Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "རྐང་གླེང་ཐོད་རྔའི་རོལ་མོ། ཤ་ཆེན་གྱི་བཤོས། དྲི་ཆུའི་ཡོན་ཆབ། ཚིལ་ཆེན་གྱི་མར་མེ། གསུར་ཆེན་གྱི་བདུག་སྤོས།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/2346  + ((2)ལྕགས་ཀྱི་ཁེམ་བུའི་མིང་སྟེ།《འདུལ་བའི་གླེང་འབུམ》ལས། ལྕགས་ཀྱི་ཐལ་ཕྱགས་ནི་མེ་སྤུངས་པའི་ལྕགས་ལེབ་ཀྱི་ཁེམ་བུ་སྟེ་ནལ་ཟེ་ཟེར་རོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/6709  + ((2)ཤིང་གི་དྲ་མིག་གམ་རིབ་མའི་མིང་སྟེ། 《ལི་(2)ཤིང་གི་དྲ་མིག་གམ་རིབ་མའི་མིང་སྟེ། 《ལི་ཤིའི་གུར་ཁང》ལས། ཤིང་ཐགས་ནི་ཅོག ཅེས་དང་།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཤིང་ཐགས་ནི་བརྡ་རྙིང་ཅོག་ཙེའི་མིང་དུ་བཤད། སྐབས་འགར་ཤིང་གི་དྲ་མིག་ནང་ན་གཅེར་བུར་ཁུ་ལེ་ལྟ་བུའི་སྣོད་ཅེས་པའི་དོན་ཏེ། ཁུ་ལེ་ནི་སྲང་ཆའི་འདེགས་རྫས་འཇོག་པའི་ཐེབ་ཅོ་ལྟ་བུའི་མིང་ངོ་། ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། བུད་མེད་ཅིག་ཤིང་ཐགས་ཀྱི་ནང་ན་སྒྲེན་མོར་ཁུ་ལེ་ལྟ་བུས་ཆུ་འཆུ་ཞིང་འདུག་པ་ལ། ཞེས་པ་ལྟ་བུའོ། ། གོང་དུ་《ལི་ཤིའི་གུར་ཁང》དྲངས་པ་ལས། ཤིང་ཐགས་ནི་ཅོག་ཅེས་པ་དེའི་རྒྱ་ཡིག་གི་བསྒྱུར་ཡིག་ཏུ་ཡོད་ཚད་དང་ཐམས་ཅད་ཀྱི་དོན་དུ་འགྲེལ་འདུག་ཀྱང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཤིང་ཐགས་ནི་ཅོག་ཙེའི་མིང་། ཞེས་གསུངས་བར་གསུངས་འདུག་པས་ཅོག་ཙེའི་མིང་ཡིན་པར་གསལ་ལོ། །སུངས་འདུག་པས་ཅོག་ཙེའི་མིང་ཡིན་པར་གསལ་ལོ། །)
  • Dictionaries/Brda dkrol gser gyi me long/6738  + ((2)སྐ་རགས་རྒྱུན་ཕྲ་མོའི་མིང་སྟེ། 《འདུལ་བའ(2)སྐ་རགས་རྒྱུན་ཕྲ་མོའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཤུར་བུ་ཕྲེའུ་ནི་སྐུད་པ་ཁྲ་བོ་ལས་བཏགས་པ་མདོ་མདོར་བུ་གུ་ལྔའམ་དྲུག་རིམ་དུ་བཏོད་པའི་སྐ་རགས་སོ། ། ཡང་ཤུར་བུ་ཕྲེའུ་ནི་སྐ་རགས་རྒྱུན་ཕྲ་མོའོ། ། ཞེས་རྣམ་འབྱེད་འགྲེལ་པར་གསུངས་སོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། སྐ་རགས་རྣམ་པ་གསུམ་པོ། ཤུར་བུ་དང་། ཤུར་བུ་ཕྲེའུ་དང་། ལྕགས་པོད་བཅང་བར་བྱའོ། ། ཞེས་པ་ལྟ་བུའོ། ། གཞན་ཡང་འདི་ལ་ཤུར་བུ་ཁྲེལ་བུ་དང་ཤུར་བུ་ཕྲེ་རུ་སོགས་བྲིས་པའང་སྣང་སྟེ། 《དག་ཡིག་མཁས་པའི་འབྱུང་གནས》ལས། ཤུར་བུ་ཕྲེ་རུ་ནི་སྐེ་རགས་ཐུང་ངུ་། ཞེས་གསུངས་པ་ལྟར་རོ། །་ནི་སྐེ་རགས་ཐུང་ངུ་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/6466  + ((2)སྐ་རགས་སྦོམ་པོའི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ལྕག་པོད་ནི་ལྷས་མ་གྲུ་བཞི་ཅན་གྱི་སྐ་རགས་དང་། ཡང་ལྕག་པོད་ནི་སྐ་རགས་སྦོམ་པོའི་ཞེས་རྣམ་འབྱེད་འགྲེལ་པར་གསུངས་སོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5218  + ((2)སྐབས་འགར་ཤ་གཡོས་པ་ལའང་འཇུག་སྟེ། 《དབྱངས(2)སྐབས་འགར་ཤ་གཡོས་པ་ལའང་འཇུག་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། སྐབས་འདིའི་འཚོགས་པ་ནི་ཤ་གཡོས་པ་ལ་བྱའོ། ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། གཅིག་གིས་ཁོ་བོ་ལ་འཁུར་བ་དང་། ཁྲོལ་བུ་དག་བྱིན་ཅིག་ཁོ་བོ་ལ་ཤ་ཁུ་ཁོལ་བུ་དང་འཚོགས་པ་བྱིན་ཅིག ཅེས་པ་ལྟ་བུའོ། །ལ་བུ་དང་འཚོགས་པ་བྱིན་ཅིག ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7353  + ((2)སྐྲའི་མིང་སྟེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། སྤ་ལོ་ནི་སྐྲ་དང་། ཞེས་གསུངས། དཔེར་ན། 《འདུལ་བ་གླེང་འབུམ》ལས། སྤ་ལོ་མེད་པའི་མགོ་བོ་སྤྲུགས་པས་ཞྭ་མོ་བུད་པ་བགད་མོ་བྲོ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4625  + ((2)སྒམ་ཁ་སྦྱར་ཞིག་གི་མིང་སྟེ། 《འདུལ་བའི་ག(2)སྒམ་ཁ་སྦྱར་ཞིག་གི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཟ་མ་ཏོག་ནི་སྒམ་ཁ་སྦྱར་ཞིག ཅེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། རས་བལ་ཉོས་ཏེ་དོག་པ་བཀལ་ནས་ཐ་ཀ་པ་མཁས་པ་ལ་རས་ཟུང་བཟང་པོ་འཐག་ཏུ་བཅུག་ནས་རས་དེ་སྤོས་སྣ་ཚོགས་ཀྱིས་བསྒོས་ཏེ་གོས་ཀྱི་ཟ་མ་ཏོག་ཏུ་བཅུག་ནས་བཞག་གོ། ཞེས་པ་ལྟ་བུའོ། །མ་ཏོག་ཏུ་བཅུག་ནས་བཞག་གོ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7232  + ((2)སྟབས་ལེགས་པ་སོགས་ཀྱི་དོན་ལ་འཇུག་སྟེ།《འད(2)སྟབས་ལེགས་པ་སོགས་ཀྱི་དོན་ལ་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། སྟེས་དབང་ནི་སྟོབས་ཤུགས་སམ་སྟབས་ལེགས། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། དེའི་ཚེ་ན་འབྲོག་གནས་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བུ་མེད་ནས་དེ་ཡུན་རིང་པོ་ནས་ཀྱེ་མ་བདག་ལ་བུ་ཡོད་པར་གྱུར་ཅིག་ཅེས་སྨོན་ནས་སྟེས་དབང་གིས་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ།། ཅེས་པལྟ་བུའོ།།ལ་སེམས་ཅན་ཞུགས་པར་གྱུར་ཏོ།། ཅེས་པལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7283  + ((2)སྡེ་པའི་གཙོ་བོའི་མིང་སྟེ།《དབྱངས་ཅན་དགའ་(2)སྡེ་པའི་གཙོ་བོའི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། སྣ་ཆེན་པོ་ནི་སྡེ་བའི་གཙོ་བོ་ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེའི་ཚེ་སྡིག་བྱུང་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། གྱད་རྣམས་ལ་ཅོད་པན་མེད་པའི་རྒྱལ་སྲིད་བྱེད་པ་ཞིག་འདུག་པ་དེས། ཞེས་པ་ལྟ་བུའོ།།ྲིད་བྱེད་པ་ཞིག་འདུག་པ་དེས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5750  + ((2)སྤོས་ཐུར་གྱི་མིང་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། རེང་བུ་ནི་བཟོས་པའི་སྤོས་ཐུར་དང་། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། དང་པོ་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་ངེ་བ་དབུལ་རྒྱུ་བྱུང་། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5742  + ((2)སྨྱུག་མའི་ལྷས་མའི་མིང་སྟེ། 