Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "གཏན་མེད། རྩ་མེད།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/816  + (གཉུག་མའི་ལུས་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/4755  + (གཉུག་མའི་ལུས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/11317  + (གཉུག་མའི་ལུས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/4756  + (གཉུག་མའི་སེམས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/810  + (གཉུག་མར་གནས་པ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/812  + (གཉུག་སེམས་ཕྲ་མོ་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/814  + (གཉུག་སེམས་ཕྲ་མོ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/817  + (གཉུག་སེམས་ཕྲ་མོ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/11318  + (གཉུག་སེམས་ཕྲ་མོ་དང་འདྲ། དོན་གཉུག་སེམས་ཕྲ་མོ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/12756  + (གཉེན་ཉེ་དུ། འདིར་མཆེད་ཅེས་པ་ནི་ཕ་མ་གཅིག་ལས་མཆེད་པས་ན་དེ་སྐད་ཅེས་བྱའོ། །མཆེད་པ་དང་། འཕེལ་བ། སྐྱེས་པ་རྣམས་འདིར་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/827  + (གཉེན་ཉེ་དུའི་མིང༌།)
  • Dictionaries/sgom sde tshig mdzod chenmo/9840  + (གཉེན་པོ་སྟོབས་བཞིའི་ནང་ཚན་རྟེན་གྱི་སྟོབས་ནགཉེན་པོ་སྟོབས་བཞིའི་ནང་ཚན་རྟེན་གྱི་སྟོབས་ནི་སྐྱབས་འགྲོ་དང་སེམས་བསྐྱེད་བསྒོམ་པ་ལ་རྗེའི་ལམ་རིམ་ཆེ་ཆུང་དུ་གསུངས་ཤིང་། རྒྱ་གར་གྱི་སློབ་དཔོན་ཤེས་རབ་འབྱུང་གནས་ཀྱི་སྤྱོད་འཇུག་འགྲེལ་པ་ལས་ཀྱང་། དེ་ལྟར་སྐྱབས་སུ་འགྲོ་བ་ལ་སོགས་པ་འདིས་ནི་སྡིག་པ་ཟད་པར་བྱ་བའི་དོན་དུ་རྟེན་གྱི་སྟོབས་བསྟན་པ་ཡིན་ནོ། །གང་འཕགས་པ་ཆོས་བཞི་པའི་མདོ་ལས། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་གསུངས་སོ། །སྒྲ་བཤད་ནི། སྐྱབས་ཡུལ་ནི་རྟེན་ཡིན་ལ། དེ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་པ་ནི་སྟོབས་སོ། །སྐྱབས་འགྲོ་དང་སེམས་བསྐྱེད་པ་ནི་སྟོབས་སོ། །)
  • Dictionaries/sgom sde tshig mdzod chenmo/12544  + (གཉེན་པོ་སྟོབས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/12981  + (གཉེན་པོར་གྱུར་པ།)
  • Dictionaries/sgom sde tshig mdzod chenmo/5443  + (གཉེན་བསླུས་པའི་མིང་དུ། ལི་གུར་གསུང་།)
  • Dictionaries/sgom sde tshig mdzod chenmo/6888  + (གཉེན་སྐྱོང་ཐབས།)
