Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "ཕར་ཕྱིན་དྲུག་དང་དོན་གཅིག". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/7287  + (ཕམ་ཉེས་ཀྱི་ཉམས་མྱོང་གི་མིང་སྟེ།《ངག་དབང་ཆོས་གྲགས་ཀྱི་འབེལ་གཏམ》ལས། འཇིག་རྟེན་གྱི་གཏམ་དཔེར་བསླབ་བྱ་བརྒྱ་ལས་སྣ་བསུན་གཅིག་ཕན་ཞེས་པའི་དཔེ་དོན་ཐོག་འཁེལ་བྱུང་། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/4412  + (ཕམ་པ་དང་། ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་བཅས་ལྔའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/12082  + (ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱད་དང་བཅུ་གཉིས་ཅེས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/12072  + (ཕམ་པ་བཞི་པོ་གང་རུང་བྱུང་བའི་དགེ་སློང་དང་། རྩ་བ་བཞི་དང་འགལ་བའི་དགེ་ཚུལ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/6344  + (ཕམ་པ་བཞིའི་ནང་གསེས་། གཞི་ཕོ་མོ་མ་ནིང་མི་དང་དུད་འགྲོ་གང་ཡིན་རུང་། ལུས་གསོན་པོའམ་ཕྱེད་དུ་ལོངས་པའི་རོ་ལྟ་བུའི་ཁ་དང་བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ། བསམ་པ་ཆགས་པའི་སེམས་ཀྱིས། སྦྱོར་བ་ཕོ་དབང་བཅུག་ཅིང་། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་རྫོགས་པར་ཉམས་སུ་མྱོང་བའོ།།)
  • Dictionaries/sngas rgyas chos gzhung tshig mdzod/8508  + (ཕམ་པ་བཞིའི་ནང་གསེས་ཏེ། གཞི་ཕོ་མོ་མ་ནིང་མི་ཕམ་པ་བཞིའི་ནང་གསེས་ཏེ། གཞི་ཕོ་མོ་མ་ནིང་མི་དང་དུད་འགྲོ་གང་ཡིན་རུང་། ལུས་གསོན་པོའམ་ཕྱེད་དུ་ལོངས་པའི་རོ་ལྟ་བུའི་ཁ་དང་བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ། བསམ་པ་ཆགས་པའི་སེམས་ཀྱིས། སྦྱོར་བ་ཕོ་དབང་བཅུག་ཅིང་། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་རྫོགས་པར་ཉམས་སུ་མྱོང་བའོ།ས་བྱུང་བའི་བདེ་བ་རྫོགས་པར་ཉམས་སུ་མྱོང་བའོ།)
  • Dictionaries/sngas rgyas chos gzhung tshig mdzod/8380  + (ཕམ་པ་བཞིའི་ནང་གསེས། གཞི་གཞན་གྱི་དངོས་པོ་རིཕམ་པ་བཞིའི་ནང་གསེས། གཞི་གཞན་གྱི་དངོས་པོ་རིན་ཐང་ཚང་བ། བསམ་པ་རྐུ་བར་འདོད་པའི་སེམས་ཀྱིས། སྤྱོར་བ་རང་གིས་དངོས་སུ་བརྐུས་པའམ་གཞན་ལ་རྐུར་བཅུག་ནས། མཐར་ཐུག་དངོས་པོ་དེ་བདག་པོ་དང་ཕྲལ་ནས་བདག་གིས་བྱས་པའོ། རིན་ཐང་གི་ཚད་མཐའ་གཅིག་ཏུ་མ་ངེས་ཀྱང་ཀརྵ་པ་ཎིའི་བཞི་ཆ་སྟེ། དངུལ་ཞོ་གང་ཙམ་རིན་ཐང་གི་ཚད་དུ་གྲགས་སོ།ྟེ། དངུལ་ཞོ་གང་ཙམ་རིན་ཐང་གི་ཚད་དུ་གྲགས་སོ།)
  • Dictionaries/bod rgya nang don rig pai tshig mdzod/6268  + (ཕམ་པ་བཞིའི་ནང་གསེས། གཞི་གཞན་གྱི་དངོས་པོ་རིཕམ་པ་བཞིའི་ནང་གསེས། གཞི་གཞན་གྱི་དངོས་པོ་རིན་ཐང་ཚང་བ། བསམ་པ་རྐུ་བར་འདོད་པའི་སེམས་ཀྱིས། སྦྱོར་བ་རང་གིས་དངོས་སུ་བརྐུས་བའམ་གཞན་ལ་རྐུར་བཅུག་ནས། མཐར་ཐུག་དངོས་པོ་དེ་བདག་པོ་དང་ཕྲལ་ནས་བདག་གིར་བྱས་པའོ། རིན་ཐང་གི་ཚད་མཐའ་གཅིག་ཏུ་མ་ངེས་ཀྱང་ཀརྵཔ་ཎིའི་བཞི་ཆ་སྟེ། དངུལ་ཞོ་གང་ཙམ་རིན་ཐང་གི་ཚད་དུ་གྲགས་སོ། །། དངུལ་ཞོ་གང་ཙམ་རིན་ཐང་གི་ཚད་དུ་གྲགས་སོ། །)
  • Dictionaries/bod rgya nang don rig pai tshig mdzod/8370  + (ཕམ་པ་བཞིའི་ནང་གསེས། གཞི་མིའམ་མིར་ཆགས་པ། བསམ་པ་གསོད་པར་འདོད་པས། སྦྱོར་བ་མཚོན་དུག་སྔཊ་ཀྱིས་གསོད་པར་བརྩམས་པའམ། གཞན་ལ་གསོད་དུ་བཅུག་ནས། མཐར་ཐུག་གཞན་གྱི་སྲོག་གི་དབང་པོ་འགག་བའོ།།)
  • Dictionaries/sngas rgyas chos gzhung tshig mdzod/11993  + (ཕམ་པ་བཞིའི་ནང་གསེས། གཞི་མིའམ་མིར་ཆགས་པས་དང་། བསམ་པ་གསོད་པར་འདོད་པས། སྦྱོར་བ་མཚོན་དུག་སྔགས་ཀྱིས་གསོད་པར་བརྩམས་པའམ། གཞན་ལ་གསོད་དུ་བཅུག་ནས། མཐར་ཐུག་གཞན་གྱི་སྲོག་གི་དབང་པོ་འགག་པའོ།)
  • Dictionaries/bod rgya nang don rig pai tshig mdzod/6317  + (ཕམ་པ་བཞིའི་ནང་གསེས། གཞི་སྨྲ་ཤེས་དོན་གོ་བའི་མི་ལ། བསམ་པ་བསླུ་བར་འདོད་པས། སྦྱོར་བ་མངོན་ཤེས་དང་རྫུ་འཕྲུལ་སོགས་མིའི་ཆོས་ལས་གོང་ན་འཕགས་པའི་ཡོན་ཏན་རང་ལ་མེད་ཀྱང་ཡོད་ཅེས་བླ་མའི་རྫུན་སྨྲས་ནས། མཐར་ཐུག་གཞན་གྱིས་དེ་རྫུན་དུ་གོ་བར་གྱུར་པའོ། །)
