Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "ནས་དང་། འབྲས་གྲོ། སྲན་མ། ཏིལ་ཏེ་ལྔ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/bod rgya nang don rig pai tshig mdzod/5687  + (སྲོག་སྡོམ་གཟེར་བཞིའི་ཡ་གྱལ་མཆོག་ཐུན་གྱི་ཕྲསྲོག་སྡོམ་གཟེར་བཞིའི་ཡ་གྱལ་མཆོག་ཐུན་གྱི་ཕྲིན་ལས་སྒྲུབ་པའི་བྱེ་བྲག་སྟེ། འདིས་མར་འཁོར་བའི་དུས་ཀྱི་སྒོ་གསུམ་གྱི་བྱ་བའི་ཆ་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་སུ་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་དོན་གཉིས་ལྷུན་གྲུབ་ཀྱི་བྱ་བ་ལ་བསླབས་པས་རྫོགས་རིམ་དམིགས་བཅས་ཐུན་མོང་གི་ལམ་དང་། དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་མངོན་སུམ་འོད་གསལ་གྱི་རྣམ་འབྱོར་སྣང་སྲིད་འོད་སྐུར་སྦྱོང་བའི་སྨིན་བྱེད་དུ་འགྲོ་བའོ།།འོད་སྐུར་སྦྱོང་བའི་སྨིན་བྱེད་དུ་འགྲོ་བའོ།།)
  • Dictionaries/bod rgya nang don rig pai tshig mdzod/3244  + (སྲོག་སྡོམ་གཟེར་བཞིའི་ཡ་གྱལ་ཞིག་སྟེ། སྣང་སྲསྲོག་སྡོམ་གཟེར་བཞིའི་ཡ་གྱལ་ཞིག་སྟེ། སྣང་སྲིད་ལྷའི་འཁོར་ལོར་བསྒོམ་པ་སྟེ། དེ་མར་འཁོར་བའི་སྐྱེ་གནས་བཞིའི་ལུས་ཀྱི་བག་ཆགས་སྦྱང་ཞིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཚེ་སྐུ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་རྩའི་དྲྭ་ཐམས་ཅད་ལྷ་རུ་སྦྱངས་པས། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ།ྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ།)
  • Dictionaries/bod rgya nang don rig pai tshig mdzod/1375  + (སྲོག་སྡོམ་གཟེར་བཞིའི་ཡ་གྱལ། ཆོས་ཉིད་དག་མཉམསྲོག་སྡོམ་གཟེར་བཞིའི་ཡ་གྱལ། ཆོས་ཉིད་དག་མཉམ་སྟོང་པ་ཆེན་པོ་རྟོགས་པའི་ལྟ་བ་སྟེ། དེས་མར་འཁོར་བའི་དུས་སུ་སེམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཚེ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་བདེ་གསལ་མི་རྟོག་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ།།་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ།།)
  • Dictionaries/sngas rgyas chos gzhung tshig mdzod/1609  + (སྲོག་སྡོམ་གཟེར་བཞིའི་ཡ་གྱལ། ཆོས་ཉིད་དག་མཉམསྲོག་སྡོམ་གཟེར་བཞིའི་ཡ་གྱལ། ཆོས་ཉིད་དག་མཉམ་སྟོང་པ་ཆེན་པོ་རྟོགས་པའི་ལྟ་བ་སྟེ། དེས་མར་འཁོར་བའི་དུས་སུ་སེམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཚེ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་བདེ་གསལ་མི་རྟོག་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ།ག་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ།)
  • Dictionaries/bod rgya nang don rig pai tshig mdzod/3179  + (སྲོག་སྡོམ་གཟེར་བཞིའི་ཡ་གྱལ། སྒྲ་གྲག་སྔགས་ཀསྲོག་སྡོམ་གཟེར་བཞིའི་ཡ་གྱལ། སྒྲ་གྲག་སྔགས་ཀྱི་རང་བཞིན་དུ་ཤེས་པ་སྟེ། མར་འཁོར་བའི་དུས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཚེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་ངག་རླུང་གི་རང་བཞིན་སྔགས་ཀྱི་རྣམ་པར་སྦྱང་བ་རླུང་ལ་བརྟེན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ།ྟེན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ།)
  • Dictionaries/sngas rgyas chos gzhung tshig mdzod/4002  + (སྲོག་སྡོམ་གཟེར་བཞིའི་ཡ་གྱལ། སྒྲ་གྲག་སྔགས་ཀསྲོག་སྡོམ་གཟེར་བཞིའི་ཡ་གྱལ། སྒྲ་གྲག་སྔགས་ཀྱི་རང་བཞིན་དུ་ཤེས་པ་སྟེ། མར་འཁོར་བའི་དུས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཚེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་ངག་རླུང་གི་རང་བཞིན་སྔགས་ཀྱི་རྣམ་པར་སྦྱང་བ་རླུང་ལ་བརྟེན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།ུ་འགྲོ་བ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/1860  + (སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པའི། སྒོམ་རིམ་དང་པོ་དང་། སྒོམ་རིམ་བར་བ། སྒོམ་རིམ་ཐ་མ་འབྲས་བུ་བསྟན་པ་བཅས་གསུམ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/6149  + (ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགོན་ནང་གི་མཆོད་རྟེན་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་དགའ་སྟོན་ཞིག)
  • Dictionaries/sngas rgyas chos gzhung tshig mdzod/8209  + (ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགོན་ནང་གི་མཆོད་རྟེན་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་དགའ་སྟོན་ཞིག)
  • Dictionaries/Brda dkrol gser gyi me long/5117  + (ཨུ་ཚུགས་ཀྱིས་འཚངས་ཏེ་ཡོང་བའི་དོན་ཏེ། 《དབྱཨུ་ཚུགས་ཀྱིས་འཚངས་ཏེ་ཡོང་བའི་དོན་ཏེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། འབུར་ཚངས་ནི་རྒྱུ་མེད་རྐྱེན་མེད་དུ་འབུར་ཏེ་འཚངས་ནས་ཡོང་བའི་དོན་ནོ། ། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། རྟེན་འབྲེལ་གྱི་དོན་རྟོགས་པས་རང་གི་བྱང་ཆུབ་བརྙེས་པ་ཡིན་གྱི། ཁོང་རང་གིས་བར་དེར་འབུར་འཚངས་སུ་འབྲས་བུ་ཐོབ་པ་མ་ཡིན། ཞེས་པ་ལྟ་བུའོ། །་སུ་འབྲས་བུ་ཐོབ་པ་མ་ཡིན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2287  + ((2)དྲི་བའི་དོན་ནམ་ཉེས་ཆུང་གི་མིང་སྟེ།《བརྡ་(2)དྲི་བའི་དོན་ནམ་ཉེས་ཆུང་གི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ན་སྨད་དྲི་བའི་དོན་ནམ་ཉེས་ཆུང་མིང་།། ཞེས་གསུངས། དཔེར་ན། 