  • Dictionaries/sgom sde tshig mdzod chenmo/7097  + (གཉེན་སྒྲིག་གི་ཆོ་གའི་མིང་། རྒྱ་གར་གྱི་ཡུལ་གཉེན་སྒྲིག་གི་ཆོ་གའི་མིང་། རྒྱ་གར་གྱི་ཡུལ་སྲོལ་ལ་མེ་ལ་སྐོར་བ་བརྒྱབ་ནས་གཉེན་སྒྲིག་གི་ཆོ་ག་བྱེད་པས་དེའི་ཆ་ནས་བཏགས་པ་ཡིན་འདྲའོ། །བསྟན་དར་ལྷ་རམས་པས་ཀྱང་། མེ་སྐོར་ནི་ཆུང་མ་ལེན་པའི་ཆོ་ག་ཅེས་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར་མེ་སྐོར་ཞེས་པའི་ཚིག་འདི་སོག་སྐད་ཡིན་པར་བྱས་འདུག་ཀྱང་དཔྱད་དོ། །འདི་སོག་སྐད་ཡིན་པར་བྱས་འདུག་ཀྱང་དཔྱད་དོ། །)
  • Dictionaries/sgom sde tshig mdzod chenmo/847  + (གཏད་ས་བཞི་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/11966  + (གཏད་སོ་མེད་པ། ཆ་འཇོག་བྱ་མི་འོས་པ། ཕན་ཐོགས་མེད་པ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས། འདི་ནས་མར་ལ་སྨྱོན་པའི་འཆོལ་གཏམ་གང་བྱུང་མང་བྱུང་སྐྱག་གཏད་ཅི་ཡང་མེད་པ་བཞུགས་སོ། །ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6645  + (གཏད་སོ་མེད་པའམ། ཕུགས་བསམ་མེད་པ། གླེན་པ་བཅས་ཀྱི་དོན། ངག་སྒྲོན་འགྲེལ་པ་ལས་ཀྱང་། བཟོ་མེད་དམ་གནད་མི་ཤེས་པ་གླེན་པ་ལྟ་བུ་ཞེས་གསུངས། འདི་ལ་འདོ་མེད་ཅེས་བྲིས་སྣང་ཡང་མས་འཕུལ་ལེགས་པར་ཚེ་ཏན་ཞབས་དྲུང་གསུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/1748  + (གཏན་དུ་བདེ་བ་ཞེས་པའི་དོན་ཡིན། ཚོམས་ལས། མྱུགཏན་དུ་བདེ་བ་ཞེས་པའི་དོན་ཡིན། ཚོམས་ལས། མྱུར་དུ་འཇིག་ཅིང་ན་བ་དང་། །རྣག་དང་ལྡན་པའི་ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་པ། །ཞི་མཆོག་དོན་དུ་གཉེར་བར་གྱིས། །ཞེས་དང་། དེའི་ཐད་ཀྱི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༨༥བ༡ལས། གྲུབ་དང་བདེ་བ་ནི་རྟག་པ་ཉིད་དུ་གྲུབ་པས་འཇོག་པ་མེད་པའོ། །བླ་ན་མེད་པ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །ཡང་ན་གྲུབ་པ་དང་བདེ་བ་ནི་གྲུབ་པ་དང་བདེ་བའོ། །མྱ་ངན་ལས་འདས་པ་དེ་ན་འབྲལ་བ་མེད་པས་གྲུབ་པ་ནི་གཏན་དུ་བདེ་བ་ཉིད་ཀྱི་ཕྱིར་རོ། །དགེ་བ་ཡིན་པའི་ཕྱིར་བདེ་བ་སྟེ། སྡུག་བསྔལ་མཐའ་དག་དང་བྲལ་བའི་ཕྱིར་རོ། །བླ་ན་མེད་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ནི་བླ་ན་ཡོད་པ་ཡིན་ལ། ཐར་པ་ནི་བླ་ན་མེད་པ་སྟེ། རྟག་ཏུ་དགེ་བ་ཉིད་ཡིན་པའི་ཕྱིར་རོ། །པ་སྟེ། རྟག་ཏུ་དགེ་བ་ཉིད་ཡིན་པའི་ཕྱིར་རོ། །)
  • Dictionaries/sgom sde tshig mdzod chenmo/8902  + (གཏན་དུ་འབུལ།)