《འདུལ་བའི་ག(2)སྨྱུག་མའི་ལྷས་མའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། རེ་ལྡེ་ནི་རྩིད་པ་ལས་བྱས་པའི་སྣམ་བུ་དང་སྨྱུག་མའི་ལྷས་མ་ལའང་ཟེར། ཞེས་དང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། རེ་ལྡེ་ནི་རྩིད་པ་ལས་བྱས་པའི་སྦྲ་གུར་ལྟ་བུའོ། ། ཡང་སྨྱུག་མ་ལ་སོགས་པས་ལྷས་པའི་སྨྱུག་གདན་གྲུ་བཞི་ལ་བཤད་པའང་ཡོད། ཅེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། དེ་གཉིད་ཀྱིས་ཤིན་ཏུ་ལོག་པ་དང་མོས་རེ་ལྡེའི་ནང་དུ་དཀྲིས་ཏེ་ཚོང་འདུས་ཀྱི་དབུས་སུ་བོར་རོ། ། ཞེས་པ་ལྟ་བུའོ། །དུས་ཀྱི་དབུས་སུ་བོར་རོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3495  + ((2)སྲེག་པའི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། བྱ་ཐི་བ་ནི་རྣམ་འབྱེད་འགྲེལ་པར་སྲེག་པ་ཡིན་པར་གསུངས། འགའ་ཞིག་ཕུག་རོན་གྱི་མིང་ཡིན་ཟེར་རོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7866  + ((2)ཧྭགས་ཞེས་བུ་རམ་གྱི་ཝུ་བའི་ཕྱེ་མ་རྡོག་པོ(2)ཧྭགས་ཞེས་བུ་རམ་གྱི་ཝུ་བའི་ཕྱེ་མ་རྡོག་པོར་བྱས་པ་ནི་ཁ་རའམ་ཤ་ཁ་ར་དང་ཀ་ར་ཞེས་བྱ་སྟེ་ཧྭགས་དང་ལི་ཁ་ར་སོ་སོར་དབྱེ་བ་ཕྱེ་དགོས་པར་བཞེད་པ་ནི།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཧྭགས་དང་ལི་ཁ་རའི་ཁྱད་པར་ནི།བུ་རམ་གྱི་ཝུ་བའི་ཕྱེ་མ་རྡོག་པོར་མ་བྱས་པ་ལ་ཧྭགས་དང་རྡོག་པོར་བྱས་པ་ནི་ལི་ཁ་ར་སྟེ་ཤ་ཁ་ར་དང་ཀ་ར་ཞེས་ཀྱང་བྱའོ།། ཞེས་མཚོ་ཊིཀ་ལས་གསུང་ངོ་།། ཞེས་གསུངས་པ་ལྟར་རོ།།ོ་ཊིཀ་ལས་གསུང་ངོ་།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/2238  + ((3)མིང་པོའམ་གཅེན་པོ་ལའང་འཇུག་སྟེ།《འདུལ་བའི(3)མིང་པོའམ་གཅེན་པོ་ལའང་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། དྲལ་པོ་ནི་མིང་པོའམ་ཕུ་བོའི་མིང་ངོ་།། ཞེས་གསུངས། དཔེར་ན།《ཏུན་ཧོང་གཏེར་ཡིག་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས། བཙན་མོ་ཡང་ལིག་མྱི་རྷྱའི་སོ་ནམ་དང་བུ་སྲིད་མྱི་མཛད་ཆིང་ལོག་ཤིག་ན་བཞུགས་པར། འདིར་དྲལ་གྱི་སྙན་དུ་གདའ་སྟེ། ཞེས་པ་ལྟ་བུའོ།།ིར་དྲལ་གྱི་སྙན་དུ་གདའ་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2744  + ((3)ཟས་ཟ་སའི་ཁང་པ་ལ་འཇུག་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། བཀད་ས་ནི་གྲལ་ལམ་འདུག་ས་ལ་འཇུག་ཅིང་བཤོས་གསོལ་བའི་གནས་དང་གཡོ་ཁང་ཟེར་བའང་སྣང་། ཞེས་དང་། 《ལི་ཤིའི་གུར་ཁང》ལས། བཀད་ས་ནི་འདུག་ས། ཞེས་གསུངས་པ་ལྟར་རོ།)
  • Dictionaries/Brda dkrol gser gyi me long/2477  + ((3)འཁྲུག་ལོང་ལ་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཕན་ཕུན་ཞེས་པ་ཅལ་ཅོལ་དང་།། མ་རུང་ཉིད་དུ་གྱུར་པའི་དོན།། ཞེས་དང་། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཕན་ཕུན་ཞེས་པ་སྐབས་འགར་འཁྲུག་ལོང་ལའང་འཇུག ཅེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/4840  + ((3)འཆད་པ་དང་། ཡང་ན་འཆང་བ་གང་རུང་ཞིག་ལ་འཇུག(3)འཆད་པ་དང་། ཡང་ན་འཆང་བ་གང་རུང་ཞིག་ལ་འཇུག་པར་སྣང་སྟེ། 《ལི་ཤིའི་གུར་ཁང》དང་། 《དག་ཡིག་ཤེས་བྱ་རབ་གསལ》།《འདུལ་བའི་གླེང་གཞི》། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》རྣམས་ལས། འཆེལ་པ་ནི་འཆད་པ། ཞེས་བྱུང་ཞིང་། ཡང་《གསར་རྙིང་བརྡའི་རྣམ་དབྱེ》དང་།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》དག་ལས། འཆེལ་པ་ནི་འཆང་བ། ཞེས་བྱུང་བས་གང་འགབ་བརྟག། འཆེལ་པ་ནི་འཆང་བ། ཞེས་བྱུང་བས་གང་འགབ་བརྟག)