  • Dictionaries/sngas rgyas chos gzhung tshig mdzod/8468  + (ཕམ་པ་བཞིའི་ནང་གསེས། གཞི་སྨྲ་ཤེས་དོན་གོ་བའི་མི་ལ། བསམ་པ་བསླུ་བར་འདོད་པས། སྦྱོར་བ་མངོན་ཤེས་དང་རྫུ་འཕྲུལ་སོགས་མིའི་ཆོས་ལས་གོང་ན་འཕགས་པའི་ཡོན་ཏན་རང་ལ་མེད་ཀྱང་ཡོད་ཅེས་བླ་མའི་རྫུན་སྨྲས་ནས། མཐར་ཐུག་གཞན་གྱིས་དེ་རྫུན་དུ་གོ་བར་གྱུར་པའོ།)
  • Dictionaries/sngas rgyas chos gzhung tshig mdzod/1595  + (ཕམ་པ་བརྒྱད་དང་། ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་སུམ་བརྒྱ་དྲུག་ཅུ་རྩ་བཞིའོ།)
  • Dictionaries/bod rgya nang don rig pai tshig mdzod/1360  + (ཕམ་པ་བརྒྱད་དང་། ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་སུམ་བརྒྱ་དྲུག་ཅུ་རྩ་བཞིའོ།།)
  • Dictionaries/sngas rgyas chos gzhung tshig mdzod/4416  + (ཕམ་པའི་སྡེ་དང་། ལྷག་མའི་སྡེ། ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེ་བཅས་ལྔའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/4426  + (ཕམ་པའི་སྡེ་ཚན་དང་། ཉེས་བྱས་ཀྱི་སྡེ་ཚན་གཉིས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/2611  + (ཕམ་པར་བཏང་བའམ་ཆམ་ལ་ཕབ་པ་བྱུང་ཞེས་པའི་དོན་ཏེ།《ལེགས་བཀད་ནོར་བུའི་བང་མཛོད》ལས། དགེ་བ་བསྔོ་བས་ནག་པོའི་གཉེན་པོར་སོང་བ་ཅིག་བྱུང་། སྔར་གྱི་སྡིག་པ་རྣམས་ཕྱམ་བྱུང་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1598  + (ཕམ་པར་བྱེད་པའམ། ཚར་བཅད་པའི་མིང་སྟེ།《འདུལ་བཕམ་པར་བྱེད་པའམ། ཚར་བཅད་པའི་མིང་སྟེ།《འདུལ་བའི་གླེང་འབུམ》ལས། ཐག་བཅུག་པ་ནི་ཕམ་པར་བྱེད་པ། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཐག་བཅུག་པ་ནི་ཚར་བཅད་པ།། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། ཆོ་འཕྲིལ་ཆེན་པོ་བསྟན་པས་མུ་སྟེགས་ཅན་རྣམས་ནི་ཐག་བཅུག་ལྷ་དང་མི་རྣམས་ནི་དགའ་བར་མཛད། སྐྱེས་བུ་དམ་པ་རྣམས་ནི་མགུ་བར་མཛད་པ་དེའི་ཚེ། ཞེས་པ་ལྟ་བུའོ།།ས་ནི་མགུ་བར་མཛད་པ་དེའི་ཚེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2459  + (ཕའི་ཁྱིམ་མམ་འདུག་སའི་མིང་སྟེ།《བློ་སྦྱོང་ཉི་མའི་འོད་ཟེར་གྱི་བརྡ་དོན》ལས། ཕ་འཚེར་ནི་ཕའི་ཁྱིམ་མམ་འདུག་ས་ལ་འཚེར་ས་ཞེས་པ་ལྟ་བུ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/sngas rgyas chos gzhung tshig mdzod/2845  + (ཕའི་དགེ་འདུན་ལས་བསྙེན་པར་རྫོགས་པ། ཟླ་བ་ཕྱེཕའི་དགེ་འདུན་ལས་བསྙེན་པར་རྫོགས་པ། ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་ལས་གདམས་པ་ནོད་པ། ཕའི་དགེ་སློང་ཡོད་སར་དབྱར་ཁས་ལེན་པ། གཉིས་ཀའི་ཚོགས་ལས་དགག་དབྱེ་བྱ་བ། ལྕི་བའི་ཆོས་ལས་འདས་ན་ཚོགས་གཉིས་ཀྱི་དགེ་འདུན་ལ་མགུ་བ་སྤྱད་པ། དགེ་སློང་གི་ཚུལ་ཁྲིམས་འཆལ་བ་མི་བརྗོད་པ། དགེ་སློང་ལ་ཅི་འདྲི་བ་སོགས་མི་བྱེད་པ། དགེ་སློང་གསར་བུ་ལའང་ཕྱག་འཚལ་བ་སོགས་གུས་པ་བྱ་བ། སྔོན་ཆོག་བཅུའི་ནང་གསེས་ཤིགོགས་གུས་པ་བྱ་བ། སྔོན་ཆོག་བཅུའི་ནང་གསེས་ཤིག)
  • Dictionaries/sngas rgyas chos gzhung tshig mdzod/7660  + (ཕར་ཕྱིན་གྱི་རྣལ་འབྱོར་པ་ནི་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་ངོ།)
  • Dictionaries/bod rgya nang don rig pai tshig mdzod/5843  + (ཕར་ཕྱིན་ཐེག་པའི་ལམ་གྱི་རིམ་པ་མཐའ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་སྟོན་པའི་གསུང་རབ་སྤྱིའི་དགོངས་འགྲེལ། དུས་རབས་བཅུ་བཞི་པའི་མཇུག་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པ། ཉེ་ཆར་རྒྱ་ལོ་ཙཱ་བ་ཆོས་འཕགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར།)
  • Dictionaries/sngas rgyas chos gzhung tshig mdzod/9582  + (ཕར་ཕྱིན་དང་། དབུ་མ། ཚད་མ་རྣམ་འགྲེལ། འདུལ་བ། མཛོད་བཅས་ལྔའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/7148  + (ཕར་ཕྱིན་དྲུག་གི་དོན་མཚོན་པ་དང་། རིགས་དྲུག་གི་སྡུག་བསྔལ་དང་། དེའི་སྐྱེ་གནས་དྲུག་སྐྱོབ་པ་སོགས་ཁྱད་ཆོས་མང་པོ་ཚང་བའི་གཟུངས་སྔགས་ཡི་གེ་དྲུག་པ་སྟེ། ཨོཾ་ མ་ཎི་པདྨེ་ཧཱུཾ། ། ཞེས་པ་འདིའོ། །)