  • Dictionaries/sgom sde tshig mdzod chenmo/2114  + (གཏན་དུ། ལི་ཤིའི་གུར་ཁང་ལས། ཆམ་དུ་ནི་གཏན་དུ་ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/4227  + (གཏན་ནས་མི་ནུས། ནུས་མི་སྲིད་ཅེས་པའི་དོན། ཕལ་སྐད་དུ། བྱེད་ཐུབ་ཀྱི་མ་རེད་ཟེར་བ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/9808  + (གཏན་ནས་མི་འཇིག་པའི་རྟག་པ། ཆ་ཤས་ལ་མ་ལྟོས་པའི་གཅིག་པུ། རྒྱུ་རྐྱེན་ལ་མ་ལྟོས་པའི་རང་དབང་བ་སྟེ་གསུམ་གྱིས་སྟོང་པའི་རགས་པའི་བདག་མེད་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/6560  + (གཏན་འབེབས་བྱེད་པ། རིགས་པས་བརྡར་ཤ་གཅོད་པ། ཞིབ་པར་མཐའ་ཆོད་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/866  + (གཏན་ལ་ཕེབས་ཞེས་པ་ནི། གཏན་ལ་ཕབ་ཐུབ་པའི་དོན་གཏན་ལ་ཕེབས་ཞེས་པ་ནི། གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ་ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཚིག་འདི་དག་ལ་ཚིག་གཞན་གྱིས་མི་འཐོན་པའི་གོ་རྒྱུ་དམིགས་བསལ་བ་ཞིག་ཡོད་པ་ཡང་ཤེས་པར་བྱའོ། །དཔེར་ན་བཀྱགས་ནས་ཁྱོག བཀླགས་ནས་ལྷོགས། བླངས་ནས་ལོངས། བཤད་ནས་ཤོད། སྤྲད་ནས་འཕྲོད། འཕངས་ནས་ཕོག གཏན་ལ་ཕབ་ནས་ཕེབས་སོགས་མང་དུ་ཡོད་དོ། །རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། རིམ་གྱིས་ཡི་གེ་བཤུར་མ་ཕྲན་བུ་ལྷོགས་པ་དང་བསྟུན་འཕྲོ་མ་རྣམས་དཔེ་ཐོག་ནས་ཁྲིད། ཅེས་གསུངས་པ་ལྟ་བུའོ། །ཚིག་འདི་དག་རྒྱལ་མཆོག་ལྔ་པའི་རང་རྣམ་ཙམ་ལས་གཞན་དུ་མི་སྣང་བ་ནི། ཡུལ་དུས་ཀྱི་དབང་གིས་རིམ་གྱིས་ཉམས་འགྲོ་བ་ཡིན་འདུག་གོ། རྗེའི་དགོངས་པ་རབ་གསལ་ལས། དེ་ལས་ཐ་དད་པས་སྟོང་པའི་སྟོང་བདག་མེད་དང་། མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་ཚད་མས་གཏན་ལ་ཕེབས་པ་ནི་ངེས་པར་འོང་ལ། དེ་བྱུང་བ་ན་དེའི་གདུལ་བྱའི་གཙོ་བོ་རྣམས་ཀྱིས། དེ་ལ་ཤིན་ཏུ་གོམས་པར་བྱེད་པ་ཡང་འོང་ངོ་། །ཞེས་དང་། ཡང་དེ་ཉིད་ལས། འོ་ན་དང་པོར་ཐེག་ཆེན་དུ་ཞུགས་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་ལེགས་པར་གཏན་ལ་ཕེབས་པ་ཞིག་དང་། ཞེས་དང་། ཡང་དེ་ཉིད་ལས། དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་མི་རྟག་སོགས་བཅུ་དྲུག་ཚད་མས་གཏན་ལ་ཕེབས་པ་དང་། དེའི་གདུལ་བྱ་རྣམས་ཀྱིས་དོན་དེ་བརྩོན་པ་ཆེན་པོས་སྒོམ་པ་དང་། ཞེས་སོགས་གསུངས་པ་ལ་བློ་གྲོས་ཞིབ་མོས་ཞིབ་ཏུ་དཔྱད་ན་གཏན་ལ་ཕེབས་ཞེས་པ་ཡིག་ནོར་མིན་པ་ཙམ་དུ་མ་ཟད་གོ་རྒྱུ་ཁྱད་པར་ཅན་ཡོད་པའང་ཤེས་པར་འགྱུར་རོ། །འགའ་ཞིག་གིས་འདི་གཏན་ལ་འབེབས་པའི་ཡིག་ནོར་དུ་བྱེད་པ་ནི་གོང་གི་གནད་དེ་མ་ཤེས་པའི་རྟགས་སོ། །ེད་པ་ནི་གོང་གི་གནད་དེ་མ་ཤེས་པའི་རྟགས་སོ། །)