  • Dictionaries/Brda dkrol gser gyi me long/3512  + ((3)འབུལ་རྫོངས་དང་དགའ་བའི་སྦྱིན་པའི་མིང་སྟེ(3)འབུལ་རྫོངས་དང་དགའ་བའི་སྦྱིན་པའི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། བྱ་མོ་ལབ་ནི་མཆོད་པའི་རྫས་སམ་འབུལ་རྫོངས་དང་དགའ་བའི་སྦྱིན་པ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེ་ནས་ཆུ་སྲིན་བྱིས་པ་གསོད་པའི་སྐྱེ་བོ་རྣམས་ཀྱིས་བྱ་མོ་ལབ་མང་པོ་ཐོགས་ནས་ཕུལ་བ། ཞེས་པ་ལྟ་བུའོ། །་ལབ་མང་པོ་ཐོགས་ནས་ཕུལ་བ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/702  + ((3)ལྕུག་མ་ལས་བྱས་པའི་སྒྲོམ་ཁ་སྦྱར་གྱི་མིང་(3)ལྕུག་མ་ལས་བྱས་པའི་སྒྲོམ་ཁ་སྦྱར་གྱི་མིང་སྟེ། 《འདུལ་བའི་གླེང་འབུམ》ལས། གཟེབ་ནི་ལྕུག་མ་ལས་བྱས་པའི་སྒྲོམ་ཁ་སྦྱར་། ཞེས་གསུངས། དཔེར་ན། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། མི་དེས་སྦྲུལ་དེ་གཟེབ་ཀྱི་ནང་དུ་བཅུག་ནས་ཁྱེར་ཏེ་སོང་བ་ལས་ལམ་དུ་མི་ཅིག་དང་ཕྲད་དེ། ཞེས་པ་ལྟ་བུའོ། །་ལམ་དུ་མི་ཅིག་དང་ཕྲད་དེ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1020  + ((4)ང་རྒྱལ་ཅན་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། གྱུ་བ་བཀུར་བའོ་སྦས་པ་དང་། །ང་རྒྱལ་ཅན་ལའང་འཇུག་པ་ཡིན། །ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། བཤོས་གསོལ་ཏེ་ཕྱག་བཅས་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བཏིང་བ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3371  + ((4)བགྲངས་པའི་དོན་ལ་འཇུག་སྟེ།《དབྱངས་ཅན་དགའ་(4)བགྲངས་པའི་དོན་ལ་འཇུག་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། དགེ་སློང་རྣམས་བསྡོས་པ་ནི་དགེ་སློང་རྣམས་བགྲངས་པ་ཞེས་པའོ།། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དགེ་བསྐོས་ཀྱིས་དགེ་སློང་རྣམས་བསྡོས་པ་ན་དེ་མ་ཚང་བར་ཤེས་ནས་ཕྱོགས་བཞིར་བལྟས་ཀྱང་མ་རྙེད་པ། ཞེས་པ་ལྟ་བུའོ།།གས་བཞིར་བལྟས་ཀྱང་མ་རྙེད་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1579  + ((4)མཐའ་ཙམ་གྱི་བར་སོགས་ཀྱི་དོན་ལ་འཇུག་སྟེ།《(4)མཐའ་ཙམ་གྱི་བར་སོགས་ཀྱི་དོན་ལ་འཇུག་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐ་གི་ནི་ཅུང་ཟད་ཅུང་ཞིག་གམ་སྙིང་པོ་དང་ཞི་བ་ལ་འཇུག ཅེས་དང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཐ་གི་ནི་ཞི་བ་ཞེས་བརྡ་རྙིང་དུ་བྱུང་ཡང་སྐབས་འགར་མཐའ་ཙམ་གྱི་བར་རམ་ཅུང་ཟད་ཅེས་པ་ལའང་འཇུག་པར་མངོན། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེ་འདྲ་གཅིག་བཟང་མོ་ལ་བྱིན་ནས་ཐ་གི་ཙམ་གྱི་བར་དུ་ལྷན་ཅིག་སོང་སྟེ་བཟང་མོ་ཇི་ལྟར་འདོད་པར། ཞེས་པ་ལྟ་བུ་དང་། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། བུད་མྱེད་སྨན་བཞིན་གཆིག(གཅིག)ས་གཞི་ཐ་གི་ཙམ་གྱི་སྟེང་དུ་བཞག