  • Dictionaries/sngas rgyas chos gzhung tshig mdzod/4951  + (ཕར་ཕྱིན་དྲུག་དང་། སངས་རྒྱས། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་སུ་དྲན་པ། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་བཅས་སོགས། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7284  + (ཕར་ཕྱིན་པ་དྲུག་ཞེས་པའི་བསྡུས་ཚིག ༡༽ སྦྱིན་ཕར་ཕྱིན་པ་དྲུག་ཞེས་པའི་བསྡུས་ཚིག ༡༽ སྦྱིན་པ། ལུས་ལོངས་སྤྱོད་སོགས་གང་ལ་ཡང་ཆགས་ཞེན་མེད་པར་སྙིང་ཐག་པ་ནས་གཏོང་ནུས་པའི་སེམས། ༢༽ ཚུལ་ཁྲིམས། སྒོ་གསུམ་མི་དགེ་བའི་ཕྱོགས་ལས་སྡོམ་པའི་སྲུང་བའི་སེམས། ༣༽ བཟོད་པ། གནོད་བྱེད་དང་སྡུག་བསྔ་ལ་ཇི་མི་སྙམ་པར་དང་དུ་ལེན་ཐུབ་པའི་སེམས། ༤༽བརྩོན་འགྲུས། སྒོ་གསུམ་དགེ་བའི་ཕྱོགས་འབད་བརྩོན་ཆེན་པོའི་སྒོ་ནས་འཇུག་པའི་སེམས། ༥༽ བསམ་གཏན། སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན། ༦༽ ཤེས་རབ། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཇི་བཞིན་དུ་རྟོགས་པའི་ཤེས་རབ་སྟེ་དྲུག་གོ། ཚིག་འདི་གསར་དུ་བཅོས་པ་ཡིན།རབ་སྟེ་དྲུག་གོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/3543  + (ཕར་ཕྱིན་བཅུའི་ནང་གསེས་ཤིག་སྟེ། མི་མཐུན་ཕྱོགས་ཀྱིས་རྫི་བར་མི་ནུས་ཤིང་རང་གི་ངོ་བོ་ཤིན་ཏུ་རྒྱས་པའི་གནས་སྐབས་ཀྱི་ཤེས་རབ་ཁྱད་པར་ཅན་ནོ། ། འདི་ལ་དབྱེ་ན། ཀུན་བརྟགས་པའི་སྟོབས་དང་། བསྒོམས་པའི་སྟོབས་གཉིས་ཡོད།།)
  • Dictionaries/bod rgya nang don rig pai tshig mdzod/7323  + (ཕར་ཕྱིན་བཅུའི་ཡ་གྱལ་ཞིག་སྟེ། ཆོས་རྣམས་ཀྱི་མཚན་ཉིད་སྟོང་པར་ཐུགས་སུ་ཆུད་པའོ། །)
  • Dictionaries/sngas rgyas chos gzhung tshig mdzod/10174  + (ཕར་ཕྱིན་བཅུའི་ཡ་གྱལ་ཞིག་སྟེ། ཆོས་རྣམས་ཀྱི་མཚན་ཉིད་སྟོང་པར་ཐུགས་སུ་ཆུད་པ།)
  • Dictionaries/sngas rgyas chos gzhung tshig mdzod/7285  + (ཕར་ཕྱིན་རང་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་དང་། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། འབྲས་བུ་བྱང་ཆུབ་གསུམ་སྨིན་པར་བྱེད་པ་སྟེ་བཞི།)
  • Dictionaries/bod rgya nang don rig pai tshig mdzod/5573  + (ཕར་ཕྱིན་རང་རང་གི་འགལ་རྐྱེན་མི་མཐུན་པའི་ཕྱོགས་དང་བྲལ་བ་དང་། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། འབྲས་བུ་བྱང་ཆུབ་གསུམ་སྨིན་པར་བྱེད་པ་སྟེ་བཞི།)
  • Dictionaries/sngas rgyas chos gzhung tshig mdzod/1755  + (ཕར་ཕྱིན་རང་ལས་མཁས་པ། སེམས་ཙམ་པ་སློབ་དཔོན་གྲོང་སྡེ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/3596  + (ཕར་ཕྱིན།)
  • Dictionaries/Brda dkrol gser gyi me long/3176  + (ཕར་ཚུར་འདྲུད་པའི་མིང་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བཤལ་ནི་ཕར་ཚུར་དྲུད་པའི་མིང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7878  + (ཕར་ཞོག་གམ་སྨོས་ཅི་དགོས་སམ་ལྟ་ཅི་སྨོས་ཞེས་པཕར་ཞོག་གམ་སྨོས་ཅི་དགོས་སམ་ལྟ་ཅི་སྨོས་ཞེས་པའི་དོན་ཏེ།《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ》ལས། ཨ་ཅང་ཆེ་ནི་ཕར་ཞོག་གམ་སྨོས་ཅི་དགོས་སམ་ལྟ་ཅི་སྨོས། ཞེས་གསུངས། དཔེར་ན།《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། གུས་པ་ཡོད་ན། བླ་མ་མཁས་ན་དང་ཨ་ཅང་ཆེ་སྟེ་མི་མཁས་ཀྱང་བྱིན་རླབས་འཇུག་སྟེ། ཞེས་པ་ལྟ་བུའོ།།་ཀྱང་བྱིན་རླབས་འཇུག་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/9992  + (ཕར་རོལ་ཏུ་ཕྱིན་པ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/6833  + (ཕལ་ཆེན་པ་དང་། ཐ་སྙད་གཅིག་པ། འཇིག་རྟེན་འདས་པར་སྨྲ་བ། མང་ཐོས་པ། རྟག་པར་སྨྲ་བ། མཆོས་རྟེན་པ། ཤར་རི་པ། ནུབ་རི་པ་བཅས་བརྒྱད་དོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/1672  + (ཕལ་ཆེན་པ་ལས་གྱེས་པ་ལྔ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། གནས་བརྟན་པའི་སྡེ་བ་ལས་གྱེས་པ་གསུམ། མང་བཀུར་བ་ལས་གྱེས་པ་གསུམ་བཅས་བཅོ་བརྒྱད་དོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/922  + (ཕལ་ཆེན་པའི་སྡེ་པ་དང༌། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གནས་བརྟན་པའི་སྡེ་པ། མང་པོས་བཀུར་བའི་སྡེ་པ་སྟེ་ཐེག་ཆུང་གི་རྩ་བའི་སྡེ་པ་བཞི། དེ་དག་ཆོས་ཀྱི་ལག་ལེན་བྱེད་ཚུལ་ལ་གུ་ཡངས་དོག་དང་ལྟ་བའི་ཆ་ནས་མི་འདྲ་བ་ཡོད་པ་ཞིག་སྟེ། བཞི་བོ་དེ་ལ་ནང་གསེས་ཕྱེ་ན་བཅོ་བརྒྱད་ཡོད།)