  • Dictionaries/sgom sde tshig mdzod chenmo/863  + (གཏན་ལ་འབེབས་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2247  + (གཏམ་གྱི་མིང་གི་རྣམ་གྲངས་ཤིག ཆེད་དུ་བརྗོད་པའི་ཚོམས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/4549  + (གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བལ་རྐྱལ་སྦེ་གསུམ་སྟེ་དགུའོ། །འདི་དག་བཟོ་རིག་པར་གཏོགས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/870  + (གཏམས་པ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/2771  + (གཏམས་པའི་དོན། ལི་གུར་གསུང་།)
  • Dictionaries/sgom sde tshig mdzod chenmo/9789  + (གཏའ་མའི་ཚུལ་གྱིས་བྱིན་པ།)
  • Dictionaries/sgom sde tshig mdzod chenmo/876  + (གཏའ་མར་འཇུག་པའམ་འཇོག་པ།)
  • Dictionaries/sgom sde tshig mdzod chenmo/1832  + (གཏི་མུག་དང་བྲལ་བ་མཚོན་ཏེ། རྗེའི་འདོད་འཇོ་ལས། གླང་པོས་གཏི་མུག་མཚོན་ལ། དེའི་པགས་པ་བཤུས་པས་ནི་གཏི་མུག་དང་བྲལ་བ་མཚོན་པའོ། །ཞེས་གསུངས་པ་ལྟར་རོ། །གླང་པོས་གཏི་མུག་མཚོན་པ་ནི། གཏི་མུག་གླང་པོའི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12575  + (གཏིང་དང་ཞེ་དང་། དཀྱིལ་དབུས་སོགས་ཀྱི་དོན་དུ་ངག་སྒྲོན་འགྲེལ་པར་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། མཐོ་སའམ། སྒང་དུ་ཡོད་པའི་གཤོང་གཤོང་། དཀྱིལ་ལམ་དབུས་བཅས་ཀྱི་དོན་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/7659  + (གཏིང༌། རྒྱ་ཆེར་རོལ་པའི་མདོ་ལས། འདི་ནི་རྒྱ་མཚོའི་ཟབས་དང་མཚུངས་ཏེ་ཚད་གཟུང་བར་མི་ནུས་སོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/4140  + (གཏུམ་མོ་མཚོན།)
  • Dictionaries/sgom sde tshig mdzod chenmo/897  + (གཏེར་མ་ནི། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་གཏེར་མ་ནི། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཚད་མའི་སྐྱེས་བུ་འགའ་ཞིག་གིས་མ་འོངས་པའི་གདུལ་བྱའི་དོན་དུ་མཆོག་ཐུན་འགྲུབ་པའི་གདམས་པ་མང་པོ་གཏེར་དུ་སྦས་ཏེ་ཆུད་མི་ཟ་བར་བྱིན་གྱིས་བརླབས་ཤིང་གཏེར་སྲུང་ལ་གཉེར་དུ་གཏད། སྐལ་ལྡན་ལས་འཕྲོ་དང་འཕྲད་པའི་སྨོན་ལམ་བཏབ། དུས་ནམ་གྱི་ཚེ་འདོན་པ་དང་དེར་འདོན་རན་པའི་ལྟས་མཚན་འབྱུང་ཚུལ། གཏེར་སྟོན་གང་གིས་འདོན་པ་དང་དེའི་མིང་རུས་མཚན་རྟགས་དང་བཅས་པ་གཏེར་གྱི་ཁ་བྱང་དུ་བཏབ། ནམ་ཞིག་གནས་དུས་གང་ཟག་ཐམས་ཅད་འཛོམས་པ་ན་གཏེར་དེ་བཏོན་ནས་སྐལ་ལྡན་མང་པོ་ལ་སྤེལ་བས་གཏེར་ཆོས་ཞེས་གྲགས་སོ། །སྤྱིར་གཏེར་ཆོས་རྒྱ་གར་དུའང་བྱུང་ཞིང༌། བོད་ཀྱི་གྲུབ་མཐའ་གཞན་ལའང་ཡོད། གཏེར་སྟོན་ཚད་ལྡན་གཙོ་ཆེར་ཐང་ཡིག་ནས་ལུང་བསྟན་པའི་སངས་རྒྱས་བླ་མ་ནས་བཟུང༌། བདེ་ཆེན་གླིང་པའི་བར་དང༌། ལུང་གིས་དངོས་སུ་