《འདུལ་བའི་མདོ་རྒྱ་ཆེར་འགྲེལ》ལས། བསླངས་པ་ལས་ཐོབ་པའི་འབྲས་བུ་ནི་ཟ་བ་ཡིན་པས་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ནས་ཐོབ་པ་ལ་ན་སྨད་པ་མེད་དོ་ཞེས་བརྗོད། ཅེས་པ་ལྟ་བུའོ།།་ན་སྨད་པ་མེད་དོ་ཞེས་བརྗོད། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5668  + ((2)བྱ་ཞིག་གི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་ག(2)བྱ་ཞིག་གི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། རི་སྐྱེགས་བྱ་ཡིན། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། སྐྱེད་མོས་ཚལ་ཤིང་ལྗོན་པའི་ཚལ་སྣ་ཚོགས་ཀྱིས་བརྒྱན་པ། མེ་ཏོག་དང་འབྲས་བུ་དང་། ཆུ་རྒྱུན་སྣ་ཚོགས་དང་ལྡན་པ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐྱེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་སྒྲ་འབྱིན་པ་ཞིག་ཏུ། ཞེས་པ་ལྟ་བུའོ། །ཏེའུ་སྒྲ་འབྱིན་པ་ཞིག་ཏུ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7473  + ((2)མལ་ཆས་སོགས་ཀྱི་ཁུར་པོའི་མིང་སྟེ།《ངག་སྒྲ(2)མལ་ཆས་སོགས་ཀྱི་ཁུར་པོའི་མིང་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། སྤྱིལ་པོ་རྩྭ་སོགས་ཀྱི་ཁང་པ། ཞེས་དང་། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། སྤྱིལ་པོ་ཁང་པའམ་མལ་ཆས་ཁུར་པོ། ཞེས་གསུངས། དཔེར་ན། 《མ་ཎི་བཀའ་འབུམ》ལས། རི་མཐོ་ལ་ས་གཙང་བ། ཉི་མ་ནུབ་པ་འཕྱི་ལ་འཆར་བ་སྔ་བ། ཁ་ལྷོར་བལྟས་པ། འབྲས་བུ་མང་བ། ཆུ་ཞིམ་པ། བྱ་མང་པོ་སྐད་སྙན་པ་སྒྲོགས་པ་ཅིག་ཏུ་སྤྱིལ་པོ་རེ་རེ་བྱས་པ། ཞེས་པ་ལྟ་བུའོ།།ག་ཏུ་སྤྱིལ་པོ་རེ་རེ་བྱས་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6138  + ((2)འབྲས་རྡོག་སོགས་ལའང་འཇུག་སྟེ། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། རྣལ་འབྱོར་གཞན་ཀུན་ཕུབ་མ་ལྟ་བུ་སྟེ། ། འདི་ནི་འབྲས་ཀྱི་རྨེའུ་ལྟ་བུ་ཡིན། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6176  + ((2)རུ་མའི་མིང་སྟེ། 《བརྡ་གསར་རྙིང་གི་ཁྱད་པ(2)རུ་མའི་མིང་སྟེ། 《བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད》ལས། རྩབ་དང་རྩང་ནན་བཏུང་བའི་མིང་། ། ཞེས་དང་། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། རྩབ་ཅེས་བྱ་བ་རུ་མའི་མིང་། ། ཞེས་དང་། 《བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ》ལས། རྩབ་མོ་ནི་འབྲས་སོགས་བཙོས་པའི་ཁུ་བ་སྟེ་རབ་བྱུང་གི་བཏུང་བ་སླ་མོ་དང་ལྕུམ་སྡོང་རྩ་བ་དང་ཟན་ཆང་དང་སྦང་མ་དང་དར་བ་དང་རླུང་ཏོག་གི་ཁུ་བ་ལའང་ཟེར་བར་སྣང་། ཞེས་དུ་མར་འཇུག་པར་གསུངས་སོ། །ེར་བར་སྣང་། ཞེས་དུ་མར་འཇུག་པར་གསུངས་སོ། །)
  • Dictionaries/Brda dkrol gser gyi me long/2565  + ((2)རྨའི་བྱེ་བྲག་འབྲུམ་བུ་ཕྲ་མོའི་མིང་སྟེ།《(2)རྨའི་བྱེ་བྲག་འབྲུམ་བུ་ཕྲ་མོའི་མིང་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཕོལ་མིག་དང་འབྲས་ནི། ལས་བརྒྱ་རྩའི་ཊཱིཀ་ལས། ཕོལ་མིག་ནི་འབྲུམ་པོ་ཕྲ་མོ་དག་ཡོད་པའོ།། འབྲས་ནི་འབྲུམ་བུ་འབྲུ་ཆེན་པོ་དག་ཡོད་པའོ།། ཞེས་གསུངས་སོ།། ཞེས་གསུངས། དཔེར་ན།《འདུལ་བ་ལུང་གཞི》ལས། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངའི་སྤྱི་བོར་ཕོལ་མིག་བྱུང་གིས་དཔྱད་བྱོས་ཤིག ཅེས་པ་ལྟ་བུའོ།།མིག་བྱུང་གིས་དཔྱད་བྱོས་ཤིག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7460  + ((2)རྫས་མང་པོ་གཅིག་ཏུ་སྤུངས་པའི་མིང་སྟེ།《དག(2)རྫས་མང་པོ་གཅིག་ཏུ་སྤུངས་པའི་མིང་སྟེ།《དག་ཡིག་ཤེས་བྱ་རབ་གསལ》ལས། སྤྱི་བུངས་ཞེས་པ་མང་པོའི་རྫས།། གཅིག་ཏུ་སྤུངས་པ་ལ་བརྗོད་དོ།། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། རིན་གྱིས་འབྲས་སྦྱིན་པར་བྱའོ་ཞེས་བཅའ་བ་མཛད་པས་མང་པོ་དག་མཆོད་སྟོན་བྱེད་ནས་ཐམས་ཅད་ལ་བྱིན་ན་འབྲས་དག་སྤྱད་པས་སྤྱི་བུངས་ཆད་པར་གྱུར་པའི་སྐབས་དེར། ཞེས་པ་ལྟ་བུའོ།།ས་ཆད་པར་གྱུར་པའི་སྐབས་དེར། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7134  + ((2)སྔོན་མའི་དོན་ལ་འཇུག་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། སྔུན་ནི་སྔུན་མར་གོ ཞེས་གསུངས། དཔེར་ན། 《སྡོམ་པ་གསུམ་གྱི་གཏམ་རྒྱུད་ངོ་མཚར་ནོར་བུའི་ཕྲེང་བ》ལས། དེ་ན་འབྲས་ཆང་གར་མ་ཞིག་ཀྱང་བདོག་པས། ཁོས་སྔུན་ལ་ཆང་ཞིག་བཏུང་སྙམ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6728  + ((3)ཉམས་ཆུང་བ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེ(3)ཉམས་ཆུང་བ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཤིན་ཏེ་མ་ཞེས་བྱ་བ་ནི། ། སྙིགས་མའམ་ཆུད་ཟ་བ་དང་ནི། ། ཉམས་ཆུང་བ་ཡི་དོན་ལ་འཇུག ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། དཔེར་ན་འབྲས་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ། ཞེས་པ་ལྟ་བུའོ། །ཡིན་པས་མ་རུང་བར་འགྱུར་བ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/982  + ((3)རྡོའི་ཞེ་ས་སྟེ། 《གསར་རྙིང་བརྡའི་རྣམ་འབྱ(3)རྡོའི་ཞེ་ས་སྟེ། 《གསར་རྙིང་བརྡའི་རྣམ་འབྱེད》ལས། ཞེ་ས་རྡོ་ལ་གོར་མ་དང་། །ཞེས་དང་། 《དེབ་ཐེར་དཀར་པོ》ལས། གོར་མ་ནི་རྡོ་སྟེ་མནའ་སྐྱེལ་ཚེ་རྡོ་བ་རེ་ལག་ཏུ་ལེན་སྲོལ་དེ་ཁམས་དང་འབྲས་ལྗོངས་སོགས་ན་ཉེ་དུས་བར་དུ་ཡོད་པར་སྣང་། ཞེས་གསུངས། དཔེར་ན། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། དབུ་སྙུང་གནང་བའི་གོར་མ་ཕྱག་ཏུ་འོན་པ། ཞེས་པ་ལྟ་བུའོ། །ང་བའི་གོར་མ་ཕྱག་ཏུ་འོན་པ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6251  + ((3)རྩ་བ་བཞི་ཡོངས་སུ་མ་ཉམས་པར་གནས་པའི་དོན་ཏ(3)རྩ་བ་བཞི་ཡོངས་སུ་མ་ཉམས་པར་གནས་པའི་དོན་ཏེ། 《གྲུབ་མཐའ་ཁག་གི་ཆོས་འབྱུང》ལས། ཆགས་སེམས་སྐྱེས་ཏེ། མི་གཅིག་གི་ལོག་པར་ཞུགས་པ་བྱུང་། དེ་ནི་རྫོགས་ལྡན་ནས་གསུམ་ལྡན་དུ་སོང་བའི་དུས་སོ། ། དེ་ནས་རིམ་གྱིས་མ་བྱིན་པར་ལེན་པ་དང་། གཞན་གྱི་སྲོག་གཅོད་པ་དང་། རྫུན་སྨྲ་བ་སོགས་བྱུང་སྟེ། གསུམ་ལྡན་ནས་གཉིས་ལྡན་དང་། གཅིག་ལྡན་རྩོད་དུས་ལ་སོགས་པ་བྱུང་། ཞེས་གསུངས། གཞན་ཡང《བརྡ་སྐད་མིང་ཚིག་གསལ་བ》ལས། རྫོགས་ལྡན་དུས་ནི་འབྲས་བུའི་དུས་དང་བདེ་བའི་དུས་དང་བསྐལ་བ་བཟང་པའི་དུས་དང་། ཞེས་ཀྱང་བྱུང་བས་སྐབས་ཐོབ་ཏུ་གོ་བར་བྱའོ། ། ཞེས་ཀྱང་བྱུང་བས་སྐབས་ཐོབ་ཏུ་གོ་བར་བྱའོ། །)