  • Dictionaries/chos rnam kun btus/1108  + (ཕལ་ཆེན་ལས་བྱུང་བ་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་སྟེ། 1.རྫུ་འཕྲུལ་གྱི་ཆོ་འཕྲུལ། 2.ཡོངས་སུ་བསྟན་པའི་ཆོ་འཕྲུལ། 3.རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །)
  • Dictionaries/chos rnam kun btus/8856  + (ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མངོན་པར་སྒྲུབ་པ་བཅུ་ཁག་གཅིག་སྟེ།</br>1. སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ་བརྗོད་པར་བྱའོ། །</br>2. སངས་རྒྱས་ཀྱི་ཞིང་རབ་ཏུ་བསྐྱེད་པ་བརྗོད་པར་བྱའོ། །</br>3. སངས་རྒྱས་ཀྱི་ཞིང་གི་བྱིན་གྱི་བརླབས་བརྗོད་པར་བྱའོ། །</br>4. སངས་རྒྱས་ཀྱི་ཞིང་དུ་རྣམ་པར་རྒྱུ་བ་བརྗོད་པར་བྱའོ། །</br>5. སངས་རྒྱས་ཀྱི་ཞིང་ཡོངས་སུ་མནན་པ་བརྗོད་པར་བྱའོ། ། </br>6. འཇིག་རྟེན་གྱི་ཁམས་གྲངས་མེད་པར་འགྲོ་བ་བརྗོད་པར་བྱའོ། །</br>7. ཆོས་གྲངས་མེད་པ་ཡོངས་སུ་དྲི་བ་བརྗོད་པར་བྱའོ། །</br>8. ཡིད་ཀྱི་རང་བཞིན་གྱི་ལུས་མངོན་པར་སྒྲུབ་པ་བརྗོད་པར་བྱའོ། །</br>9. དབྱངས་ཀྱི་སྦྱོར་བ་རབ་ཏུ་དབྱེ་བ་བརྗོད་པར་བྱའོ། །</br>10 .སེམས་བསྐྱེད་པ་གཅིག་ལས་སངས་རྒྱས་གྲངས་མེད་པ་བསྙེན་བཀུར་བར་བྱ་བ་བརྗོད་པར་བྱ་བའོ། །ེད་པ་བསྙེན་བཀུར་བར་བྱ་བ་བརྗོད་པར་བྱ་བའོ། །)
  • Dictionaries/chos rnam kun btus/9342  + (ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ།</br>1. འདི་ལ་བྱང་ཆུབ་སེམས་དཔའ་རྣམས་མ་བསྟན་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་གཏོང་བ་ཡོངས་སུ་གཏོང་བ་ལ་འཇུངས་པ་དང་བྲལ་བ་ཡིན། ཚུལ་ཁྲིམས་ཡོངས་སུ་དག་ལ་ཚུལ་ཁྲིམས་ངན་པ་ཐམས་ཅད་རབ་ཏུ་བསལ་བ་ཡིན། བཟོད་པ་ཕུན་སུམ་ཚོགས་ལ་བསམ་པ་མི་སྒུལ་བ་ཡིན། བརྩོན་འགྲུས་ཆེན་པོ་དང་ལྡན་ལ་དུས་ཐམས་ཅད་དུ་ཕྱིར་མི་ལྡོག་པ་ཡིན། ཤིན་ཏུ་མཉམ་པར་གཞག་པའི་ཡེ་ཤེས་དང་ལྡན་ལ། འཁྲུག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན། ཤེས་རབ་ཀྱིས་ཤིན་ཏུ་བྱུང་ཞིང་སྡིག་པའི་ལྟ་བ་དང་བྲལ་བ་ཡིན་ཏེ། དེ་ལྟར་མ་བསྟན་པར་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པའི་ཆོས་ཏེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ལམ་དང་མཐུན་པ་འདི་ནི། བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཆོས་དང་པོའོ། །</br>2. བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་ཁམས་ཡོངས་སུ་སྡུད་ཅིང་། འཇིག་རྟེན་གྱི་ཟང་ཟིང་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བའི་ངང་ཚུལ་ཅན་བཞིན་འཛུམ་པ། སྙན་པར་སྨྲ་བ། ཚིག་འཇམ་པ། སེམས་ཅན་ཐམས་ཅད་ཀྱི་སེམས་མངོན་པར་དགའ་བ། དོན་ཡང་དག་པ་ཇི་ལྟ་བ་བཞིན་ལ་རབ་ཏུ་སྦྱོར་བ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་དོན་ཁོང་དུ་ཆུད་པར་བྱེད་པ། མི་མཉམ་པའི་སེམས་མེད་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་དོན་དུ་སེམས་པ་དག་སྟེ། དེ་ལྟར་མ་བསྟན་པར་སེམས་ཅན་གྱི་ཁམས་ཡོངས་སུ་བསྡུ་བའི་ཕྱིར་ནན་ཏན་དུ་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པ་སྟེ། དེ་ལྟར་བསྡུ་བའི་དངོས་པོའི་ལམ་དང་མཐུན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པ་གཉིས་པའོ། །</br>3. བྱང་ཆུབ་སེམས་དཔའ་རྣམས་ནི་ཡོངས་སུ་བསྔོ་བའི་ཚུལ་ལ་མཁས་ཤིང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྗེས་སུ་སོང་བར་ཡོངས་སུ་བསྔོ་ཞིང་། འཇིག་རྟེན་གྱི་སྙོམས་པར་འཇུག་པ་ཐམས་ཅད་ལ་ཡེ་བརྔམ་པ་མེད་པས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རབ་ཏུ་གནས་ཤིང་སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོ་སྟེ། དེ་ལྟར་མ་བསྟན་པར་དགེ་བའི་རྩ་བ་ཐམས་ཅད་བརྩམ་པ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟར་ཚོལ་ཞིང་སེམས་ཅན་གྱི་དོན་ཡོངས་སུ་ཚོལ་བ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་གསུམ་པའོ། །</br>4. བྱང་ཆུབ་སེམས་དཔའ་རྣམས་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པས། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འབྲང་ཞིང་འཇིག་རྟེན་པ་