མ་ཟིན་པའི་རྩོད་མེད་ཀྱི་གཏེར་སྟོན་ཡང་མང་ཙམ་བྱུང་བ། ཕྱིས་སུ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བརྩམས། དེ་དག་ནི་ཆོས་དང་གང་ཟག་གཉིས་ཀ་རྣམ་པར་དག་པའོ་ཞེས་ཆེན་པོ་རྣམས་གསུངས་སོ། །ཞེས་མཁས་པ་རྣམས་གསུང་ངོ༌། །རྣམས་གསུངས་སོ། །ཞེས་མཁས་པ་རྣམས་གསུང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/3002  + (གཏོགས་ཙམ་དང་དོན་འདྲ། རྗེའི་རྣམ་ཐར་ཆེན་མོ་ལས། གནས་རྙིང་དུ་ཐོགས་ཙམ་ཞིག་བཞུགས་ནས་གནས་རྙིང་པའི་གཟུངས་སྒྲུབ་ཀྱི་སྟེང་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད། ཅེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2112  + (གཏོང་ཡིག བཀའ་ཤོག སྤྲིང་ཡིག འཕྲིན་ཡིག སྒྲ་བཤད་ནི། ཆབ་ནི་འདིར་མིང་གི་འགོར་སྦྱར་ན་ཞེ་སའི་ཚིག་ཏུ་སྒྲུབ་བྱེད་ཀྱི་ཚིག་ཕྲད་ཡིན་ལ། ཤོག་ནི་ཤོག་བུའོ། །དཔེར་ན་ཆབ་ཞོ་དང་། ཆབ་སྲིད། ཆབ་འབངས་སོགས་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/9891  + (གཏོད་མེད་པ་དང་དོན་གཅིག རྒྱུས་མེད་པ། ཆ་མེད་པ། རྨོངས་ཏེ་ཅི་བྱ་འདི་བྱེད་མེད་པར་གྱུར་པ།)
  • Dictionaries/sgom sde tshig mdzod chenmo/874  + (གཏོར་མ་བཟང་བར་བཤམས་ཤིང་བྱིན་གྱིས་བརླབས་ཏེ་ལས་མ་གྲུབ་བར་དུ་མི་འབུལ་བར་གཏའ་མ་ལྟ་བུར་འཇོག་པའི་གཏོར་མ།)
  • Dictionaries/sgom sde tshig mdzod chenmo/5897  + (གད་བདར་བྱེད་པ། གཙང་མ་བཟོ་བ། རས་སོགས་ཀྱིས་ཕགད་བདར་བྱེད་པ། གཙང་མ་བཟོ་བ། རས་སོགས་ཀྱིས་ཕྱིས་ནས་གཙང་མ་བཟོ་བའི་དོན། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། བྱི་དོར་བྱ་བ་ཞེས་བྱ་བ་ནི་རས་ལ་སོགས་པས་རྡུལ་ལ་སོགས་པ་ཕྱི་བར་བྱ་བའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། བྱི་བ་ནི་ཕྱི་བའམ་འཕྱག་པའི་དོན་ཡིན་ལ། དོར་ནི་གད་སྙིགས་ཕྱི་རོལ་ཏུ་དོར་བའི་དོན་ནོ། །དེ་ཡང་བྱི་བ་ནི་འབྱིད་པ་དང་། ཕྱིས་པ། དབྱི་བ་བཅས་ཀྱི་དོན་འདྲའོ། །རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་གྱི་ཞལ་ལུང་༤༠ན༡ལས། བྱི་བ་ནི་ཕྱགས་མ་འདེབས་པ་སྟེ་ཕྱག་པ། དོར་བ་ནི་རྡུལ་ཕྱི་རོལ་དུ་ཕོ་བ། ཞེས་གསུངས། དོར་བ་ནི་རྡུལ་ཕྱི་རོལ་དུ་ཕོ་བ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/639  + (གདགས་ཁྲི་བཙན་པོ་སྟེ། གཉའ་ཁྲི་བཙན་པོ་ནས་བརྩིས་པའི་རྒྱལ་རབས་དྲུག་པའོ། །)