  • Dictionaries/Brda dkrol gser gyi me long/7475  + ((4)མལ་ཆས་སོགས་ཀྱི་ཁུར་པོའི་མིང་སྟེ།《ངག་སྒྲ(4)མལ་ཆས་སོགས་ཀྱི་ཁུར་པོའི་མིང་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། སྤྱིལ་པོ་རྩྭ་སོགས་ཀྱི་ཁང་པ། ཞེས་དང་། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། སྤྱིལ་པོ་ཁང་པའམ་མལ་ཆས་ཁུར་པོ། ཞེས་གསུངས། དཔེར་ན། 《མ་ཎི་བཀའ་འབུམ》ལས། རི་མཐོ་ལ་ས་གཙང་བ། ཉི་མ་ནུབ་པ་འཕྱི་ལ་འཆར་བ་སྔ་བ། ཁ་ལྷོར་བལྟས་པ། འབྲས་བུ་མང་བ། ཆུ་ཞིམ་པ། བྱ་མང་པོ་སྐད་སྙན་པ་སྒྲོགས་པ་ཅིག་ཏུ་སྤྱིལ་པོ་རེ་རེ་བྱས་པ། ཞེས་པ་ལྟ་བུའོ།།ག་ཏུ་སྤྱིལ་པོ་རེ་རེ་བྱས་པ། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/419  + ((ལེགས་)ཀྲྀ་ས་ར་ནི་ཏིལ་ནག་དང་མ་ཤ་དང་འབྲས་བསྲེས་ནས་བཙོས་པའི་ཐུག་པ་ཡིན་གསུང་། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7494  + ((ལེགས་)དཔག་བསམ་ཤིང་འབྲས་ཏེ་ཛམ་བྷ་ལ་སེར་པོའི་ཕྱག་མཚན་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11064  + ((ལེགས་)སྟོང་པ་ཉིད་དེ་ཆོས་རྣམས་རང་བཞིན་དང་རྒྱུ་དང་འབྲས་བུ་དང་བྲལ་བས་དེ་དག་གིས་སྟོང་པའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/10275  + ("རང་སྐྱོང་སྲིད་གཞུང་གི་མིང༌། 1. བོད་རང་སྐྱ"རང་སྐྱོང་སྲིད་གཞུང་གི་མིང༌།</br>1. བོད་རང་སྐྱོང་ལྗོངས།</br>2. ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།</br>3. ཟི་ཁྲོན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ།</br>4. ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།</br>5. མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།</br>6. མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>7. མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>8. མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ།</br>9. མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ།</br>10. མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་ཧ་སག་རིགས་རང་སྐྱོང་ཁུལ།</br>11. ཀན་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>12. ཟི་ཁྲོན་མུ་ནེ་བོད་རིགས་རང་སྐྱོང་རྫོང་།(མུ་ལི། སྨི་ལི།)</br>13. ཀན་སུ་དཔལ་རིས་བོད་རིགས་རང་སྐྱོང་རྫོང་།"</br>"དབུ་བརྙེས་པའི་ལོ།</br>སྤྱི་ལོ་1965.9.1ཉིན།</br>སྤྱི་ལོ་1950.11.24ཉིན།</br>སྤྱི་ལོ་1953.1.1ཉིན།</br>སྤྱི་ལོ་1957.9.13ཉིན།</br>སྤྱི་ལོ་1953.12.31ཉིན།།</br>སྤྱི་ལོ་1953.12. 6ཉིན།</br>སྤྱི་ལོ་1953.12.22ཉིན།</br>སྤྱི་ལོ་1954.1.1ཉིན།</br>སྤྱི་ལོ་1951.12.25ཉིན།</br>སྤྱི་ལོ་1954.1.25ཉིན།</br>སྤྱི་ལོ་1953.10.1ཉིན།</br>སྤྱི་ལོ་1953.2.19ཉིན།</br>སྤྱི་ལོ་1950.5.6ཉིན།"</br>"མི་དམངས་སྲིད་གཞུང་ཡོད་ས།</br>གྲོང་ཁྱེར་ལྷ་ས།</br>དར་རྩེ་མདོ།</br>འབར་ཁམས།</br>རྒྱལ་ཐང་།</br>ཧའོ་མོན་ཀྲེན།</br>ཆབ་ཆ་ཀྲེན།</br>རོང་པོ་རྒྱ་མཁར་ཀྲེན།</br>རྨ་ཆེན་རྫོང་རྟའུ་ཀྲེན།</br>སྐྱེ་དགུ་མདོ་ཀྲེན།</br>ཏེ་ལིན་ཁ་ཀྲེན།</br>ཞ་ཧོའི་ཤན་གཙོས་ཀྲེན།</br>ཆབ་བ།</br>དཔལ་བཟང་དགོན།"</br>1. མཐུན་རྐྱེན་སྒྲུབ་པ་ཚོགས་བསག་པ།</br>2. འགལ་རྐྱེན་སེལ་བ་སྲུང་འཁོར་བསྒོམ་པ།།</br>3. སྔགས་གཉིས་བརྗོད་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམ་པ།</br>4. རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ནས་བར་དོ་ལོངས་སྐུ་ལམ་འཁྱེར་བསྒོམ་པ།</br>5. འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྒོམ་པ།</br>6. སྐྱེད་མཆེད་མ་གོ་ཆའི་ལྷ་སྔགས་གང་རུང་དགོད་པ།</br>7. ཡེ་ཤེས་པ་བསྟིམ་པ།</br>8. དབང་བསྐུར་རྒྱས་གདབ་བྱེད་པ།</br>9. མཆོད་བསྟོད་བདུད་རྩི་མྱུང་བ།</br>10. དག་པ་དྲན་པ།</br>11. ཕྲ་ཐིག་བསྒྲོན་པ།</br>12. བཟླས་པ་བྱེད་པ།</br>13. གཏོར་མ་འབུལ་བ་བཅས་སོ། །བཟླས་པ་བྱེད་པ། 13. གཏོར་མ་འབུལ་བ་བཅས་སོ། །)
  • Dictionaries/Brda dkrol gser gyi me long/1336  + ((1) འདི་ལ་བཞེད་པ་དུ་མ་སྣང་སྟེ།ཆུ་ཤིང་ནི་སྨ(1) འདི་ལ་བཞེད་པ་དུ་མ་སྣང་སྟེ།ཆུ་ཤིང་ནི་སྨྱུག་མ་ཡིན་པར་བཞེད་པ་སྟེ།《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། ཆུ་ཤིང་ནི་སྨྱུག་མ་དང་། ཞེས་དང་།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཆུ་ཤིང་ནི་སྨྱུག་མ་ཡིན་ཟེར་མཁན་མང་ངོ་།། སྨྱུག་མ་མེ་ཏོག་ཤར་བའམ་འབྲས་བུ་སྨིན་ན་སྐམ་པའི་རྟགས་སུ་བཤད། ཅེས་གསུངས།་བུ་སྨིན་ན་སྐམ་པའི་རྟགས་སུ་བཤད། ཅེས་གསུངས།)