ཐམས་ཅད་ཀྱི་ལམ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཡིད་དང་ལྡན་ཏེ། འཕགས་པའི་སྤྱོད་ཡུལ་ལ་མངོན་དུ་བལྟས་ལ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་འབྱུང་བ་ལས་ཕྱིར་ཕྱོགས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པ་ལ་མངོན་པར་བརྩོན་ཞིང་། བདག་གི་བདེ་བ་ལ་ཆགས་པ་མེད་དེ། བསམ་གཏན་དང་། རྣམ་པར་ཐར་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། རྣམ་པར་ལྡང་བ་ལ་མཁས་པས་རང་གི་དབང་དུ་གྱུར་པའི་ཏིང་ངེ་འཛིན་ཐོབ་ཅིང་། འཁོར་བས་ཡོངས་སུ་སྐྱོ་བ་མེད་པའི་སེམས་དང་ལྡན་ཏེ། འཁོར་བ་ལ་བཟའ་ཤིང་གི་ར་བ་ལྟ་བུའི་འདུ་ཤེས་ཆེན་པོ་ཐོབ་པ་དང་། བདུད་ཀྱི་ཁྱིམ་ཐམས་ཅད་ན་གནས་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱི་དབང་ཆེན་པོ་ཡོངས་སུ་སྟོན་ཅིང་། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་གཟུགས་བརྙན་བྱུང་བར་གྱུར་ལ། ཞགས་པ་ཐུབ་པའི་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་ལྟ་བ་དང་བྲལ་ཏེ། འཇིག་རྟེན་པའི་རང་བཟོ་དང་། སྔགས་དང་། གཙུག་ལག་དང། ཡི་གེ་དང་། ཤོད་ཐབས་དང་། གྲངས་དང་། རྩིས་དང་། རང་གི་རྩེད་མོ་དང་། འཇིག་རྟེན་པའི་དགའ་བ་ཐམས་ཅད་ཡོངས་སུ་སྟོན་ཅིང་། བུད་མེད་ཀྱི་ཆོ་ག་དང་། མཚན་མ་དང་། ཆ་ལུགས་དང་། སྒྱུ་རྩལ་ཐམས་ཅད་ཀྱི་ཚུལ་ལ་མཁས་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་མཉན་པ་དང་། དཔྱད་པ་དང་། དྲི་བ་དང་། བརྟགས་པ་ཤིན་ཏུ་བསྟེན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགོས་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ། སེམས་ཅན་ཐམས་ཅད་ཀྱི་ངོར་བལྟ་བ་དབང་དང་ལྡན་པ། རང་སངས་རྒྱས་ཐམས་ཅད་ཀྱི་ཆོ་ག་དང་། སྤྱོད་ལམ་ཡོངས་སུ་སྟོན་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། དེ་བཞིན་གཤེགས་པའི་རྣམ་པར་འཚང་རྒྱ་བ་སྐད་ཅིག་སྐད་ཅིག་ཏུ་སྟོན་པ་སྤྱོད་པའི་རྒྱུན་ཡོངས་སུ་མི་གཅོད་པ་སྟེ། དེ་ལྟར་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་ཀྱང་། བསྟན་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པའི་ཆོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་བཞི་པའོ། །</br>5. གཞན་ཡང་བྱང་ཆུབ་སེམས་དཔའ་ཟུང་དང་སྣྲེལ་ཞི་ལ་མཁས་ཤིང་ཡེ་ཤེས་ཀྱི་རྣམ་པར་རྩེ་བ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པས། འདི་ལྟར་མྱ་ངན་ལས་འདས་པ་ལ་གནས་ཀྱང་འཁོར་བའི་སྒོ་ཡོངས་སུ་སྟོན་པ། སེམས་ཅན་མེད་པའི་མཐའི་སྤྱོད་ཡུལ་དང་ལྡན་ཡང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་མ་བཏང་བ་ཤིན་ཏུ་དུལ་བ་དང་། ཞི་བའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་ཀྱང་། ཉོན་མོངས་པའི་འབར་བ་སེམས་ཅན་ལ་ཡོངས་སུ་སྟོན་པ། ཆོས་ཀྱི་ཡེ་ཤེས་གཅིག་ཏུ་སྟུག་པའི་ལུས་དང་ལྡན་ཡང་། སེམས་ཅན་གྱི་སྒོ་མཐའ་ཡས་པ་ཡོངས་སུ་སྟོན་པ། བསམ་གཏན་ཆེན་པོ་ལ་བསམ་གཏན་འཆའ་ཡང་། འདོད་པའི་དགའ་བ་ཐམས་ཅད་ཀྱིས་རྩེ་ཞིང་ལོངས་སྤྱོད་པར་སེམས་ཅན་ལ་རྣམ་པར་སྟོན་པས་གཅིག་ཏུ་དགའ་བར་དགའ་ཞིང་མོས་པ། ཁམས་གསུམ་པ་ཐམས་ཅད་ལས་ཕྱིར་བལྟས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་བསམ་པ་མ་བཏང་བ། རྟག་ཏུ་ཆོས་ཀྱི་དགའ་བས་དགའ་ཞིང་མོས་ཀྱང་། ལྷའི་བུ་མོ་བརྒྱ་ཕྲག་སྟོང་གི་སྒྲ་རབ་ཏུ་ཕྱུང་བ་དང་རྩེ་བ། མཚན་དང་དཔེ་བྱད་བཟང་པོ་དང་། དགེ་བའི་མཆོག་བརྒྱ་ཕྲག་སྟོང་གིས་བརྒྱན་པའི་ལུས་དང་ལྡན་ཡང་དབུལ་བ་ཐམས་ཅད་ཀྱི་ཚུལ་ཡོངས་སུ་སྟོན་པ། རྟག་ཏུ་ཁ་ན་མ་ཐོ་བ་མེད་པའི་ལས་དགེ་བ་སྤྱད་ཀྱང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་ཡང་ཡོངས་སུ་སྟོན་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་ཀྱང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལུས་ལས་གྱེན་དུ་མ་གཡོས་པ་དག་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ཤེས་མུ་མེད་པ་དང་ལྡན་པས། དེའི་ཕྱིར་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་དཀའ་ན། སེམས་ཅན་བྱིས་པ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་ལྔ་པའོ། །</br>6. བྱང་ཆུབ་སེམས་དཔའ་རྣམས་ནི་། ལུས་དང་། ངག་དང་། ཡིད་ཡེ་ཤེས་སྔོན་དུ་འགྲོ་བ་དང་ལྡན་པ་སྟེ། ལས་ཤིན་ཏུ་དག་པར་སྤྱོད་ཅིང་སྲོག་གཅོད་པ་དང་བྲལ་བ་ནས། སྡིག་པའི་ལྟ་བའི་བར་དང་བྲལ་བས། བྱམས་པ་ཕུན་སུམ་ཚོགས་ཤིང་ཡང་དག་པའི་ལྟ་བ་ལ་ཞུགས་པ་ཡིན་ཏེ། དེ་ལྟར་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང་ལྡན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དྲུག་པའོ། །</br>7. བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ཞིང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་ཀྱིས་ལེན་པར་མཁས་པས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་གྱི་སེམས་ཅན་གྱི་དོན་དུ་ཡོངས་སུ་སྐྱོ་བ་མེད་པའི་སེམས་དང་ལྡན་ཞིང་། སེམས་ཅན་གྱི་ཁམས་ཐམས་ཅད་དགྲོལ་བ་ལ་ཞུགས་པ། འདོད་པའི་དགའ་བ་ཐམས་ཅད་ཀྱིས་རྩེ་ཞིང་ཡོངས་སུ་ལོངས་སྤྱོད་པ་ལ་ཆགས་པ་མེད་པའི་ཡིད་དང་ལྡན་པས་རྟག་ཏུ་སེམས་ཅན་རྣམས་སྡུག་བསྔལ་གྱི་ཕུང་པོ་ལས་དགྲོལ་བ་ལ་མངོན་པར་བརྩོན་པ་སྟེ། དེ་ལྟར་སྙིང་རྗེ་ཆེན་པོའི་སྟོབས་ཡོངས་སུ་མི་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བདུན་པའོ། །</br>8. བྱང་ཆུབ་སེམས་དཔའ་རྣམས་ནི། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་མཐོང་ན་དགའ་བ་སྟེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱིས་ཕྱག་བྱ་བ། འགྲོ་བ་ཐམས་ཅད་མཐོང་བར་སྨོན་པ། སེམས་ཅན་ཐམས་ཅད་མངོན་པར་དགའ་བའི་སེམས་དང་ལྡན་པ་དག་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་སྔོན་ནས་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་དང་ལྡན་ཞིང་། ཡོངས་སུ་དག་པའི་ལས་ཀྱི་ཚུལ་གྱིས་སྤྱོད་པས། དེའི་ཕྱིར་དེ་དག་མཐོང་བས་འགྲོ་བ་ཐམས་ཅད་མི་ངོམས་པ་ཡིན། དེ་ལྟར་འགྲོ་བ་ཐམས་ཅད་མཐོང་བར་མངོན་པར་དགའ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་བརྒྱད་པའོ། །</br>9. བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བརྟན་པ་དང་ལྡན་པའི་ལྷག་པའི་བསམ་པའི་གོ་ཆ་ཤིན་ཏུ་བགོས་པས་དེ་དག་ཇི་ལྟར་ཉོན་མོངས་ཤིང་། བྱིས་པའི་སྐྱེ་བོའི་འདུ་འཛི་དང་ཇི་ལྟར་བརྟེན་ཏམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚོགས་ཀྱི་ནང་དུ་ཇི་ལྟར་ཕྱིན་ཀྱང་རུང་སྟེ། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་བཟང་པོ་འོད་དང་ལྡན་པ་དེ་འཇིག་བར་མི་བྱེད་དོ། ། དེ་ནི་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་རྒྱན་བཟང་པོ་ཞེས་བྱ་བ་དེ་ཆུ་དང་བར་བྱེད་པ་ནི། པདྨའི་རྫིང་བུ་ཇི་ལྟར་རྙོགས་ཀྱང་རུང་སྟེ། ནང་དུ་བཙུག་ན་ནོར་བུ་རིན་པོ་ཆེའི་འོད་གསལ་ཞིང་བཟང་བ་དེ་ཉིད་རྣམ་པར་མི་སྤོང་སྟེ། ཆུ་དེ་ཐམས་ཅད་ཀྱང་རྙོག་པ་མེད་པར་རབ་ཏུ་དང་བར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། བྱིས་པའི་སྐྱེ་བོའི་འདུ་འཛི་ཇི་ལྟར་བརྟེན་ཀྱང་། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་འོད་གསལ་ཞིང་། སྣང་བ་བཟང་པོ་དེ་ཆུད་ཟོས་པར་མི་བྱེད་དེ། སེམས་ཅན་དེ་དག་ཀྱང་ཉོན་མོངས་པའི་རྙོག་པ་དེ་ལས་ཟློག་ཅིང་། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་འོད་གསལ་ཞིང་། སྣང་བ་དེ་ཉིད་ལ་རབ་ཏུ་འགོད་དོ། ། དེ་ལྟར་ཇི་ལྟར་ཉོན་མོངས་པར་གྱུར་ཀྱང་རུང་། བྱིས་པའི་སྐྱེ་བོའི་འདུ་འཛི་དང་ཇི་ལྟར་བརྟེན་ཏམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚོགས་ཀྱི་ནང་དུ་ཇི་ལྟར་ཕྱིན་ཀྱང་རུང་སྟེ། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་དེ་ཉིད་འཇིག་པར་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དགུ་པའོ། །</br>10 .བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ཡུལ་གྱི་ཡེ་ཤེས་ཀྱི་ཆོས་ལ་དབང་བསྒྱུར་བའི་ཕ་རོལ་ཏུ་ཕྱིན་པ་དམ་པ་ཐོབ་པ་སྟེ། རང་བྱུང་གི་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་ཞིང་། གོ་འཕང་སྐྱོན་མེད་པ་ལ་གནས་ཀྱང་དགེ་བའི་བཤེས་གཉེན་ལ་གནས་པ་རིང་དུ་མི་སྤོང་ཞིང་། དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བའི་རྒྱུན་མི་གཅོད་དེ། དེ་ལྟར་ཚུལ་ཕུན་སུམ་ཚོགས་པ་དང་། འགྲོ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་བསྟེན་པ་ལས་ཕྱིར་མི་ལྡོག་ཅིང་། དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བ་རྒྱུན་མི་གཅོད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་པའོ། །བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་པའོ། །)