  • Dictionaries/sgom sde tshig mdzod chenmo/7349  + (གདགས་གཞི་དང་ལྟོས་ཆོས་གང་ལའང་རག་མ་ལས་པར་རང་དབང་བའི་ཚུལ་དུ་འཆར་བ་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/910  + (གདགས་པ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/909  + (གདགས་པའི་བསྟན་བཅོས་ཞེས་བྱ་བ། འཕགས་པ་མཽད་གལགདགས་པའི་བསྟན་བཅོས་ཞེས་བྱ་བ། འཕགས་པ་མཽད་གལ་གྱི་བུས་མཛད། འདི་སྡེ་དགེ་བསྟན་འགྱུར་༼ ཨི ༽ན་བཞུགས་སོ། །འདི་ལ་བསྟན་བཅོས་གསུམ་ཡོད་དེ། འཇིག་རྟེན་བཞག་པ། རྒྱུ་གདགས་པ། ལས་གདགས་པ་དང་གསུམ་མོ། །བྱེ་བྲག་ཏུ་སྨྲ་བས་འདི་རྣམས་བཀའ་རུ་འདོད། མདོ་སྡེ་པས་བསྟན་བཅོས་སུ་འདོད་དོ། །རྒྱུ་གདགས་པ། ༼ ཨི ༽༩༣ན༧ན་བཞུགས་ཤིང་། ལས་གདགས་པ། ༼ ཨི ༽༡༧༢བ༤ན་བཞུགས་སོ། །་ཤིང་། ལས་གདགས་པ། ༼ ཨི ༽༡༧༢བ༤ན་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/1761  + (གདན་གྱི་བྱེ་བྲག་ཅིག་སྟེ། གྲུམ་གདན་དང་དྲེའུགདན་གྱི་བྱེ་བྲག་ཅིག་སྟེ། གྲུམ་གདན་དང་དྲེའུ་རྔོག་ཡང་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར། གྲུབ་ཙེ་ཞེས་འབྱུང་བ་ནི་ནོར་རོ། ། (བོད་ཀྱི) གཞི་ལུས་ཀྱི་དཔྱོད་ལྡན་འགའ་རེས་འདི་རྒྱའི་སྐད་ཡིན་ཞེས་ཁ་ཚོན་བཅད་འདུག་ཀྱང་། དེ་ནི་ནོར་བ་ཡིན་ཏེ། སྲོག་ཆགས་གྲུམ་པའི་སྤུའམ་ཟེ་བའམ་པགས་པ་ལས་བཟོས་པའི་གདན་ལ་གྲུམ་གདན་ནམ། གྲུམ་ཟེ་ཞེས་ཟེར་རྒྱུར་གྲུམ་ཙེ་ཞེས་སྒྲ་ཉམས་པ་ཁོ་ནའོ། །མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུའི་«སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ»ཞེས་བྱ་བ་༣༢བ༦ལས། གྲུམ་ཟེའམ་དྲེ་འུ་རྔོག་ལ་ཡང་། །བྲུམ་ཚེ་ཞེས་ནི་ཟེར་བ་དང་། །ཞེས་གྲུམ་ཟེ་ཞེས་པ་ཐ་སྙད་ཚད་ལྡན་དུ་མཛད་པའི་ཕྱིར་རོ། །དྲེའུ་ནི་རྟ་དང་བོང་བུ་འདུས་པ་ལས་བྱུང་བའི་དུད་འགྲོའི་རིགས་ཤིག་སྟེ། ཡོངས་གྲགས་སུ་དྲེལ་ཞེས་བྱ་ལ། དེའི་རྔོག་མའམ་ཟེ་བ་འདྲ་བའི་ཆ་ནས་དྲེའུ་རྔོག་ཅེས་བཏགས།མའམ་ཟེ་བ་འདྲ་བའི་ཆ་ནས་དྲེའུ་རྔོག་ཅེས་བཏགས།)
  • Dictionaries/sgom sde tshig mdzod chenmo/1232  + (གདུག་རྩུབ་ཅན། དྲག་ཤུལ་ཅན། གཏུམ་པོ། འདུལ་བ་གདུག་རྩུབ་ཅན། དྲག་ཤུལ་ཅན། གཏུམ་པོ། འདུལ་བ་ལུང་གཞི་༼ ག་པ ༽༢༨༢ན༤ལས། སེར་སྐྱའི་གཞིའི་ཤཱཀྱ་གཏུམ་པོ་གཟུ་ལུམས་ཅན། རྩུབ་པ། བཙམ་པ་མེད་པ་དེ་རྣམས། ཞེས་གསུངས་ཤིང་། འདུལ་བ་ལུང་གཞི་༼ ང་པ ༽ལས་ཀྱང་། དེས་སྨྲས་པ། དེ་ངའི་ཡབ་ཡིན་པས་ཇི་ལྟར་གསད་ཀྱིས། དེང་ལ་དེ་ཟུང་སྟེ་ཕྱག་སྦལ་དུ་ཆུག་ལ་ཞོག་ཅིག །དེ་ཕྱག་སྦལ་དུ་བཅུག་པ་དང༌། རྒྱལ་པོ་དེ་ལ་གྲོང་མི་རྣམས་དགའ་བས་ཡུལ་དེ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཐོས་ནས་ཡིད་མི་བདེ་བར་གྱུར་ན་མ་སྐྱེས་དགྲ་གཏུམ་པ་དང༌། བརླང་བ་དང༌། གཟུ་ལུམས་ཆེ་བས་དེ་ལ་སུ་ཡང་ཁ་ཟེར་མི་ཕོད་དོ། །ཞེས་གསུངས་པ་ལྟར་རོ། །འདི་རང་བཟོའི་གཟུ་ལུམ་དང་འབྲེལ་བ་ཡོད་མིན་དཔྱད་དོ། །ཟོའི་གཟུ་ལུམ་དང་འབྲེལ་བ་ཡོད་མིན་དཔྱད་དོ། །)