  • Dictionaries/Brda dkrol gser gyi me long/38  + ((1) ར་མའི་མིང་སྟེ། 《དག་ཡིག་ལེགས་བཤད་ཚིག་གཏེར》ལས། གཤེན་པོ་རྣམས་ཀྱི་རྒྱུ་འབྲས་བོན་ནི་ཀུ་ཧྲང་དང་མཛོ་དྲེའུ་རྔ་མོང་ལ་སོགས་ཀྱི་དམར་མཆོད་བྱས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4649  + ((1) རྩམ་ཕྱེ་སོགས་སོར་མོ་ལྔའི་རྗེས་དོད་ནུས་(1) རྩམ་ཕྱེ་སོགས་སོར་མོ་ལྔའི་རྗེས་དོད་ནུས་པའི་མིང་སྟེ། 《ལས་མཆོག་རྣམ་འབྱེད》ལས། སྐྱོ་མ་ནི་གཟར་བུ་གྱེན་དུ་བསྒྲེང་མི་ནུས་པའོ། ། ཟན་དྲོན་ནི་སོར་མོ་ལྔའི་རྗེས་དོད་ནུས་པའོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། སཱ་ལུའི་འབྲས་ཆན་གཙང་མ་དག ། ཤ་ཡིས་བརླན་པས་སྤྱད་བྱས་ནས། ། ཟན་དྲོན་ཁེངས་པ་སྤྱོད་བྱེད་པ། ། ཇི་ལྟ་ཡོངས་སུ་མི་གདུང་ངམ། ། ཞེས་པ་ལྟ་བུའོ། །ལྟ་ཡོངས་སུ་མི་གདུང་ངམ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6791  + ((1) ལོ་མའི་མིང་སྟེ། 《བརྡ་གསར་རྙིང》ལས། ཤོན་ནི་ལོ་མའི་མིང་སྟེ། དབྱར་གྱི་རྐང་འཐུང་འདབ་འབྲས་ལྗང་ཤོན་སྤེལ། ཞེས་པ་ལྟ་བུ། ཞེས་གསུངས་པ་ལྟར་དང་།)
  • Dictionaries/Brda dkrol gser gyi me long/686  + ((1) སྲན་ཆུང་བའི་དོན་ཏེ། 《སྤྱོད་འཇུག་འགྲེལ་པ》ལས། གཟེ་རེ་ཅན་ཏེ་སྲན་ཆུང་། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། བརྩོན་མེད་འབྲས་བུ་འདོད་པ་དང་། ། གཟེ་རེ་ཅན་ལ་གནོད་མང་ཞིང་། ཞེས་པ་ལྟ་བུའོ། །)
  • Dictionaries/bod rgya nang don rig pai tshig mdzod/6440  + ((ནརཀ)ངན་སོང་གསུམ་གྱི་ནང་ཚན་ཞིག མིང་གི་རྣམ་གྲངས་ལ་ངན་འགྲོའི་མཐིལ་དང་། བདེ་མེད། འདོད་པའི་འབྲས་བྲལ། སྡུག་བསྔལ་གཏེར་བཅས་སོ། །)
  • Dictionaries/bod rgya nang don rig pai tshig mdzod/286  + ((མཎྜལ)སྔགས་ཀྱི་དེ་ཉིད་བཅུའི་གྲས་ཤིག གཙོ་བོ་ལ་འཁོར་གྱི་རོལ་པས་མཛེས་པར་བསྐོར་བ་སྟེ་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་པའི་འཁོར་གྱིས་བསྐོར་བའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པ།)
  • Dictionaries/bod rgya nang don rig pai tshig mdzod/8888  + ((ཛམྦུདབཱིཔ:)རི་རབ་ཀྱི་ལྷོ་ངོས་རྒྱ་མཚོར་ཆགས(ཛམྦུདབཱིཔ:)རི་རབ་ཀྱི་ལྷོ་ངོས་རྒྱ་མཚོར་ཆགས༌པའི༌གླིང་ཆེན་འདིར་སྐྱེས༌པའི༌ཤིང༌འཛམ་བུའི་འབྲས་བུ༌མཚོའི་ནང་དུ་ལྷུང་བ་ལས། འཛམ་བུ་ཞེས་པའི་སྒྲ་འབྱུང་བས་ན་འཛམ་བུ་དང༌འཛམ་བུ༌ཤིང་དེས་མཚོན་པའི་གླིང་ཡིན་པས་ན་འཛམ་བུའི༌གླིང་དང་། དབྱིབས༌ཤིང་རྟ་ལྟ་བུ་དང་། རི་རབ་ཀྱི་ཕྱོགས་ངོས་དང༌གཡས་གཡོན་གཉིས༌དང༌གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་དང་། ངོས་གཅིག་སྟེ་ཁོར་ཡུག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་དོ།ག་སྟེ་ཁོར་ཡུག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་དོ།)
  • Dictionaries/bod rgya nang don rig pai tshig mdzod/4058  + ((ཤྲཱིཀལཙཱཀྲ)1.བླ་མེད་རྒྱུད་སྡེ་ཞིག་སྟེ་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་ཕྱི་ནང་གཞན་གསུམ་གྱི་དུས་སྦྱོར་དང་འབྲེལ་བས་དུས་ཀྱི་འཁོར་ལོ་ཞེས་བྱའོ།།)
  • Dictionaries/bod rgya nang don rig pai tshig mdzod/1665  + ((ཤྲོཏཱཡནྣན)དགེ་སྦྱོང་གི་འབྲས་བུ་བཞིའི་ནང་གསེས། མཐོང་སྤང་སྤངས་ནས་སྒོམ་སྤང་མ་སྤངས་པའོ།།)
  • Dictionaries/bod rgya nang don rig pai tshig mdzod/5599  + ((སཀྲྀདཱགཱམིྰཿ)འདོད་ཉོན་དྲུག་པ་ཟད་པར་གྱུར་པའི་ཉན་ཐོས་ཀྱི་འབྲས་གནས་བཞིའི་ཡ་གྱལ་ཞིག)
  • Dictionaries/bod rgya nang don rig pai tshig mdzod/8527  + ((སམཱདྷི)སེམས་མ་གཡེངས་ཤིང་ཉོན་མོངས༌པའི་དྲི་(སམཱདྷི)སེམས་མ་གཡེངས་ཤིང་ཉོན་མོངས༌པའི་དྲི་མ་དང༌མ་འདྲེས་པར་རྩེ་གཅིག་ཏུ་གནས་པའོ།། དེ་ནི་ངེས་པའམ་གཏན་ལ་དབབ་པ་སྟེ། དེ་ལྟ་བུའི་རྒྱུ་ལས་ཐེག་པ་ཆེ་ཆུང་གི༌ཤེས་རབ་ཚད་མ་ཐམས་ཅད་འབྲས་བུར་འབྱུང་བས་ན་བསམ་གཏན་ཞེས་བྱའོ། མིང་གི་རྣམ་གྲངས་ལ་མཉམ་འཇོག་དང་། ཏིང་འཛིན། རྣལ་འབྱོར། ཞི་གནས་བཅས་སོ།ག་དང་། ཏིང་འཛིན། རྣལ་འབྱོར། ཞི་གནས་བཅས་སོ།)
  • Dictionaries/bod rgya nang don rig pai tshig mdzod/1094  + ((སིདྡྷནྟཿ)ཕྱི་ནང་གི་ཆོས་ལུགས་སོ་སོའི་ལྟ་བ་འཛིན་ཚུལ་ཏེ་རང་གི་བློ་ངོར་གཞི་ལམ་འབྲས་བུ་གསུམ་སོགས་གཞུང་དང་། རིགས་པས་བསྒྲུབས་ནས་གྲུབ་པར་ཐག་བཅད་པའི་ལྟ་ཚུལ་ལམ། གཞུང་ལུགས།)
  • Dictionaries/bod rgya nang don rig pai tshig mdzod/1963  + ((སིདྡྷིཿ)མན་ངག་བསྒྲུབས་ནས་དངོས་སུ་གྲུབ་པའི་དགོས་འདོད་ཀྱི་ལེགས་འབྲས།)
  • Dictionaries/bod rgya nang don rig pai tshig mdzod/4444  + ((སུགཏཿ)སངས་རྒྱས་ཏེ། ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་གཤེགས་པས་བདེ་གཤེགས་ཞེས་བྱའོ།།)
  • Dictionaries/bod rgya nang don rig pai tshig mdzod/4428  + ((ཧེརུཀ)བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས(ཧེརུཀ)བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས་པར་བྱེད་པའི་ལམ་དང་། འབྲས་བུའི་རིག་པ་སྟོན་པའི་བླ་མེད་མ་རྒྱུད་ཀྱི་རྒྱུད་གཞུང་དང་། དེའི་ཡི་དམ་ཞིག མིང་གི་རྣམ་གྲངས་ལ་མཁའ་འགྲོའི་དབང་དང་། འཁོར་ལོ་སྡོམ་པ། ཐོད་པ་ཅན། རྡོ་རྗེ་འཁོར་ལོ། དཔའ་བོ་རྡོ་རྗེ། ཟླ་བའི་ཅོད་པན། རི་ཁྲོད་པ་བཅས་སོ།།རྡོ་རྗེ། ཟླ་བའི་ཅོད་པན། རི་ཁྲོད་པ་བཅས་སོ།།)
  • Dictionaries/bod rgya nang don rig pai tshig mdzod/6016  + ((ཨབྷིཥིཉྩ)གཏོར་བའམ་བླུགས་པའི་དོན་ཏེ། སྒྲིབ(ཨབྷིཥིཉྩ)གཏོར་བའམ་བླུགས་པའི་དོན་ཏེ། སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང་། རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ། ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ།།འི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ།།)