  • Dictionaries/chos rnam kun btus/8792  + (ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་ཁག་གཅིག་སྟེ།</br>1. འདི་ལྟར་དེ་བཞིན་གཤེགས་པའི་གསུང་ལ་མོས་པ་ཡོངས་སུ་དག་པ།</br>2. བྱང་ཆུབ་སེམས་དཔའ་ཚིག་སྔོན་མ་ཐོས་པ་ལ་མངོན་པ་མོས་པ་ཡོངས་སུ་དག་པ།</br>3. འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའི་ཚིག་ཡོངས་སུ་སྤངས་པས་ཡོངས་སུ་དག་པ།</br>4. སྔོན་གྱི་མཐར་ངག་གི་ཉེན་སེལ་བརྟན་འགྱུར་པ་བཞི་དང་བྲལ་བས་ཡོངས་སུ་དག་པ།</br>5. དགའ་བ་དང་མོས་པ་ཆེན་པོས་དེ་བཞིན་གཤེགས་པ་མངོན་དུ་བསྟོད་པས་ཡོངས་སུ་དག་པ།</br>6. སྒྲ་ཆེན་པོས་དེ་བཞིན་གཤེགས་པ་མཆོད་པར་འོས་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་དང་། ལེགས་པ་བརྗོད་་པས་ཡོངས་སུ་དག་པ།</br>7. བསམ་པ་ཐག་པས་སེམས་ཅན་གཞན་ལ་ཆོས་ཀྱི་སྦྱིན་པས་སྡུད་པས་ཡོངས་སུ་དག་པ།</br>8. སྒྲ་དབྱངས་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པས་ཡོངས་སུ་དག་པ།</br>9. སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མངོན་སུམ་དུ་ཆོས་ཐོས་ནས། རང་གི་ལུས་འབུལ་བས་ཡོངས་སུ་དག</br>10 .བྱང་ཆུབ་སེམས་དཔའི་ཆོས་སྨྲ་བ་ཐམས་ཅད་ལས་ཆོས་ཐོས་ནས་རིམ་གྲོ་བྱ་བའི་ཕྱིར། བདག་འབུལ་ཞིང་སྙིང་ཐག་པ་ནས་ཡོངས་སུ་གཏོང་བས་ཡོངས་སུ་དག་པ་སྟེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ངག་ནི་ལས་རྣམ་པར་དག་པ་བཅུ་པོ་དེ་དག་གིས་ཤིན་ཏུ་སྦྱངས་བར་འབྱུང་ངོ་། །་པོ་དེ་དག་གིས་ཤིན་ཏུ་སྦྱངས་བར་འབྱུང་ངོ་། །)
  • Dictionaries/chos rnam kun btus/8948  + (ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་ཁག་གཅིག་སྟེ།</br>1. འདི་ལྟར་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད།</br>2. ཆོས་ཐམས་ཅད་མཉམ་པ་ཉིད།</br>3. སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མཉམ་པ་ཉིད།</br>4. ལྷག་པའི་བསམ་པ་ཐམས་ཅད་ལ་མཉམ་པ་ཉིད། </br>5. དགེ་བའི་རྩ་བ་ཐམས་ཅད་ལ་མཉམ་པ་ཉིད། </br>6. བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉམ་པ་ཉིད། </br>7. སྨོན་ལམ་ཐམས་ཅད་ལ་མཉམ་པ་ཉིད། </br>8. ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་མཉམ་པ་ཉིད། </br>9. སྤྱོད་པ་ཐམས་ཅད་ལ་མཉམ་པ་ཉིད།</br>10 .སངས་རྒྱས་ཐམས་ཅད་ལ་མཉམ་པ་ཉིད་དོ། །ཉིད། 10 .སངས་རྒྱས་ཐམས་ཅད་ལ་མཉམ་པ་ཉིད་དོ། །)
  • Dictionaries/chos rnam kun btus/9122  + (ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གནས་བཅུ་ཞེས་པ་ཁག་གཅིག་སྟེ།</br>1. འདི་ལྟར་ཉམས་པ་མེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ལ་གནས་པ།</br>2. ཚོགས་ཀྱིས་ངོམས་པ་མེད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ལ་གནས་པ།</br>3. ཤེས་རབ་ཤིན་ཏུ་སྦྱངས་པའི་ཕྱིར། ཆོས་ཀྱི་གཏམ་ལ་གནས་པ།</br>4. བསམ་གཏན་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བས་མཐའ་དགོན་པ་ལ་གནས་པ།</br>5. བྱ་བ་ཉུང་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པའི་སྦྱངས་པའི་ཡོན་ཏན་དང་། ཆོག་ཤེས་པ་དང་། འཕགས་པའི་རྒྱུད་ལ་གནས་པ། </br>6. ཆོས་ཀྱི་བརྩོན་འགྲུས་རྗེས་སུ་འབྲང་བར་བྱ་བའི་ཕྱིར། ནན་ཏན་ལ་གནས་པ།</br>7. སངས་རྒྱས་ཀྱི་སྤྱོད་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བསྙེན་བཀུར་བ་ལ་གནས་པ།</br>8. ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མངོན་པར་ཤེས་པས་འབྱུང་བ་ལ་གནས་པ། </br>9. ལུང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བཟོད་པ་ཐོབ་པ་ལ་གནས་པ།</br>10 .སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྙིང་པོ་བྱང་ཆུབ་ལ་གནས་པའོ། །་བྱ་བའི་ཕྱིར། སྙིང་པོ་བྱང་ཆུབ་ལ་གནས་པའོ། །)
