Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "རོ་དྲུག་དང་དོན་གཅིག". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/1423  + (རེ་ཞིག་ཅེས་པའི་དོན་ཏེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། ཇེ་ཞིག་ནི་རེ་ཞིག ཅེས་གསུངས། དཔེར་ན། 《མི་དབང་རྟོགས་བརྗོད》ལས། གང་ཞིག་ཕན་པ་སྒྲུབ་པའི་བློ་ཅན་དེས།། ཉམ་ཆུང་ནའང་ཇེ་ཞིག་རེ་འབྲས་སྟེར།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1428  + (རེ་ཞིག་ཅེས་པའི་དོན་ལ་འཇུག་སྟེ།《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། ཇོ་ཞེས་བྱ་བ་རེ་ཞིག་གོ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5756  + (རེ་ལྡེ་ཞེས་པ་སྨྱུག་མའམ་རྩྭ་སྟན་གྲུ་བཞིའི་མརེ་ལྡེ་ཞེས་པ་སྨྱུག་མའམ་རྩྭ་སྟན་གྲུ་བཞིའི་མིང་སྟེ། 《གནམ་རྩེ་ལྡེང་མའི་བརྡ་དོན》ལས། རེལ་དེ་ནི་རེ་ལྡེ་ཞེས་པ་སྟེ་སྨྱུག་མ་ལ་སོགས་པ་ལས་ལྷས་པའི་རྩྭ་སྟན་གྲུ་བཞིའོ། ། རྣམ་འབྱེད་འགྲེལ་པ་ལས། ཕྱག་བདར་རེ་ལྡེ་ཙམ་བྱས་པ་ནི་ཁྲུ་བཞི་ཙམ་བྱས་པའོ་ཞེས་གསུངས་སོ། ། ཞེས་གསུངས་པ་ལྟར་རོ། །པའོ་ཞེས་གསུངས་སོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/2374  + (རེག་པའམ་ཐམས་ཅད་རེག་པའི་མིང་སྟེ།《བརྡ་གསར་རྙརེག་པའམ་ཐམས་ཅད་རེག་པའི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ནོམ་ཉུག་ཅེས་པ་རེག་པའི་མིང་། ཞེས་གསུངས། དཔེར་ན། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ནོམ་ཉུག་ནི་རེག་པ་སྟེ། དེ་ཡང་ཕྱོགས་གཅིག་རེག་པ་ནི་ནོམ་པ་དང་། ཐམས་ཅད་རེག་པ་ནི་ཉུག་པའོ།། ཞེས་དང་། ཡང་དེ་ཉིད་ལས། ནོམ་པ་ནི་ལྷོད་པར་རེག་པ་དང། ཉུག་པ་ནི་དམ་པོར་རེག་པའོ།། ཞེས་གསུངས་སོ།།། ཉུག་པ་ནི་དམ་པོར་རེག་པའོ།། ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/3239  + (རེག་པའམ་ཐུག་པའི་མིང་སྟེ།《བློ་སྦྱོང་བརྡ་དོན》ལས།འབུ་སྣར་ཁིང་བུས་བསུར་བ་འདྲ་ནི་འབུ་སྲིན་གྱི་སྣ་ལ་ཤིང་ཐུར་གྱིས་རེག་པའམ་བསུར་བ་ན་བསྐུམས་ཏེ་ཐུང་ལ་འགྲོ་བ་དང་འདྲའོ་ཞེས་པའོ།།ཞེས་གསུངས་པ་ལྟར་རོ།།)
  • Dictionaries/bod rgya nang don rig pai tshig mdzod/3815  + (རེག་པའི་ཚོགས་དྲུག་པོ་ལས་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་ཐོགས་བཅས་ཀྱི་དབང་པོ་ལྔ་ལ་བརྟེན་པའོ། ། དཔེར་ན་མིག་གི་འདུས་ཏེ་རེག་པ་ནི། མིག་གི་དབང་པོ་དང་གཟུགས་དང་མིག་གི་རྣམ་ཤེས་གསུམ་འདུས་ཏེ་ཡུལ་ཡོངས་སུ་གཅོད་པ་འབྱུང་བ་ལྟར་རོ།།)
  • Dictionaries/sngas rgyas chos gzhung tshig mdzod/9188  + (རེག་པའི་རྐྱེན་གྱི་ཚོར་བ་སྐྱེས་པ་དེ་རྟེན་འབྲེལ་ལོ། རེག་པ་འགགས་པས་ཚོར་བ་འགགས་པ་ཡང་རྟེན་འབྲེལ་ལོ།)
  • Dictionaries/sngas rgyas chos gzhung tshig mdzod/9180  + (རེག་པའི་རྐྱེན་གྱིས་ཚོར་བ་སྐྱེ། རང་གི་ཡུལ་མྱོང་བར་བྱེད་པས་ན་ཚོར་བ་ཞེས་བྱ་ཞིང་ལུས་ཀྱི་ཚོར་བ་སྡུག་བསྔལ་ལྟ་བུ།)