ཅེས་པ་ལྟ་བུའོ།།ཞི་ཐ་གི་ཙམ་གྱི་སྟེང་དུ་བཞག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/439  + ((5)གདེང་མེད་པ་སོགས་ལ་འཇུག་སྟེ།《འདུལ་བའི་གླ(5)གདེང་མེད་པ་སོགས་ལ་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། གཏོལ་མེད་ནི་ཆ་མེད་དང་། ངེས་མེད་དང་། ཐབས་མེད་ལའང་འཇུག་གོ། ཞེས་དང་།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། གཏོལ་མེད་ནི་རྒྱུས་མེད་དམ་ཐབས་མེད་དང་གདེང་མེད་པ། ཞེས་གསུངས། དཔེར་ན། 《རཱ་མ་ཎིའི་རྟོགས་བརྗོད》ལས། རང་ཉིད་གར་འགྲོ་གཏོལ་མེད་པའི།། ཆུ་ཀླུང་དགའ་མ་ཁྱེར་ཏེ་བྲོས།། ཞེས་པ་ལྟ་བུའོ།།་ཀླུང་དགའ་མ་ཁྱེར་ཏེ་བྲོས།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/956  + ((5)མི་མཐུན་པ་མཐུད་པ་སོགས་ལ་འཇུག་སྟེ། 《བརྡ་(5)མི་མཐུན་པ་མཐུད་པ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། གོ་འདུན་ཚོགས་ཤིང་འདུ་བའམ། །སྣ་ཚོགས་པ་དང་གང་མོས་དང་། །ལ་ལས་འདག་རྫས་ལ་ཡང་བཤད། །ཅེས་གསུངས། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། གོ་འདུན་ནི་འདག་རྫས་ཏེ། དེ་ཡང་གླ་རྩི་དང་ཀུ་ཤ་དང་སྤོས་ལ་སོགས་པ་བཏབ་པའི་ཕྱེ་མའོ། །ཡང་མི་མཐུན་པ་མཐུད་པའི་མིང་ཟེར་བའང་སྣང་། ཞེས་གསུངས་པ་ལྟར་རོ། །འི་མིང་ཟེར་བའང་སྣང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sngas rgyas chos gzhung tshig mdzod/6119  + ((མངོན་)གླེང་གཞིའི་སྡེ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/3811  + ((1) ཀྱེ་མའམ་ཀྱི་ཧུད་ཀྱི་དོན་ལ་འཇུག་སྟེ། 《(1) ཀྱེ་མའམ་ཀྱི་ཧུད་ཀྱི་དོན་ལ་འཇུག་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། མ་ལ་ཞེས་པ་ཀྱེ་མའམ་ཀྱི་ཧུད། ཅེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། མ་ལ་ངས་དེ་དག་བདེ་བ་ལ་རེག་པའི་ཕྱིར་དང་། སྦྱིན་བདག་གིས་སྦྱིན་པའི་ཆོས་ཡོངས་སུ་སྤྱད་པའི་ཕྱིར་ཞག་བདུན་རྗེས་སུ་གནང་བར་བྱའོ། ། ཞེས་པ་ལྟ་བུའོ། །ུན་རྗེས་སུ་གནང་བར་བྱའོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2771  + ((1) ཁུར་བ་དང་ཁྱེར་བ་ལའང་འཇུག་སྟེ། 《འདུལ་བའ(1) ཁུར་བ་དང་ཁྱེར་བ་ལའང་འཇུག་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། བཀུར་བ་ནི་ཁུར་བ་དང་ཁྱེར་བ་ལའང་འཇུག ཅེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། ལྷུང་བཟེད་ཀྱི་སྣོད་ལག་ན་བཀུར་བར་མི་བྱ་བར་ལུང་ཐག་བཏགས་ཏེ་མཆན་ཁུང་གིས་བཀུར་བར་བྱའོ། །ཞེས་པ་ལྟ་བུའོ། །ཆན་ཁུང་གིས་བཀུར་བར་བྱའོ། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2342  + ((1) ཁྱིམ་ཐབ་མ་ཡིན་པའི་བུའི་མིང་སྟེ།《བོད་ཀྱ(1) ཁྱིམ་ཐབ་མ་ཡིན་པའི་བུའི་མིང་སྟེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ནལ་བུ་ཁྱིམ་ཐབ་མིན་པའི་བུ།། ཞེས་དང་། 《འདུལ་བའི་གླེང་འབུམ》ལས། བྱི་བོ་བྱས་པ་ནི་མཚན་མོ་གཞན་གྱི་བུད་མེད་དང་གསང་སྟེ་འགྲོགས་པ། དེ་ལས་སྐྱེས་པའི་བུ་ལ་ནལ་བུ་ཟེར། ཞེས་གསུངས་སོ།།ས་སྐྱེས་པའི་བུ་ལ་ནལ་བུ་ཟེར། ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/2101  + ((1) ཁྲུས་ཁང་གི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། དུགས་ཁང་ནི་ཁྲུས་ཁང་། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། ཡང་དུགས་ཁང་དུ་ཁྲུས་མཛད་ཀྱི་ཆར་གསོལ་ཞེས་བསྒོ་བར་བྱ། དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1034  + ((1) གགས་གོགས་སམ་ཡ་ཡོའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། གྱོང་གྲུགས་ནི་གགས་གོགས་སམ་ཡ་ཡོ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཁང་ཁྱིམ་འདི་ནི་གྱོང་གྲུགས་སུ་གྱུར་པ་ཡིན་ནོ། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/751  + ((1) གདོང་བསྟན་པའི་དོན་ཏེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། གཡར་སྔ་བྲིམ་པ་བགྱི་ནི་གདོང་སྟོན་པ་བགྱི། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེར་བདག་ཅག་གཉིས་རང་ཉིད་མཆིས་ནས་གཡར་སྔ་བྲིམ་པར་བགྱིའོ་ཟེར་ནས་དེ་ལྟ་བྱས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6828  + ((1) གསེར་ལ་དམར་སེར་གཉིས་དང་སེར་པོ་ལ་མཆོག་དམན་གཉིས་ཡོད་པའི་མཆོག་གི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ས་ལེ་སྦྲམ་ནི་གསེར་ལ་དམར་པོ་དང་སེར་པོ་གཉིས་ཡོད་པའི་སེར་པོ་ལ་མཆོག་དམན་གཉིས་ཀྱི་མཆོག་ལ་ས་ལེ་སྦྲམ་ཞེས་བཤད་དོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/2760  + ((1) གླེང་མོའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། བཀའ་མཆིད་ཅེས་པ་གླེང་མོའི་མིང་ཡིན། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། དེ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ་ཐབ་ལ་སྨྲས་པ་རྗེའི་སྲས་ཁྱེད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2747  + ((1) ཆགས་པའི་དོན་ཏེ།《རྒྱུད་བླ་མའི་འགྲེལ་པ》ལས། གནམ་རུ་སྤོག་དཀར་བཀམ་པ་ལ། །གཞུ་དང་སྤོས་དཀར་ཆགས་པ་ཟེར། །ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/6522  + ((1) ཆར་ཆུ་འཁྱིལ་བའི་གཤོང་བུའམ་རྫིང་བུའམ་མཚོ་ཆུང་ལྟ་བུའི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ལྟེང་ཀ་ནི་ཆར་ཆུ་འཁྱིལ་བ། ཞེས་གསུངས། དཔེར་ན།《མི་དབང་རྟོགས་བརྗོད》ལས། ཆུ་གཏེར་ཆེ་དང་ལྟེང་ཀ་ཡི།། གཏིང་ཟབ་ཁྱད་པར་མཐའ་ཀླས་ཏེ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1333  + ((1) ཆུ་རགས་ཀྱི་མིང་སྟེ།《འདུལ་བའི་གླེང་འབུམ(1) ཆུ་རགས་ཀྱི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཆུ་ལོན་ནི་ཆུ་རགས་ཏེ་ཆུ་འགོག་ཕྱིར་ས་རྡོ་བརྩིགས་པ། ཞེས་གསུངས། དཔེར་ན།《མི་དབང་རྟོགས་བརྗོད》ལས། གཡུལ་གྱི་དོ་རར་ཆས་པ་ནི་བག་ཡངས་སུ་རྒྱུ་བ། ཆུ་ལོན་གྱིས་མ་ལྡོག་པའི་ཆུ་བོ་ཆེན་པོ་འབབ་པ་དང་འདྲ་བ། ཞེས་པ་ལྟ་བུའོ།།་བོ་ཆེན་པོ་འབབ་པ་དང་འདྲ་བ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1311  + ((1) ཆུའི་ལྦུ་བ་དང་།)