  • Dictionaries/chos rnam kun btus/8991  + (ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་བཅུ་སྟེ། </br>1. འདི་ལྟར་འགྲོ་བ་ཐམས་ཅད་འདུལ་བའི་སྟོབས་ཀྱིས་འབྱུང་བའི་དེད་དཔོན་དུ་འགྱུར་བ།</br>2. བརྩོན་འགྲུས་སྟོབས་ཀྱིས་ཕྱིར་མི་ལྡོག་པ། </br>3. ཆགས་པ་མེད་པའི་སྟོབས་ཀྱིས་དྲི་མ་མེད་པ། </br>4. ཞི་བའི་སྟོབས་ཀྱིས་སྒྲིབ་པ་མེད་པ།</br>5. སེམས་ཀྱི་རྒྱུད་ཡོངས་སུ་བསྒྱུར་བའི་སྟོབས་ཀྱིས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ།</br>6. རང་བཞིན་གྱི་ཆོས་ཀྱི་སྟོབས་ཀྱིས་དོན་གྱི་དབང་། </br>7. བསྒྲིབས་པ་མེད་པའི་ཆོས་ཀྱིས་ཤེས་རབ་ཆེ་བ། </br>8. མི་འཇིགས་པའི་སྟོབས་ཀྱིས་ཆོས་སྟོན་པ།</br>9. ཐ་དད་པ་ཡང་དག་པར་ཤེས་པའི་སྟོབས་ཀྱིས་བྱིན་གྱིས་རློབ་པའི་ཆོས་ཉིད།</br>10 .རང་བྱུང་གི་སྟོབས་ཀྱིས་མཐའ་ཡས་པའི་ཡེ་ཤེས་རྣམ་པར་སྟོན་པའོ། །་ཀྱིས་མཐའ་ཡས་པའི་ཡེ་ཤེས་རྣམ་པར་སྟོན་པའོ། །)
  • Dictionaries/chos rnam kun btus/9158  + (ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་ཁག་གཅིག་སྟེ།</br>1. འདི་ལྟར་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ནམ་མཁའི་དབྱིངས་ཀྱིས་ཀླས་པ་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ།</br>2. བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐ་དད་པ་མེད་པའི་མཐར་ཐུག་པ་ཐ་མི་དད་པའི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ།</br>3. བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཆེན་པོའི་རྣམ་པར་འཕྲུལ་པ་དེ་བཞིན་ཉིད་ལ་ཞུགས་ཤིང་། སངས་རྒྱས་ཀྱི་མཛད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ།</br>4. འཇིག་རྟེན་གྱི་ཁམས་རྣམ་པར་འཕྲུལ་པ་དམིགས་པ་ཐམས་ཅད་དོན་ཡོད་ཅིང་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱ་བའི་བྱིན་གྱི་རླབས་ཅན།</br>5. སེམས་ཅན་ཐམས་ཅད་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་ལས་རྣམ་པར་སྨིན་པ་སྒྱུ་མ་ལྟ་བུ་ལ་འཇུག་པ།</br>6. ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཡངས་པ་དང་ཕྲ་བའི་ཏིང་ངེ་འཛིན་གྱི་མཚན་མ་དང་། ཏིང་ངེ་འཛིན་ལས་ལྡང་བ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་མཐུ་དང་། བྱང་ཆུབ་སེམས་དཔའི་ཁོང་དུ་ཆུད་པས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་ཅིང་འབྱུང་བ།</br>7. དེ་བཞིན་གཤེགས་པའི་སྐུ་སྟོན་པའི་རྣམ་པར་འཕྲུལ་པ།</br>8. བྱང་ཆུབ་སེམས་དཔའ་སངས་རྒྱས་སྤྲུལ་པ་དང་། སངས་རྒྱས་སུ་བྱིན་གྱིས་བརླབས་པ་དང་། ཆོས་ཀྱི་འཁོར་ལོ་སྤྲུལ་པ་དང་། འདུལ་བ་བྱིན་གྱིས་བརླབ་པ་བྱེད་ཅིང་། དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དུ་སྐྱེ་བའི་དང་། སངས་རྒྱས་ཀྱི་སྒྲ་གྲགས་པར་བྱ་བ་རབ་ཏུ་སྒྲུབ་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་སེམས་ལྟར་མགྱོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན།</br>9. བྱང་ཆུབ་སེམས་དཔའ་སངས་རྒྱས་བརྗོད་པ་མེད་པའི་བསྟན་པ་དང་། ལྡེམ་པོ་དག་རབ་ཏུ་ཤེས་ཏེ། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཆོས་ཀྱི་འཁོར་ལོ་རྣམ་པར་འཕྲུལ་པ་དག་སྟོན་པར་བྱེད་དོ། །</br>10 .བྱང་ཆུབ་སེམས་དཔའ་ཆེན་པོ་ཉིན་ཞག་གི་གྲངས་དང་། ཡུད་དུ་ཡན་མན་དང་། ཟླ་བའི་གྲངས་དང་། ལོ་དང་། བསྐལ་པའི་གྲངས་རབ་ཏུ་ཤེས་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ཡེ་ཤེས་ཀྱི་དུས་གསུམ་མངོན་པར་བསྒྲུབ་པའི་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་འཕྲུལ་པ་བཅུ་པོ་འདི་དག་ལའང་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཅུ་པོ་འདི་དག་ལའང་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །)
  • Dictionaries/sngas rgyas chos gzhung tshig mdzod/6832  + (ཕལ་ཆེན་སྡེ་པ་ལ་ཟེར།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2077  + (ཕལ་ཆེན་སྡེ་པ་ལྔ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། གནས་བརྟན་པ་གསུམ། མང་བཀུར་བ་གསུམ་སྟེ་བཅོ་བརྒྱད།)
  • Dictionaries/sngas rgyas chos gzhung tshig mdzod/4897  + (ཕལ་ཆེན་སྡེ་པ་ལྔ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། གནས་བརྟན་པ་གསུམ། མང་བཀུར་བ་གསུམ་བཅས་སོགས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)