  • Dictionaries/bod rgya nang don rig pai tshig mdzod/6743  + (རེག་པས་ཡུལ་ཡོངས་སུ་སྤྱད་པའི་རྣམ་པར་སྨིན་པ་སིམ་གདུང་བར་མ་གང་རུང་ཉམས་སུ་མྱོང་བའི་བདག་ཉིད་ཅན་གྱི་ཤེས་པའོ། །)
  • Dictionaries/sngas rgyas chos gzhung tshig mdzod/10673  + (རེག་བྱ་འཛིན་པའི་དབང་པོའི་མངོན་སུམ་སྟེ། རང་གི་བདག་རྐྱེན་ལུས་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་ཤེས་པ་རྟོག་བྲལ་མ་འཁྲུལ་བའོ།)
  • Dictionaries/sngas rgyas chos gzhung tshig mdzod/10674  + (རེག་བྱ་འཛིན་པའི་ཡིད་ཀྱི་དབང་པོའི་མངོན་སུམ་རེག་བྱ་འཛིན་པའི་ཡིད་ཀྱི་དབང་པོའི་མངོན་སུམ་སྟེ། རང་གི་བདག་རྐྱེན་རེག་བྱ་འཛིན་པའི་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་དེ། རེག་འཛིན་དབང་མངོན་སྐད་ཅིག་ཕྱི་མ་ལྟ་བུ། རང་གི་གཟུང་དོན་གྲོགས་སུ་ཡོད་པའི་དབང་མངོན་གཅིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བའི་ཕྱིར།ཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བའི་ཕྱིར།)
  • Dictionaries/Brda dkrol gser gyi me long/4313  + (རེག་བྱ་རྩུབ་པའི་རྫས་ཀྱི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཙི་དྲག་པོ་ཞེས་བྱ་བ་ནི། ། རེག་བྱ་རྩུབ་པའི་རྫས་ཀྱི་མིང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sngas rgyas chos gzhung tshig mdzod/8187  + (རེག་བྱའི་སྐྱེ་མཆེད་ཀྱི་གྲས་ཤིག་སྟེ། འབྱུང་བ་ས་ཆུ་མེ་རླུང་བཞི།)
  • Dictionaries/Le shing gur khang/306  + (རེངས་པ།)
  • Dictionaries/Brda dkrol gser gyi me long/3621  + (རེམ་རེམ་མམ་ཧུར་བརྩོན་གྱིས་ཞེས་པའི་དོན་ཏེ། རེམ་རེམ་མམ་ཧུར་བརྩོན་གྱིས་ཞེས་པའི་དོན་ཏེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། བྲད་བྲད་ནི་རེམ་རེམ། ཞེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། སྔོན་འཆིལ་པ་རྒན་རྒོན་གཉིས་ཡོད་པའི། རྒན་པོ་ཁྲས་ཁྱེར་ནས། རྒན་མོ་ངའི་བསོད་དེ་དབང་ཐང་ལ་ཟེར་ནས། མནོ་བསམ་བཏང་ནས་རྒན་མོ་ན་རེ། བསོད་དེ་ལ་མ་རེ་བྲད་བྲད་གྱིས་བྱས་པས་དེར་ཁོས་བྲད་བྲད་བྱས་པས། ཁྲའི་ལག་ནས་ཤོར་སྐད། ཅེས་པ་ལྟ་བུའོ། །པས། ཁྲའི་ལག་ནས་ཤོར་སྐད། ཅེས་པ་ལྟ་བུའོ། །)
  • Dictionaries/sngas rgyas chos gzhung tshig mdzod/4197  + (རེའུ་མིག་ཏུ་དམ་ཚིག་པ་བསྐྱེད་པ་མེད་པར་ཡེ་ཤེས་པ་སྤྱན་དྲངས་ནས་གཞན་རྒྱས་པ་བཞིན་འབུལ་བ་ནི་འབྲིང་པོའོ།)
  • Dictionaries/Brda dkrol gser gyi me long/4275  + (རེའུ་མིག་ལ་བརྟེན་ནས་རྩེ་བའི་རྩེད་མོ་བྱེ་བྲག་ཅིག་གི་མིང་སྟེ། 《ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལས། སྤུང་ཟད་ཟུ་ཙེ་འཛངས་ཀྱང་ཀྱི་ཚད་ནི། རྩིས་གྲ་གསུམ་ཞལ་ཙེ(ལྕེ)གྲ་བཞི་ཡང་རྣ་བས་ཉན་ཞིང་གཆོག མྱིག་མངས་གྲ་ཆིག་ཀྱང་ཟླ་ལ་རྩེ་ན་རྒྱལ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7432  + (རེས་མོ་བྱེད་པའི་མིང་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། སྤོད་པོར་སྤོད་ཤོད་གཉིས་ནི་རེས་མོའི་དོན། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/7438  + (རེས་མོ་བྱེད་པའི་མིང་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། སྤོར་ཤོད་ནི་རེས་མོའི་དོན། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5757  + (རེས་འགའ་ཞེས་པའི་དོན་ལ་འཇུག་སྟེ། 《བེའུ་བུམརེས་འགའ་ཞེས་པའི་དོན་ལ་འཇུག་སྟེ། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། རེས་ཙ་ན་ཞེས་པ་ནི་རེ་འགའ་ཞེས་པའོ། ། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོ》ལས། དེ་བས་ན་བཤེས་གཉེན་བསྟེན་པའི་དུས་ན་རྒྱུན་དུ་འགྱུར་བར་བྱའི། ཁུར་དུ་འགྲོ་བར་མི་བྱ་བ་ལ་སོགས་པ་ཡང་རེས་ཙ་ན་སྐབས་འདིར་ཡང་གསུང་། ཞེས་པ་ལྟ་བུའོ། །་ཙ་ན་སྐབས་འདིར་ཡང་གསུང་། ཞེས་པ་ལྟ་བུའོ། །)
  • Dictionaries/Le shing gur khang/203  + (རེས་འགའ།)
  • Dictionaries/Le shing gur khang/697  + (རེས་འགའ།)
  • Dictionaries/Brda dkrol gser gyi me long/5345  + (རེས་འགའམ་ལན་འགའི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བྱ་སྐོན་གཉིག་ཏུ་འོར་འགའ་ལ། ། བྱ་རྒྱུ་གཅིག་ཏུ་རེས་འགའ་ཟེར། ། ཞེས་དང་། 《ཚིག་གཏེར》ལས། འོར་འགའ་ཞེས་པ་ལན་འགའི་མིང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/2835  + (རོ་ཁང་ངམ་དུར་གནས་ཀྱི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། བང་སོ་དུར་གནས་བོན་གྱི་བརྡ། ཞེས་དང་། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། བང་སོ་རྒྱལ་པོའི་དུར་དང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/990  + (རོ་ཐོག་གི་གོས་བླངས་པའི་མིང་སྟེ།《འདུལ་བ་ལུངརོ་ཐོག་གི་གོས་བླངས་པའི་མིང་སྟེ།《འདུལ་བ་ལུང་རྣམ་འབྱེད》ལས། གོས་བོར་བླངས་གང་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཉེ་དུ་ཉམས་པ་དང་། ཤི་བ་དང་། དུས་ལ་བབ་པར་རིག་ནས། དེའི་རྒྱབ་ནས་གོས་ཀྱིས་བཀབ་སྟེ་དུར་ཁྲོད་དུ་ཁྱེར་ནས་དེ་དག་གི་གོས་དེ་ཡང་ཕྱིར་ཁྱེར་ཏེ་འོངས་ནས་དགེ་འདུན་ལ་འབུལ་བ་དེ་ནི་གོས་བོར་བླངས་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །་བོར་བླངས་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/bod rgya nang don rig pai tshig mdzod/7654  + (རོ་ཕུང་ཚོགས་སུ་བྱིན་གྱིས་བརླབས་ནས་བསྔོ་བའི་སྦྱིན་པ་ཞིག)
  • Dictionaries/Brda dkrol gser gyi me long/5760  + (རོ་མངར་བའི་དོན་ཏེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། རོ་དངར་བ་ནི་མངར་བའི་དོན། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7575  + (རོ་ཙ་གསོ་བའི་སྨན་ཏེ། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་གསོ་རིག་ཡིག་ཆ》ལས། རྒྱའི་སྦྱར་རྩི་དང་མྱི་མཚུངས་སོ། རྒྱའི་སྦྱར་རྩི་འཐུངས་ན་བུ་ཚ་ཀུན་སྦྱར་དུ་འོང་ངོ་། ནད་དུ་ལྡང་ངོ་། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6725  + (རོ་ཟན་ནམ་གཤིན་ཟས་ཀྱི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། ཤིད་ཟན་རོ་ཟན་ནམ་གཤིན་ཟས། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Le shing gur khang/782  + (རོ་ཟན་ནམ་གཤིན་ཟས་སམ་དད་ཟས།)