  • Dictionaries/chos rnam kun btus/9944  + (1. གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་1. གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ།</br>2. སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ།</br>3. དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ།</br>4. འཛིན་གྲྭ་བགོ་བའི་ལམ་ལུགས་གསར་ཏུ་གཏོད་ཅིང་། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ།</br>5. ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ།</br>6. འཛིན་གྲྭ་ཕན་ཚུན་གཏུགས་རེས་(འགྲན་བསྡུར་)བྱས་པའི་ཐབས་ལམ་གསར་དུ་གཏོད་པ།</br>7. ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ།</br>8. སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ།</br>9. སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ།</br>10. ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་《བསྡུས་གྲྭ》ཤ་ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་ དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ།</br>11. མཚན་ཉིད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་དང་། རྩོད་གླེང་བ།ཏོང་མཁན་གྱིས་འཛིན་གྲྭའི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐྱུར་འབེབས་ནས་སྐད་གསང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་དྷི་སྐད་གཏོང་བ་དང་། དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གཏོད་གནང་སྟབས་བོད་ཀྱི་གདན་ས་ཁག་ཏུ་ཁོང་གི་སྲོལ་གཏོད་དེ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་བ་མ་ཟད། ད་ལྟ་ཡང་ཁོང་གི་སློབ་གཉེར་ལམ་ལུགས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན།གས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན།)
  • Dictionaries/chos rnam kun btus/9938  + (1. གལ་འཛུགས་ཀྱི་དམིགས་ཀྱིས་དགར་བ་ནི། དཔེར་1. གལ་འཛུགས་ཀྱི་དམིགས་ཀྱིས་དགར་བ་ནི། དཔེར་ན་སྐྱེས་བུ་དམ་པ་ཡིན་ངེས་ན་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ཞིག་ཡིན་དགོས་ཞེས་པ་ལྟ་བུའོ། །</br>2. གཞུང་འཛུགས་ཀྱི་དམིགས་ཀྱིས་དགར་བ་ནི། དཔེར་ན། བཤད་དོན་རྣམས་ཧྲིལ་གྱིས་བསྡུ་ན་ཞེས་པ་ལྟ་བུའོ། །</br>3. རྒྱུ་མཚན་བསྟན་པ་ནི། དཔེར་ན། རྒྱུ་ཡོད་ན་འབྲས་བུ་ཡོད་ཅེས་པ་ལྟ་བུའོ། །</br>4. རྒྱུ་མཚན་དོན་གྱིས་བསྟན་པ་ནི། དཔེར་ན། སྦྱིན་པ་བཏང་བ་མེད་ན་ལོངས་སྤྱོད་ཅི་ལྟར་འབྱུང་ཞེས་པ་ལྟ་བུའོ། །</br>5. ཚིག་སྔ་མའི་དོན་ལས་ཕྱི་མས་དོན་གཞན་སྟོན་པ་ནི། དཔེར་ན། སློབ་དཔོན་རྟ་དབྱངས་སྐུ་ཚེ་སྟོད་ལ་མུ་སྟེགས་པ་ཡིན་ན་ཕྱིས་སུ་ནང་པའི་པཎྜི་ཏ་ཆེན་པོར་འགྱུར་ཞེས་པ་ལྟ་བུའོ། །</br>6. ཚིག་ཕྱི་མས་ཚིག་སྔ་མའི་དོན་དང་འགལ་བ་སྟོན་པ། དཔེར་ན། བདེ་བ་ཡོད་ན་སྡུག་བསྔལ་མེད། ཅེས་པ་ལྟ་བུའོ། །</br>7. དོན་སྔ་ཕྱི་གཉིས་ལས་ཕྱི་མ་མེད་པར་སྟོན་པ། དཔེར་ན། དགེ་སྡིག་གཉིས་སྤྱོད་པ་མེད་ན་བདེ་སྡུག་གཉིས་མྱོང་བ་ཡང་མེད། ཅེས་པ་ལྟ་བུའོ། །</br>8. མི་འོས་པའི་ཚིག་གིས་འོས་པ་སྟོན་པ། དཔེར་ན། རིག་གནས་མཁས་པ་རྣམས་སུམ་རྟགས་ལ་མགོ་རྨོངས་ན་མ་བསླབ་པའི་གསར་བུ་པ་རྣམས་སྨོས་ཅི་དགོས་ཞེས་པ་ལྟ་བུའོ། །</br>9. འོས་པའི་ཚིག་གིས་མི་འོས་པ་སྟོན་པ། དཔེར་ན། དབུལ་པོ་རྣམས་ནོར་ལོངས་སྤྱོད་འབད་རྩོལ་གྱིས་སྒྲུབ་ན་འབྱོར་ལྡན་རྣམས་ཀྱང་བུན་སྐྱེད་ཀྱིས་སྒྲུབ་པར་བྱེད་ཅེས་པ་ལྟ་བུའོ། །</br>10. སྨོན་པའི་དོན་སྟོན་པ། དཔེར་ན། མ་རྒན་སེམས་ཙན་རྣམས་སངས་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་ཞེས་པ་ལྟ་བུའོ། །</br>11. ཐེ་ཚོམ་གྱི་གཞི་སྟོན་པ་ནི། དཔེར་ན། རྒྱལ་པོ་ལ་དགོས་དོན་ཞུ་ན་འདོད་པའི་རེ་བ་འགྲུབ་བམ་མི་འགྲུབ་ཅེས་པ་ལྟ་བུའོ། །འི་རེ་བ་འགྲུབ་བམ་མི་འགྲུབ་ཅེས་པ་ལྟ་བུའོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2130  + (1. གསེར། 2. ངུལ། 3. བྱུ་རུ། 4. མུ་ཏིག 5. ཟ1. གསེར། 2. ངུལ། 3. བྱུ་རུ། 4. མུ་ཏིག 5. ཟངས་ཏེ་རིན་པོ་ཆེ་ལྔ། 6. དབང་ལག 7. ཀན་ཊ་ཀཱ་རི། 8. སླེ་ཀྲེས། 9. ཅུ་གང་། 10. ཤོ་དག་དཀར་པོ་སྟེ་སྨན་ལྔ། 11. ག་བུར། 12. གླ་རྩི། 13. ཛ་ཏི། 14. གུར་གུམ། 15. ཙན་དན་སྟེ་དྲི་ལྔ། 15. ནས། 17. གྲོ 18. ཏིལ། 19. སྲན་མ། 20. འབྲས་སྟེ་འབྲུ་ལྔ། 21. ལན་ཚྭ། 22. ཏིལ་མར། 23. མར། 24. བུ་རམ། 25. སྦྲང་རྩི་སྟེ་སྙིང་པོ་ལྔ་དང་ཉེར་ལྔའོ།། 25. སྦྲང་རྩི་སྟེ་སྙིང་པོ་ལྔ་དང་ཉེར་ལྔའོ།)
  • Dictionaries/chos rnam kun btus/9860  + (1. ངོ་བོ། 2. རྒྱུ་འབྲས། 3. ལས་ལྡན། 4. འཇུག་པ། 5. གནས་སྐབས། 6. དེ་བཞིན། 7. ཀུན་ཏུ། 8. འགྲོ་བའི་དོན། 9. རྟག་ཏུ་མི་འགྱུར། 10. ཡོན་ཏན་དབྱེར་མེད་དང་བཅུ་ནི་དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱའོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1299  + (1. ཐང་ཕྲོམ་ནག་པོའི་འབྲས་བུ་སྲང་དོ། 2. ཐང་ཕྲོམ་དཀར་པོའི་འབྲས་བུ་སྲང་དོ། 3. ལང་ཐང་ཙེའི་འབྲས་བུ་སྲང་དོ། 4. སྒོག་སྐྱ་སྲང་དོ། 5. དྭ་བའི་རྩ་པ་སྲང་དོ། 6. གླ་རྩི་དྲི་ཐོན་ཞོ་གསུམ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1575  + (1. ད་ལི་སྲང་བཞི། 2. བཅའ་སྒ་སྲུང་བཞི། 3. པི་པི་ལིང་སྲང་དོ། 4. ཕོ་བ་རིས་དཀར་པོ་སྲང་དོ། 5. རྒྱ་ཚྭ་སྲང་གང་། 6. སྡིག་སྲིན (གླ་རྩིའི་ཆུ་ཡིས་སྦང་བ)སྲང་དོ། 7. ལྕམ་པའི་འབྲས་བུ་སྲང་དོ། 8. སུག་སྨེལ་སྲང་དོ། །)
