར། ། ནོར་སྟོར་རྐུན་མ་མི་གསུམ་གྱི། ། གཉིས་ནི་ཕྱི་མི་གཅིག་ནང་མི། ། ཁུངས་ནི་དལ་བུས་ཤེར་བ་མ། ། ཡུན་རིང་ཞིག་ན་རྙེད་པར་འགྱུར། ། ནད་འཕོག་ཉིན་ལྔར་མ་ཤི་ན། ། བརྒྱུད་ལ་གསོས་པོར་འགྱུར་བ་ཡིན། ། སྒྲིབ་ན་འཇིམ་པར་བྱིས་བཙས་ཀྱི། ། གཟུགས་བྱས་དེ་འབྲུ་སྨན་གྱི་སྣ། ། བལ་ཚོན་བསྒྲིལ་ལ་མདའ་དར་ལྔ། ། མཉམ་དུ་སྟེང་ནས་འཕྱུར་བ་དང་། ། བུ་རམ་གསུར་ནི་བཏང་བས་ཐུབ། །</br>12. རྒ་ཤི་ཡི་ནི་ཉི་མ་ལ། ། ཕྱུག་པོའི་ནོར་བརྐུ་ཚུར་བླང་རིགས། ། མགོ་བཀྲུས་གོས་དང་བཟའ་བཏུང་རྙེད། ། དེ་དག་བཟང་ཞིང་མཆོད་སྦྱིན་གཏོང་། ། བཟོ་བྱེད་མོ་འདེབས་ལ་སོགས་དང་། ། རྩོད་པའི་རིགས་རྣམས་སྤང་བར་བྱ། ། ལུས་བཀྲུས་གོད་མང་གོས་གསར་པ། ། གྱོན་ན་གནས་པར་མི་འགྱུར་རོ། ། ཤར་དུ་སོང་ན་མྱུར་དུ་ལྡོག ། ལྷོ་རུ་གྲོགས་དང་གཏམ་སྙན་འོང་། ། ནུབ་ཏུ་དངངས་སྐྲག་བྱང་དུ་བདེ། ། བཙས་པ་ཉིན་གཉིས་ཟླ་བ་གཅིག་་། ལོ་དགུར་མ་ཤི་བྱིས་པའི་དུས། ། ནད་མང་ཆེར་སྐྱེས་ནད་བྱུང་ཞིང་། ཡིད་གཞུངས་གཉེན་འདུན་བྱམས་པ་དང་། ། དགྲ་མང་དྲུག་ཅུ་རྩ་བཞི་འཚོ། ། མཚོན་གྱིས་མ་རིག་ཉི་མར་འཆི། ། རྐུན་མ་བྱང་ཡོང་སྐད་འཛེར་བ། ། སྐྱེ་ལུས་རིང་ཞིང་མཆུ་ཡང་དམར། ། མགོ་སྐྱ་སོ་ཆག་ཞིག་གིས་ཁྱེར།་། ཞག་ནི་ཉི་ཤུ་ལྔ་ནས་རྙེད། ། ནད་ཐེབས་ཉི་མ་གསུམ་བདུན་ལ། ། མ་ཤི་བཅོས་ཀྱིས་ནད་ལས་གྲོལ། ། སྒྲིབ་ན་ཟན་ལ་དགྲ་གཟུགས་བྱས། ། དེ་ཁོང་རྒ་ཤི་ཞེས་པ་བཅུག ། རེ་ནག་གཏུམས་ལ་རིན་ཆེན་ལྔས། ། བཅིངས་ལ་རང་འཐག་འོག་ཏུ་མནན། །དར་སེར་ནམ་མཁའ་འཕྱོར་བ་དང་། །སྟོབས་ཆེན་གཟུངས་སྔགས་བཀླགས་པས་ཐུབ། །དང་། །སྟོབས་ཆེན་གཟུངས་སྔགས་བཀླགས་པས་ཐུབ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1193  + (1. མཆོད་རྟེན་བཤིག་པ་དང༌། 2. དགེ་འདུན་གྱི་དཀོར་འཕྲོག་པ་དང་། 3. བྱང་སེམས་ངེས་གནས་བསད་པ། 4. དགྲ་བཅོམ་མ་སུན་པར་བྱས་པ། 5. སློབ་པ་བསད་པ།)
  • Dictionaries/chos rnam kun btus/9871  + (1. ཝུ་རྒྱལ་རབས། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཀ1. ཝུ་རྒྱལ་རབས། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཀྲའོ་ཙུང་གི་ཅིང་ཧྥ་ཁྲི་ལོ་དང་པོ་སྤྱི་ལོ892ལོར་ཅུང་སུའུ་ཞིང་ཆེན་གྱི་དབྱང་ཀྲོའུ་ལ་རྒྱལ་ས་བྱས་པའི་ལུ་རྒྱལ་རབས། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་དབྱང་ཡིན་ཞིང་། སྤྱི་ལོ་892ནས་937ལོའི་བར་ལོ་ངོ་ཞེ་དྲུག་རིང་སྲིད་དབང་བཟུང་།</br>2. མིན་རྒྱལ་རབས། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཀྲའོ་ཙུང་གི་ཅིང་ཧྥུ་ཁྲི་ལོ་གཉིས་པ། སྤྱི་ལོ་893ལོར་ཧྥུ་ཅན་ཞིང་ཆེན་གྱི་ཧྥུ་ཀྲོའུ་ལ་རྒྱལ་ས་བྱས་པའི་མིན་རྒྱལ་རབས། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཝང་ཡིན་ཞིང་། སྤྱི་ལོ་893ནས་945ལོའི་བར་ལོ་ལྔ་བཅུ་ང་གསུམ་རིང་སྲིད་དབང་བཟུང་། །</br>3. ཝུ་གཡོད། གོང་དང་དུས་མཚུངས་སུ་ཀྲེ་ཅའང་ཞིང་ཆེན་གྱི་ཧང་ཀྲོའུ་ལ་རྒྱལ་ས་བྱས་པའི་ཝུ་གཡོད། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཆིའན་ཡིན་ཞིང་། སྤྱི་ལོ་893ནས་978ལོའི་བར་ལོ་ངོ་བརྒྱད་ཅུ་གྱ་དྲུག་བར་སྲིད་དབང་བཟུང་།</br>4. ཁྲུའུ་རྒྱལ་རབས། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཀྲའུ་ཙུང་གི་ཆེན་ཉིང་ཁྲི་ལོ་གསུམ་པ་སྤྱི་ལོ་896ལོར་ཧུའུ་ནན་ཞིང་ཆེན་གྱི་ཁྲུང་ཧྲེ་ལ་རྒྱལ་ས་བྱས་པའི་ཁྲུའུ་རྒྱལ་རབས། དེ་ལ་རྒྱལ་རབས་དྲུག་བྱུང་བའི་རུས་མིང་ནི་མཱ་ཡིན་ཞིང་། སྤྱི་ལོ་896ནས་951ལོའི་བར་ལོ་ངོ་ལྔ་བཅུ་ང་དྲུག་རིང་སྲིད་དབང་བཟུང་།</br>5. ཆན་ཧྲུའུ། ཧུའུ་སྔོན་མ། ཐང་རྒྱལ་རབས་རྫོགས་ནས་སྤྱི་ལོ་907ལོར་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུར་རྒྱལ་ས་བྱས་པའི་ཧྲུའུ་སྔོན་མོ། དེ་ལ་རྒྱལ་རབས་གཉིས་བྱུང་བའི་རུས་མིང་ནི་ཝང་ཡིན་ཞིང་། སྤྱི་ལོ་907ནས་925ལོའི་བར་ལོ་ངོ་བཅུ་དགུའི་རིང་སྲིད་དབང་བཟུང་།</br>6. ཅིང་ནན། གོང་གསལ་དང་དུས་མཚུངས་སུ་ཧོ་པེ་ཞིང་ཆེན་གྱི་ཅིའང་ཧཱན་ལ་རྒྱལ་ས་བྱས་པའི་ཅིང་ནན། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཀའོ་ཡིན་ཞིང་། སྤྱི་ལོ་907ནས་963ལོའི་བར་ལོ་ངོ་དྲུག་ཅུ་ཐམ་པའི་རིང་སྲིད་དབང་བཟུང་།</br>7. ནན་ཧན་(ཧན་ལྷོ་མ།) སྤྱི་917ལོར་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ་ལ་རྒྱལ་་ས་བྱས་པའི་ཧན་ལྷོ་མ། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་ལིའུ་ཡིན་ཞིང་། སྤྱི་ལོ་917ནས་971ལོའི་བར་ལོ་ངོ་ལྔ་བཅུ་ང་ལྔའི་རིང་སྲིད་དབང་བཟུང་།</br>8. ཧོའུ་ཧྲུའུ་(ཧུའུ་རྗེས་མ།) སྤྱི་ལོ་934ལོར་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུར་རྒྱལ་ས་བྱས་པའི་ཙུའུ་རྗེས་མ། དེ་ལ་རྒྱལ་རབས་གཉིས་བྱུང་པའི་རུས་མིང་ནི་མེང་ཡིན་ཞིང་། སྤྱི་ལོ་934ནས་965ལོའི་བར་ལོ་ངོ་སུམ་ཅུ་སོ་གཉིས་རིང་སྲིད་དབང་བཟུང་།</br>9. ནན་ཐང་(ཐང་ལྷོ་མ།) སྤྱི་ལོ་937ལོར་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་ལ་རྒྱལ་ས་བྱས་པའི་ཐང་རྗེས་མ་དེ་ལ་རྒྱལ་རབས་གསུམ་བྱུང་བའི་རུས་མིང་ནི་མེང་ཡིན་ཞིང་། སྤྱི་ལོ་937ནས་975ལོའི་བར་ལོ་ངོ་སུམ་ཅུ་སོ་དགུའི་རིང་སྲིད་དབང་བཟུང་།</br>10. པེ་ཧན་(ཧན་བྱང་མ།) སྤྱི་ལོ951ལོར་ཧྲན་ཞིས་ཞིང་ཆེན་གྱི་ཐའི་ཡོན་ལ་རྒྱལ་ས་བྱས་པའི་ཧིན་བྱང་མ། – དེ་ལ་རྒྱུལ་རབས་བཞི་བྱུང་བའི་རུས་མིང་ནི་ལིའུ་ཡིན་ཞིང་། སྤྱི་ལོ་951ནས་979ལོའི་བར་ལོ་ངོ་ཉི་ཤུ་རྩ་དགུ་བར་སྲིད་དབང་བཟུང་བ་བཅས་གོང་གསལ་རྒྱལ་ཕྲན་བཅུ་པོ་ཕལ་ཚེ་བ་དུས་མཚུངས་སུ་གནས་པའི་ལོ་གྲངས་སྔ་རྗེས་བསྡོམས་སྤྱི་ལོ་892ནས་979ལོའི་བར་ལོ་གྲངས་བརྒྱད་ཅུ་གྱ་བརྒྱད་རིང་སྲིད་དབང་བཟུང་ངོ་། །བརྒྱད་ཅུ་གྱ་བརྒྱད་རིང་སྲིད་དབང་བཟུང་ངོ་། །)