  • Dictionaries/sngas rgyas chos gzhung tshig mdzod/10687  + (རོ་འཛིན་པའི་དབང་པོ་མངོན་སུམ་སྟེ། རང་གི་བདག་རྐྱེན་ལྕེའི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་ཤེས་པ་རྟོག་བྲལ་མ་འཁྲུལ་བའོ།)
  • Dictionaries/sngas rgyas chos gzhung tshig mdzod/10688  + (རོ་འཛིན་པའི་ཡིད་ཀྱི་དབང་པོའི་མངོན་སུམ་སྟེ།རོ་འཛིན་པའི་ཡིད་ཀྱི་དབང་པོའི་མངོན་སུམ་སྟེ། རང་གི་བདག་རྐྱེན་རོ་འཛིན་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་སྟེ། རོ་འཛིན་དབང་མངོན་སྐད་ཅིག་ཕྱི་མ་ལྟ་བུ། རང་གི་གཟུང་དོན་གྲོགས་སུ་ཡོད་པའི་དབང་མངོན་གཅིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པའོ།ྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པའོ།)
  • Dictionaries/sngas rgyas chos gzhung tshig mdzod/2852  + (རོ་འཛིན་རྣམ་ཤེས།)
  • Dictionaries/bod rgya nang don rig pai tshig mdzod/7668  + (རོ་རྐྱང་དབུ་མ་གསུམ་གྱི་ནང་ནས་རླུང་ལན་གསུམ་གསུམ་ཕྱིར་གཏོང་བ།)
  • Dictionaries/bod rgya nang don rig pai tshig mdzod/7649  + (རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ཞིག་སྟེ། དངོས་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ཞིག་སྟེ། དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས་ཞེས་བྱ་ཞིང་སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་མི་རོ་དངོས་སྒྲུབ་ཅན་གྱི་གཏམ་རྒྱུད། རྒྱལ་པོ་བདེ་སྤྱོད་བཟང་པོས་དཀའ་བ་སྤྱད་པའི་མི་རོ་གསེར་འགྱུར་གྱི་ལོ་རྒྱུས་ལེའུ་ཚན་ཉེར་གཅིག་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ལེའུ་ཉི་ཤུ་རྩ་གཅིག་པ་རྣམས་སོ།།ི་ཆོས་སྒྲུང་ལེའུ་ཉི་ཤུ་རྩ་གཅིག་པ་རྣམས་སོ།།)
  • Dictionaries/sngas rgyas chos gzhung tshig mdzod/7443  + (རོ་ལངས་སྒྲུབ་པ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/5720  + (རོ་ལངས་སྒྲུབ་པ།)
  • Dictionaries/chos rnam kun btus/11448  + (རོ་སུམ་ཅུ་རྩ་དྲུག་པོ་ལ་ལྕེ་ཤེས་ལ་ཕན་པའི་རོ་དང་། འཇུ་བར་མངོན་དུ་ཕྱོགས་པའི་ཚེ་ལུས་སེམས་ལ་མི་གནོད་པའི་རོ་དང་། ཞུ་ཚེ་ལུས་སེམས་ལ་ཕན་པའི་རོ་སྟེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་བརྒྱ་དང་བརྒྱད་དོ། །)
  • Dictionaries/bod rgya nang don rig pai tshig mdzod/4053  + (རོ་སྐྱེལ་བའི་ཉིན་མོར་འབུལ་བའི་མཆོད་པ།)
  • Dictionaries/sngas rgyas chos gzhung tshig mdzod/10737  + (རོ་སྙོམས་སྐོར་དྲུག ༼ ལ་ལྟོས༽)
  • Dictionaries/Brda dkrol gser gyi me long/2415  + (རོ་སྲེག་པའི་དོན་ཏེ།《མ་ཎི་བཀའ་འབུམ》ལས། རྒན་པོ་ན་རེ་སངས་རྒྱས་མྱ་ངན་ལས་འདས་ནས་ཁ་རིང་ཉི་མ་པུར་སྦྱོང་གི་འདུག་ཟེར། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2373  + (རོགས་སྐྱོར་བྱེད་པ་ཞེས་པའི་དོན་ཏེ།《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ 》ལས། མྱི་ཐུབས་པའི་སྟེང་དུ། དེ་བར་ཉིན་ཆིག(ཅིག)བཞིན་དུ་རྒོལ་བ་དང་སྦྱར་ན། ནོན་སྐྱབས་བྱེད་པ་འགའ་ཞིག་ཡོད་པ་འདྲའ་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/10693  + (རོང་པ་ཕྱག་སོར་བའི་སློབ་ཆེན་ཏེ། བྱ་འདུལ་བ་འཛིན་པ་དང་། རོག་འཆིམས་ཕུ་བ། རྣམ་པར་བ། དགེ་བཤེས་ཞུས་ལན་པ་བཅས། རྣམ་པར་བས་ནི་རྣམ་པར་དང་རམ་པ་ལྷ་སྡིངས་སོགས་ཕྱག་བཏབ། གསང་ཕུའི་གདན་ས་ཡང་ལོ་བརྒྱད་ལྷག་འཛིན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7785  + (རོང་སྟོན་སྨྲ་བའི་སེང་གེས་མཛད། ཁོང་ནི་གཡག་སྲུག་སངས་རྒྱས་དཔལ་གྱི་ཐུགས་ཀྱི་སྲས་ཡིན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/2412  + (རོའམ་ཕུང་པོའི་ཞེ་ས་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། པུར་ཞེས་བྱ་བ་ཕུང་པོའམ་རོ།། ཞེས་གསུངས། དཔེར་ན། རྗེ་གྲི་གུམ་ནས་རྨུ་ཐག་ཆད་པས་པུར་བྱུང་བ་ཟངས་ཀྱི་གའུར་བཅུག་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/153  + (རོའམ་བྲོ་བའི་དོན་ལ་འཇུག་པ་ཡོད་དེ། 《བཀའ་གདམས་གཅེས་བཏུས》ལས། སྔར་ཚྭ་མ་མྱོང་བས་ཚྭ་ཁ་ཞེན་མི་ཤེས་པ་བཞིན་བླ་མ་རྟོགས་པ་དང་མི་ལྡན་པ་ཡང་དེ་དང་འདྲ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2938  + (རོའི་མིང་ལ་འཇུག་སྟེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། བམ་པོ་ནི་རོ། ཞེས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/5777  + (རོལ་མོ་བསླབ་པའི་གནས་ཀྱི་མིང་སྟེ། 《འདུལ་བའརོལ་མོ་བསླབ་པའི་གནས་ཀྱི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། རོལ་མོའི་དཔོང་ས་ནི་རོལ་མོ་བསླབ་པའི་གནས། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། འཆར་ཀ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་རོལ་མོའི་དཔོང་སར་ཞུགས་ཏེ་སློབ་དཔོན་མེད་པར་ཁྱེའུ་དག་འདུག་པ་ལ། བུ་དག་ཅི་བྱེད། ཅེས་པ་ལྟ་བུའོ། །འདུག་པ་ལ། བུ་དག་ཅི་བྱེད། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5944  + (རོལ་མོ་མཁན་གྱི་བྱེ་བྲག་ཅིག་གི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། རྟེན་འགྲོ་རོལ་མོ་མཁན་གྱི་བྱེ་བྲག་པ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5776  + (རོལ་མོ་སློབ་མཁན་སྡོད་སའི་མིང་སྟེ། 《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། རོལ་མོ་སྤང་ས་ནི་རོལ་མོ་སློང་མཁན་རྣམས་སྡོད་ས། ཞེས་གསུངས་པ་ལྟར་རོ། །)