  • Dictionaries/chos rnam kun btus/10092  + (1. དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ཆོས་སྒ1. དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས་ཞེས་བདག་ཅག་གི་སྟོན་པ་འདི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ནས་ཚངས་པར་སྤྱོད་པར་སྤྱད་དེ། དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་སྐུ་འཁྲུངས་པ་ཡན་ཆད་སྐྱེ་བ་མངོན་པར་སྐྱེ་བའི་སྤྲུལ་པའི་སྐུས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་ནས། མཆོད་པའི་རོལ་མོ་ལས་གཞན་དོན་དུ་བསྐུལ་བའི་སྒྲ་གསན་པ་ན། ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རང་དང་སྐལ་བ་མཉམ་པ་རྣམས་དང་བཀའི་བགྲོ་བ་མཛད་ཅིང་ཆོས་སྟོན་པའི་གནས་སུ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་པ་མི་ཕྱེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་རོ། ། དེ་ནས་གཟིགས་པ་རྣམ་པ་བཞིའམ་ལྔ་ཡིས་འཇིག་རྟེན་ལ་གཟིགས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་གྱི་གནས་ནས་འཕོས་པར་མཛད་དོ། །</br>2. འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ་རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས་ཞེས་དེའང་མིའི་གླིང་གཞན་གསུམ་ལས་ཁྱད་དུ་འཕགས་པ་འཛམ་བུའི་གླིང་ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་བ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང་། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བ་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་སྐབས་དེར་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙན་དན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དང་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། ། དེ་ལ་གཟིགས་པ་བཞི་ནི། གླིང་དང་། དུས་དང་། ཡུམ་དང་རིགས་ཏེ་གོང་དུ་སྨྲས་པ་ལྟར་ལ། ། གཟིགས་པ་ལྔ་ནི། རྒྱལ་རིགས་དང་། ཡུལ་དབུས་དང་། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་སོ། ། </br>3. ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། །ལུམྦི་ནི་ཡི་ཚལ་དུ་དོན་གྲུབ་བལྟམས། ། ཞེས་ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང་། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་·དབུས་སུ་ཨ་ཤཱཐའི་ལྗོན་པ་སྐྱེ་བ་དང་གླིང་ཕྲན་རྣམས་སུ་ཙན་དན་གྱི་ཚལ་སྐྱེ་བ་དང་། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས་ལུམྦི་ནིའི་སྐྱེད་མོའི་ཚལ་དུ་དབོ་ཟླ་བའི་ཚེས་བརྒྱད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་་པ་དང་། བརྒྱ་བྱིན་ལ་སོགས་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་་དབྱུང་ བའི་གསུང་དབྱངས་ཕྱུང་། ཡབ་རྒྱལ་པོས་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ། སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚོན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏེགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །</br>4. ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། ། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། ། ཞེས་བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱི་མཐར་སོན་ཀྱང་འདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚན་དུ་བཞག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོ་འདུ་བྱེད་དང་། ། འཕོང་དང་། སྟོབས་དང་བརྟག་དཔྱད་དང་། གཏམ་དང་། རྐྱལ་དང་། བང་དང་། འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། །</br>5. ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། ། བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། ། གཟུགས་བཟང་དར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། །</br>6. རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། ། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། ། ཞེས་དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་པ། དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོ་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། དེ་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས་ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས་ཞིམ་འབྲིང་བ་འདུན་པ་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲོག་སྟོང་མང་པོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་དུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་།། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ། །</br>7. སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། ། ལོ་དྲུག་སྐྱིལ་ཀྲུང་གཅིག་གིས་དཀའ་བ་སྤྱད། ། ཅེས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ཡངས་པ་ཅན་དུ་གཤེགས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་།་རྒྱལ་པོའི་ཁབ་ཏུ་རངས་བྱེད་པའི་བུ་ལྷས་སྤྱོད་གཉིས་ལས་བསམ་གཏན་གྱི་གདམ་ངག་ནོད་ཅིང་། དེ་དག་གི་རྟོགས་པའི་མཐར་ཐུག་ཅིའང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པ་ཚེགས་ཆུང་ངུས་མངོན་པར་མཛད་ཀྱང་། ཟག་བཅས་ཉེར་ལེན་དང་བཅས་པའི་བསམ་གཏན་སྙོམས་འཇུག་ཏིང་ངེ་འཛིན་རྣམ་སུམ་དབྱུང་ཞིང་དེས་མི་གྲོལ་བ་བསྟན་པ་དང་། ལུས་ཀྱི་རྒྱུའི་ལུང་བསྟན་ཅིང་ལོག་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་འདུན་ཅིང་དེས་མི་གྲོལ་བ་བསྟན་པ་ལ་སོགས་པ་དགོས་པ་མང་པོར་ཉེ་བར་གཟིགས་ནས་ཆུ་ཀླུང་ནེརཉྫ་ནའི་ངོགས་སུ་ལོ་དྲུག་སྐྱིལ་མོ་ཀྲུང་གཅིག་གིས་འདས། ཉིན་རེར་རྒྱ་ཤུག་གི་འབྲུ་གཅིག་ནས་འབྲུ་གཅིག་རིལ་བུ་གཅིག