  • Dictionaries/Brda dkrol gser gyi me long/1471  + ((1) ཉམས་ནས་སམ་ཡལ་ནས་འགྲོ་ཞེས་པའི་དོན་ཏེ། 《(1) ཉམས་ནས་སམ་ཡལ་ནས་འགྲོ་ཞེས་པའི་དོན་ཏེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཉལ་གྱིས་འགྲོ་ནི་ཉམས་ནས་སམ་ཡལ་ནས་འགྲོ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། གླང་རི་ཐང་པའི་ཞལ་ནས་ཀྱང་འདུག་ས་སྤོས་པ་དང་། སྐེ་ཅུ་ཅུ་བྱས་པ་ཙམ་གྱིས་ཀྱང་ཉལ་གྱིས་འགྲོ་གསུངས། ཞེས་པ་ལྟ་བུའོ།།ིས་ཀྱང་ཉལ་གྱིས་འགྲོ་གསུངས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7452  + ((1) ཉེས་སྐྱོན་ཅན་གྱི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལ།ས སྤྱར་མ་ནི་ཉེས་པར་སྐྱེད་པ་ཅན་ཡིན་ནོ་ཞེས་ཕྲན་ཚེགས་འགྲེལ་པར་གསུངས། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། གཉི་ག་ལས་ནི་བྲལ་བར་གྱུར། ། སྤྱར་མ་མྱ་ངན་ཅི་ཕྱིར་བྱེད།། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6780  + ((1) ཉོ་ཚོང་གི་ཁྲལ་གྱི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཤོ་གམ་ནི་ཉོ་ཚོང་གི་ཁྲལ་དང་། ཞེ་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/2582  + ((1) ཐབ་ཀ་པའམ་ཟ་མ་བཅོས་མཁན་གྱི་མིང་སྟེ།《འདུ(1) ཐབ་ཀ་པའམ་ཟ་མ་བཅོས་མཁན་གྱི་མིང་སྟེ།《འདུལ་བའི་གླེང་འབུམ》ལས། གཡོས་ཀྱི་བསྟན་བཅོས་ཀུན་ལ་མཁས།། དེ་ནི་ཕྱག་ཚང་ཡིན་པར་བཤད།། ཅེས་གསུངས། དཔེར་ན། 《མ་ཎི་བཀའ་འབུམ》ལས། བོད་ནི་གཙང་རྩོག་མེད་པའི་རིགས།། གཡོས་མ་ཕྱག་ཚང་བདག་ལ་ཞུ།། ཞེས་དང་། 《འདུལ་བ་ལུང་རྣམ་འབྱེད》ལས། ཉེ་དགའས་ཕྱག་ཚང་ལ་ཕྲིན་སྤྲིང་སྟེ་བཞིན་བཟང་དེང་ཁོ་བོ་ལ་ཁུ་ཤ་དང་། ཁུབ་དང་། ཤ་ཚོད་དག་གྱིས་ཤིག་ཅེས་སྤྲིང་ངོ་།། ཞེས་པ་ལྟ་བུའོ།།ག་གྱིས་ཤིག་ཅེས་སྤྲིང་ངོ་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4039  + ((1) ཐོབ་པ་དང་བླངས་པའི་དོན་ཏེ།《འདུལ་བའི་གླེ(1) ཐོབ་པ་དང་བླངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་མིང་བརྡའི་རྣམ་བཤད》ལས། མནོས་པ་ནི་བླངས་པ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། སྡོམ་པ་མནོས་ནས་རྔ་རྩིད་ལ་ཆགས་པའི་གཡག་གིས་རྔ་མ་རེ་རེ་ཤིང་ལ་ཐོགས་པ་ན། རྔོན་པས་སྲོག་དང་འཕྲལ་བར་མཐོང་ནའང་། སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར། ཞེས་པ་ལྟ་བུའོ།།་བསྡོས་ཏེ་རྔ་མ་མི་གཅོད་པར། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7  + ((1) པད་མ་དང་། དུག་མོ་ཉུང་ལ་འཇུག་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཀ་དམ་པ་ནི་ཚོགས་ཅན་ཞེས་པ་སྟེ། པད་མ་ལ་འདོད་པ་དང་། ཡང་དུག་མོ་ཉུང་ཡིན་ཡང་ཟེར། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/2340  + ((1) ཕ་ངོས་བཟུང་མེད་པའི་བུའི་མིང་སྟེ།《འདུལ་བའི་གླེང་འབུམ》ལས། ནལ་གྱི་བུ་ནི་ཕ་ངོས་བཟུང་མེད་པའི་བུ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། བཞིན་བཟང་ཅི་ལྷུང་བཟེད་འདི་ནལ་གྱི་བུ་ཡིན་ནམ་ཅི་ན་དེ་ཕྱིར་སྦེད་པར་བྱེད། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/403  + ((1) ཕེབས་པར་སྨྲ་བའི་དོན་ཏེ།《ལི་ཤིའི་གུར་ཁང》ལས། གཏམ་འདྲེས་པ་ནི་ཕེབས་པར་སྨྲ་བ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དགེ་ཚུལ་བྲན་ཅན་དང་སྐྱོང་བ་གཉིས་ཕན་ཚུན་གཏམ་འདྲེས་པ་དང་། སྨོན་འདྲིན་འགྲོགས་ཤེས་ཡིན་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2867  + ((1) ཕྱོགས་གཅིག་ཏུ་སྤུངས་པའི་དོན་ཏེ།《འདུལ་བ(1) ཕྱོགས་གཅིག་ཏུ་སྤུངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། བཅེར་བ་ནི་སྤུངས་པ་སྟེ། མེ་མི་འཆི་བའི་ཕྱིར་ཕྱོགས་གཅིག་ཏུ་སྤུངས་པ། ཞེས་གསུངས། དཔེར་ན། 《འདུལ་བ》ལས། མེ་མི་འཆི་བར་བྱ་བའི་ཕྱིར་སྦ་བར་བྱའོ།། ཅིས་བཅེར་བ་མི་ཤེས་ནས་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱག་བཅང་བར་བྱའོ།། ཞེས་པ་ལྟ་བུའོ།།ས་ཀྱི་ཐལ་ཕྱག་བཅང་བར་བྱའོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2592  + ((1) བཙོན་དོང་གི་མིང་སྟེ།《བརྡ་གསར་རྙིང་གི་ཁ(1) བཙོན་དོང་གི་མིང་སྟེ།《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། ཕྱག་སྦལ་ནི་བཙོན་ཁང་། ཞེས་དང་། 《འདུལ་བ་གླེང་འབུམ》ལས། ཕྱག་སྦལ་རིམ་པ་གསུམ་ཡོད་པས་དེ་མི་གཏེ་པོ་ཡིན་པའི་ཕྱིར་སྟེང་རིམ་དུ་བཞག་གོ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངས་མི་འདི་ཡོངས་སུ་བཏང་གིས། འདིའི་ཉེ་དུ་རྣམས་ཀྱང་ཕྱག་སྦལ་དུ་ཆུག་ལ། འདིའི་ནོར་ཐམས་ཅད་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕུལ་ཅིག དེ་ནས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་ཉེ་དུ་རྣམས་ཀྱང་བཙོན་རར་བཅུག ཅེས་པ་ལྟ་བུའོ།།ེ་དུ་རྣམས་ཀྱང་བཙོན་རར་བཅུག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3205  + ((1) བཟའ་ཚང་བྱེད་པའི་དོན་ལ་འཇུག་སྟེ། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། གནམ་མུག་མུག་དུ་བཤོས་པའི་སྲས་མུ་ཁྲི་བཙན་པོ། མུག་ཁྲི་བཙན་པོ་དང་ས་དིང་དིང་དུ་བཤོས་པའི་སྲས་དིང་ཁྲི་བཙན་པོ་འོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3333  + ((1) བྱི་དོར་རམ་རྡུལ་ཕྱིས་པའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། བསྟར་བ་རྡུལ་ཕྱིས་པ་ཡི་མིང་།། ཞེས་གསུངས། དཔེར་ན། 《སྤྱོད་འཇུག་འགྲེལ་པ》ལས། ས་གཞི་བསྟར་བ་སྤོས་ཀྱིས་བྱགས་པ་དེར།། མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4494  + ((1) མྱུ་གུ་སོགས་ཐོན་མ་ཐག་པའི་མིང་སྟེ། 《འད(1) མྱུ་གུ་སོགས་ཐོན་མ་ཐག་པའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཞ་ལུ་ནི་གསར་དུ་ཁ་འབུས་པ་སྟེ་མྱུ་གུ་ཐོན་མ་ཐག་པའི་མིང་ངོ་། ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། ནམ་གྲུས་ཆབ་ཁུང་སར་ཞུགས་པ་དང་། མོན་སྲན་གྲེའུའི་ཞ་ལུ་ཞིག་མཐོང་ནས་བདག་གིས་ས་བོན་གྱི་ཆོས་མ་རུང་བར་བྱས་སོ་སྙམ་མོ། ། ཞེས་པ་ལྟ་བུའོ། །མ་རུང་བར་བྱས་སོ་སྙམ་མོ། ། ཞེས་པ་ལྟ་བུའོ། །)