་རྣམས་ལས་མི་གསོལ་བ་དང་། ཆུ་ཐིགས་གཅིག་ཀྱང་མི་གསོལ་བ་ལ་སོགས་པའི་དཀའ་བ་སྤྱད་ཅིང་། ལུས་ངག་གི་དཀའ་ཐུབ་ཁོ་ན་སྤྱད་པ་ན་སྙིང་པོ་མེད་པ་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པར་བསྟན་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས་སྐུ་སྟོབས་སླར་རྒྱས་ཤིང་མཛེས་པ་གྱུར་པས་དགེ་སྤྱོང་མཛེས་པ་ཞེས་པའི་མཚན་དུ་གྲགས་སོ། །</br>8. འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། ། རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། ཞེས་དེ་ནས་ཕྱག་དར་ཁྲོད་ཀྱི་གོས་ལས་ཆོས་གོས་སྦྱར་མར་མཛད་པ་བཞེས་ཤིང་། གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལ་ལྷས་ལུང་བསྟན་པ་བཞིན། བ་སྟོང་གི་འོ་མ་ལ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་གསོལ་མ་ཐག་ཏུ་གསེར་གྱི་མདོག་དང་། འོད་འདོམ་གང་ལ་སོགས་མཚན་དཔེ་རྣམས་རབ་ཏུ་གསལ་ཞིང་འོད་དུ་འབར་བར་གྱུར་ཅིང་། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས། མི་བསྐྱེད་སྟོབས་དང་དབང་པོའི་མཆོད་སྡོང་འདྲ། ། ཞེས་པ་ལ་སོགས་པའི་ལྔ་བཅུ་རྩ་གཅིག་གིས་བྱང་ཆུབ་སྙིང་པོར་གཤེགས་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་བཞིན་དུ་སྒྲ་འབྱིན། སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་བསྒྱུར་གྱི་འཇིག་རྟེན་འདི་བཀོད་པ་ཆེན་པོ་ཀུན་བརྒྱན་པ་ལ་སོགས་ལྷ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོར་རང་རང་གི་ཚོགས་གཉིས་ཀྱི་སྟོབས་ཚད་མེད་པའི་བཀོད་པས་བརྒྱན། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོད་པའི་འོད་ཟེར་དཔག་ཏུ་མེད་པས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་དབུགས་དབྱུང་ཞིང་ཀླུ་ནག་པོ་བྱ་བ་ཚེ་བསྐལ་པར་གནས་ཞིང་དམུས་ལོང་དུ་གྱུར་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་དེའང་མིག་ཕྱེ་ཞིང་སྣང་བ་མཐོང་། ཙཱ་ཤའི་ཁྱུ་རྣམས་སྙན་པར་སྒྲོགས་ཤིང་མཁའ་ལ་གཡས་སུ་བསྐོར། ཐུབ་མཆོག་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོད་དོ་ཅོག་གི་བྱང་ཆུབ་སྙིང་པོའི་རྒྱན་བཀོད་པ་ཇི་སྙེད་པ་རྣམས་དེ་ཉིད་དུ་སྣང་བར་མཛད། རྩྭ་ཡི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཞལ་ཤར་དུ་གཟིགས་སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །</br>9. ཤིན་ཏུ་མི་བཟད་གཡོན་ཅན་བདུད་ཀྱི་སྡེ། ། ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། ། ཞེས་དེ་ནས་བདུད་ལས་རྒྱལ་བ་དང་། བདུད་རིགས་ཀྱི་ལྷའི་བུ་དགེ་རྩ་ཅན་རྣམ་པར་སྨིན་པར་མཛད་པའི་སླད་དུ། སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་ཤིང་བསྐུལ་བས། སྡིག་ཅན་རང་ཉིད་ཀྱི་རྨི་ལྟས་མི་བཟད་པ་མཐོང་བ་སོགས་འཇིགས་སྐྲག་དངངས་ཤིང་ ཤིན་ཏུ་མི་བཟད་པའི་སེམས་སྐྱེས་ཏེ། དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དྲན་པ་ཙམ་གྱིས་སྙིང་འགས་པར་བྱས་པའི་བཀོད་པ་འཇིགས་སུ་རུང་བ་དང་སྟོང་གསུམ་་ཀུན་ནས་གཡོན་ཅན་དེ་འདྲ་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ལྷན་ཅིག་ཏུ་ལྷགས་ཏེ་མཚོན་ཆའི་ཆར་ཕབ་ཅིང་། གདུག་པའི་དབུགས་སྤྲོས་པས། དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་.མཛད་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར་ནས་མཐུ་རྡུགས་ཏེ། བསོད་ནམས་དེ་ཙམ་གྱིས་ཐར་པ་ཐོབ་པས་བཞེངས་སུ་གསོལ་བ་ན། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་པོ་སའི་ལྷ་མོ་འཁོར་དང་ བཅས་པས་ཞུས། སླར་སྲིད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདོད་པའི་གཡོ་སྒྱུས་བསླུ་བར་བརྩམས་ཀྱང་ཐུགས་གཡོ་བར་མི་ནུས་ཏེ། གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ཚར་བཅད་ཅིང་། དེ་དག་ལས་དགེ་རྩ་སྨིན་པའི་ལྷའི་བུ་ཚད་མེད་པ་དག་གི་ཉོན་མོངས་པ་རྣམ་པར་བཅོམ་སྟེ་བྱང་ཆུབ་ཏུ་སྨིན་པར་མཛད་པ་སོགས། མདོར་ན་བྱམས་པའི་ཏེང་ངེ་འཛིན་ཁོ་ནས་བདུད་ཀྱི་དམག་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པའི་ནམ་སྲོད་འཁོར་དེ་ཉིད་དུ་བཏུལ་བར་མཛད་དོ། །</br>10. བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། ། རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ཆུབ། ། ཅེས་ནམ་གྱི་གུང་ལ་བསམ་གཏན་བཞི་པོར་རིམ་གྱིས་སྙོམས་པར་བཞུགས། ལྷའི་སྤྱན་སོགས་མངོན་པར་ཤེས་པས་བདེན་པ་བཞི་དང་རྟེན་འབྲེལ་ལུགས་འབྱུང་ལུང་ལྡོག་གི་རིམ་པ་ལེགས་པར་གཟིགས་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་རྡུང་བའི་དུས་སུ་སྐྱེས་བུའི་ཁྱུ་མཆོག་ཁ་ལོ་བསྒྱུར་བ་བླ་ན་མེད་པ་དེས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཤེས་པར་བྱ་བ་དང་མངོན་དུ་བྱ་བ་གང་ཅིའང་རུང་། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཅིང་། སྤང་བྱ་ཕྲ་ཞིང་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཆོས་ཀུན་གྱི་དབྱིངས་སུ་བླ་ན་མེད་པ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེའི་ནུབ་མོར་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པར་མཛད། སྟོང་གསུམ་འདིའང་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་འདྲེན་པ་རྣམས་ཀྱིས་ལེགས་སོ་གསུངས་ནས་ཆོས་ཀྱི་དགའ་བ་བསྐུར། སྟོང་གསུམ་ཀྱི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞག་བདུན་དུ་སྐྱིལ་ཀྲུང་མ་བཤིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་བསམ་གཏན་གྱི་བདེ་བས་དགྱེས་པར་མཛད། བདུན་ཕྲག་གཉིས་པར་སྟོང་གསུམ་རྒྱང་རིང་དུ་འཆག ་བདུན་ཕྲག་གསུམ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བདུན་ཕྲག་བཞི་པར་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བར་འཆག བདུན་ཕྲག་ལྔ་པར་ཀླུ་བཏང་བཟུང་གི་གནས་སུ་བཞུགས། བདུན་ཕྲག་དྲུག་པ་ལ་དེ་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུད། བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པ་ན་ལྷས་བསྐུལ་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཐོག་མ་ཕུལ་བ་ལ་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བླངས་ནས་གསོལ་ཏེ་ལྷའི་བཀྲ་ཤིས་དོན་གྲུབ་ཅིང་། ། སོགས་ཀྱི་བཀྲ་ཤིས་མཛད་ནས་སངས་རྒྱས་སུ་ལུང་བསྟན་ཏོ། །</br>11. ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། ། དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། ། ཞེས་རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་ཆོས་སྟོན་པར་གསོལ་བར་བཏབ་ཀྱང་མ་གནང་བས་ན་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པར་ལེགས་པ་གཟིགས་ཏེ། མ་ངེས་པའི་སེམས་ཅན་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ། ། དེ་ནས་ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ། དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས་ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་། ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པ་དང་། ཆོས་ཉན་པར་སྐུལ་བའི་སྒྲ་ཡང་བྱུང་བ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ངོ་བོ་དང་བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དགྲ་བཅོམ་ཐོབ་སྟེ་འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་། དེ་ནས་རིམ་པར་རི་བོ་ག་ཡ་དང་སྤོས་ངད་ལྡང་། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཀོ་ས་ལ་སེར་སྐྱའི་གཞི། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པ་ངེས་པ་དང་། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་པ་སོགས་མ་ངེས་པའི་གནས་ཅི་རིགས་པ་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། མཆོག་ཟུང་ལ་སོགས་པའི་འཁོར་རྣམ་པ་བཞི་བགྲང་ལས་འདས་པ་འབྲས་བུ་རྣམ་པ་བཞི་ལ་བཀོད། ཐེག་པ་ཆེན་པོའི་རིགས་ཅན་གྱི་ལྷ་དང་མི་གྲངས་མེད་པ་བྱང་ཆུབ་ཏུ་ལུང་བསྟན། མཉན་དུ་ཡོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོ་འཕྲུལ་ཆེན་པོ་བསྟན། སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་ཆེན་པོའི་ཆེད་དུ་དབྱར་གནས་པར་མཛད་ཅིང་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་པ་སོགས་འདུལ་བཞིའི་ཆོ་འཕྲུལ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་བསྟན་པ་མཛད་དོ། །</br>12. མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང་། ། སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད།། ཅེས་དེ་ལྟར་མཛད་པ་མཐར་ཕྱིན་པའི་སྐབས་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ནས་ལྟས་ཆེན་པོ་སྣང་བར་གྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་རིམ་གྱིས་གཤེགས་ཏེ་སླད་མའི་དུས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པ་ཟུངས་ཤིག་པ་སོགས་གདམས་ནས་མགར་བའི་བུ་ཙུན་ད་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར། ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་གྱི་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ཐུགས་ལ་མཛད། ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཚན་གསུམ་བསྟན་ཅིང་ཞལ་གྱི་གདམས་པ་བསྩལ། དྲི་ཟའི་རྒྱལ་པོ་རབ་དགའོ་དང་ཀུན་ཏུ་རྒྱུ་རབ་བཟང་སོགས་བཏུལ། ཟླ་བ་ཕྱེད་ཕྱེད་དུ་སོ་སོ་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས། ལུགས་འབྱུང་དང་ལུགས་ལྡོག་གི་བསམ་གཏན་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་ས་འདས་པའི་ཚུལ་བསྟན། ཞག་བདུན་དུ་ལྷ་དང་མིའི་མཆོད་པ་རྒྱུ་ཆེན་པོས་མཆོད་ཅིང་སྐུ་གདུང་གྱུད་ཀྱིས་དབུ་རྒྱུན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་ཏེ་སའི་སྟེང་དུ་ཟླ་མེད་ཀྱི་ཉན་ཐོས་ཆེན་པོ་བཞི་ལ་སོགས་པས་མཆོད་ཅིང་མེ་རང་འབར་དུ་གྱུར་པས་གདུང་རྣམས་ཡུངས་འབྲུ་ལྟ་བུའི་རིང་བསྲིལ་གྱི་ཕུང་པོར་གྱུར་པ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་ཡངས་པ་ཅན་ངས་པ་ཅན་གྱི་ལིཙྪ་བཱི་ལ་སོགས་པ་རྣམས་ཀྱིས་ཆ་བརྒྱད་དུ་བགོས་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་དུས་སྟོན་ཆེན་པོ་བཙུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད། ཚེམས་མཆེ་བ་བཞི་པོ་སུམ་ཅུ་རྩ་གསུམ་དང་གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོ་སོགས་ཀྱིས་སོ་སོར་ཐོབ་ནས་མཆོད། མ་སྐྱེས་དགྲའི་གདུང་སྐལ་རྣམས་ཕྱེས༑ ཆོས་རྒྱལ་མྱ་ངན་མེད་ཀྱིས་བླངས་ཏེ་ཛམྦུའི་གླིང་དུ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་དང་། ་མ་འོངས་པ་ན་སྐུ་གདུང་ཡང་འཇིག་རྟེན་ཀུན་ཏུ་འཕེལ་ཞིང་རྒྱས་པ་སོགས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པར་གསུངས་སོ། །</br>མདོར་ན་དགུང་ལོ་ཉེར་དགུ་ཁབ་ཏུ་བཞུགས། ལོ་དྲུག་ཏུ་དཀའ་བ་སྤྱད། སོ་ལྔ་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་དབྱར་གནས་པ་བཞི་བཅུ་རྩ་ལྔ་མཛད་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ། མཐར་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །ོག་གྲོང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །)