Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "གནས་ངན་ལེན་དང་འདྲ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/8472  + (གདོན་ཆེན་བཅོ་བརྒྱད་དང་འདྲ། གདོན་ཆེན་བཅོ་བརྒྱད་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/971  + (གདོན་དགོས་པར། ཞེས་པའི་དོན། རྗེའི་སྔགས་རིམ་ཆེན་མོ་༤༣༦བ་ལས། ཐུན་གྱི་མཐར་ཡི་གེ་བརྒྱ་པ་གདོན་པར་མཁས་པ་དུ་མས་བཤད་པ་ལྟར་བྱ་སྟེ། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4555  + (གདོས་བཅས་སུ་རགས་པའི་ཚུལ་དུ་སྣང་བ་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/1066  + (གནང་བའི་སྐུལ་ཚིག མདོ་མཛངས་བླུན་༼ མདོ་སྡེ་ཨ ༽༢༡༧ན༣ལས། བདག་རབ་ཏུ་བྱུང་བར་གནོང་ཞིག་ཅེས་གསོལ་པ་དང་། ཞེས་གསུངས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། གནོངས་ཞེས་གསལ།)
  • Dictionaries/sgom sde tshig mdzod chenmo/984  + (གནངས་ཆག་དང་དོན་གཅིག གནངས་ཆག་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/4153  + (གནད་ཀ་དང་དོན་གཅིག་ཅིང་། གནད་འགག་དང་དོན་འདྲ། དེབ་སྔོན་སྟོད་ཆ་༥༢༨ལས། ནད་ཀ་འདི་ཡིན་གྱི་ཚིག་རེ་གསུངས་པས་དོན་མང་པོ་ཁྲོལ་ནས་འགྲོ། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9923  + (གནད་དུ་ཁེལ་བ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་གནད་དུ་ཁེལ་བ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས་སྐྱེས་རབས་ཀྱི་ཆོས་ཐུན་ཡང་རྡོ་རུས་ཐུག་པ་ཞིབ་ཏུ་རྒྱས་པར་བཤད། ཅེས་གསུངས་པ་ལྟར་རོ། །རྗེ་བླ་མའི་རྗེ་བཙུན་རེད་མདའ་བའི་གསུང་ལན་ལས་ཀྱང༌། འདི་ན་རྡོ་རུས་ཐུག་པ་ཡོད་པའི་གདམས་ངག་ད་ལྟ་གཅིག་ཀྱང་མི་གདའ། ཞེས་གསུངས་པ་ལྟར་རོ། །ངེས་ཤེས་གཏིང་ནས་དྲོངས་ངེས་པ། ཞེས་བསྟན་དར་ལྷ་རམས་པ་གསུང༌།ས་དྲོངས་ངེས་པ། ཞེས་བསྟན་དར་ལྷ་རམས་པ་གསུང༌།)
  • Dictionaries/sgom sde tshig mdzod chenmo/9922  + (གནད་དུ་འཁེལ་བར་བྱེད་པ། གནད་འགག་ཐོག་འཁེལ་བར་བྱེད་པ། ནན་ཏན་བྱེད་པ། སྒྲ་བཤད་ནི། རུས་རྐང་གཅོག་པའི་ཚེ་རྡོ་དང་རུས་པ་གཏུག་དགོས་པ་ལྟར་གནད་དུ་འཁེལ་བར་བྱེད་དགོས་པའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/989  + (གནད་དུ་འབེབ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/990  + (གནད་དུ་འབེབ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/988  + (གནད་འགག་ཅན། གནད་ཆེ་བ། འགངས་ཆེན། གལ་ཆེན།)
  • Dictionaries/sgom sde tshig mdzod chenmo/654  + (གནམ་ལ་བཏགས་ནས་ཐག་པ་སོགས་ཀྱི་སྣེ་མོར་ཕན་ཚུན་དུ་གཡོ་འགུལ་བྱེད་པའི་དོན། དཔྱང་ཁྲུལ་དང་ཕལ་ཆེར་དོན་གཅིག གནམ་ལ་ཁྲུལ་ཁྲུལ་དུ་བཏགས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1008  + (གནའ་བོ་དང་དེང་དུས། དཔེར་ན་གནའ་དེང་གི་མཁས་པ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6497  + (གནའ་བོ་མཆོད་རྟེན་ཞེས་པ་སྐྱེས་བུ་དམ་པའི་གདུང་རུས་བཞག་པའི་འཇིམ་པའི་ཕུང་པོ་ལ་ཟེར། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མཆོད་རྟེན་ནི་རུས་པ་བཞག་པའི་དོན་གྱིས་འཇིམ་པའི་ཕུང་པོའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/2486  + (གནའ་བོ་འབྲས་ལྗོངས་དང་བོད་ཀྱི་ས་གནས་འགར་ཉ་པགནའ་བོ་འབྲས་ལྗོངས་དང་བོད་ཀྱི་ས་གནས་འགར་ཉ་པས་ཤིང་འདིའི་ལོ་མ་རྒྱུག་ཆུའི་ནང་འཕངས་ནས་ཉ་གསོད་བྱེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་འདུག ཡུལ་སྐད་ལ་ཉ་དུག་ཤིང་ཞེས་བརྗོད་ཀྱི་ཡོད་འདུག འདིའི་སྐོར་སརཏ་ཅན་དྲ་དྷ་སེའི་ (Sarat Chandra Das) བརྩམས་དེབ་ (Journey to Lhasa and Central Tibet, page 7) ནང་གསལ།o Lhasa and Central Tibet, page 7) ནང་གསལ།)
  • Dictionaries/sgom sde tshig mdzod chenmo/1045  + (གནའ་བོ་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅེགནའ་བོ་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅེས་གྲགས་པའི་ཡ་གྱལ་ཏེ་ཤཱ་ཀེ་ཏ་ (Saketa) ཟེར་བ་དེའོ། །གྲོང་ཁྱེར་སེར་སྐྱ་དང་དོན་གཅིག ལུམྦི་ནིའི་ནུབ་ཕྱོགས་མེ་ལི་ལྔ་དྲུག་ཙམ་ན་ཀཔིལ་བསྟུསེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་དེང་སང་གི་མིང་ལ་ཏི་ལོ་ར་ཀོ་ཊི་ཟེར། ཞེས་དགེ་འདུན་ཆོས་འཕེལ་གསུང༌།་ར་ཀོ་ཊི་ཟེར། ཞེས་དགེ་འདུན་ཆོས་འཕེལ་གསུང༌།)
  • Dictionaries/sgom sde tshig mdzod chenmo/4696  + (གནའ་བོ་རྒྱ་གར་ན་གསེར་དངུལ་ལ་སོགས་པ་མང་པོ་དང་ལྡན་པ་ལ་ཕྱུག་པ། མ་ཧེ་ལ་སོགས་པ་སྒོ་ཕྱུགས་མང་བ་ལ་ནོར་ཆེ་བ། གྲོ་དང་འབྲུ་ལ་སོགས་པ་མང་བ་ལ་ལོངས་སྤྱོད་ཆེ་བ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/4695  + (གནའ་བོ་རྒྱ་གར་ན་གསེར་དངུལ་སོགས་མང་པོ་དང་ལྡན་པ་ལ་ཕྱུག་པ་ཟེར།)
  • Dictionaries/sgom sde tshig mdzod chenmo/10829  + (གནའ་བོ་རྒྱ་གར་ན་གྲོ་དང་འབྲུ་ལ་སོགས་པ་མང་བ་ལ་ལོངས་སྤྱོད་ཆེ་བ་ཟེར། རྒྱ་གཞུང་རྣམས་སུ་གསལ།)
  • Dictionaries/sgom sde tshig mdzod chenmo/4251  + (གནའ་བོ་རྒྱ་གར་ན་མ་ཧེ་སོགས་སྒོ་ཕྱུགས་མང་པོ་དང་ལྡན་པ་ལ་ནོར་ཆེ་བ་ཞེས་ཐ་སྙད་བྱེད།)
  • Dictionaries/sgom sde tshig mdzod chenmo/9621  + (གནའ་བོ་རྒྱུ་ནོར་ལོངས་སྤྱོད་བརྩི་ཚུལ་ནི། གསེར་དངུལ་ལ་སོགས་པའི་རྒྱུ། སྒོ་ཕྱུགས་ཀྱི་ནོར། གྲོ་དང་འབྲུ་ལ་སོགས་པའི་ལོངས་སྤྱོད་དོ། །)
  • Dictionaries/sgom sde tshig mdzod chenmo/1776  + (གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅེས་བྱ་བ་ནི། འདུལ་བ་ཚིག་ལེའུར་བྱས་པ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ། །ཝཱ་རཱ་ཎ་སཱི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་གསུངས་པ་ལྟར། ༡ གཉན་ཡོད། <ཤྲཱ་བསྟི> Srāvasti ༢ གནས་བཅས། <ཤཱ་ཀེ་ཏ> (སེར་སྐྱ་དང་འདྲ) Sāketa ༣ <ཙམ་པ་ཀ> Champaka (Bhagalpur) བྷ་གལ་པུར་དང་འདྲ) ༤ <ཝཱ་རཱ་ཎ་སཱི> Vārānaŝi ༥ ཡངས་པ་ཅན། <བྱཤཱ་ལི> Vaisāli ༦ རྒྱལ་པོའི་ཁབ། <རཱཛ་གྲི་ཧ> Rajagrha༥ ཡངས་པ་ཅན། <བྱཤཱ་ལི> Vaisāli ༦ རྒྱལ་པོའི་ཁབ། <རཱཛ་གྲི་ཧ> Rajagrha)
  • Dictionaries/sgom sde tshig mdzod chenmo/1777  + (གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཞིག ཙམ་པ་ཀ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/1778  + (གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཞིག ཙམ་པ་ཀ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/11987  + (གནས་གཞི། སྡོད་གནས། འགྲེལ་བཤད་རྒྱས་པར་སྐྱས་འདེགས་ཞེས་པར་གཟིགས།)
  • Dictionaries/sgom sde tshig mdzod chenmo/2031  + (གནས་ཆ་རྙེད་པ་ན་འདི་ཡིན་འདི་མིན་གྱི་རྟོག་དཔྱོད་མི་བྱེད་པར་དམིགས་པ་ལ་སེམས་ལྷན་ནེ་འཇོག་པ་ལ་ཟེར། འདི་ནི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཞེས་པའི་མི་རྟོག་པ་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/12848  + (གནས་ནས་བསྐྲད་པའི་དོན། སྤྱུག་པའི་འདས་ཚིག རྗེའི་ལམ་རིམ་ཆེན་མོ་ལས། སྤྱུགས་པ་ནི། ལྷ་ཆེས་སྟོབས་དང་ལྡན་པ་རྣམས་འཁྲུགས་ན་ལྷའི་བུ་ཆེས་མཐུ་ཆུང་བ་རྣམས་རང་གི་གནས་ནས་སྐྲོད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1073  + (གནས་པའི་སྐུལ་ཚིག་ཡིན་པར་གསུངས། སྤྱོད་འཇུག་གནས་པའི་སྐུལ་ཚིག་ཡིན་པར་གསུངས། སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །ཞེས་འབྱུང་ཡང་། གནོས་ནི་གནས་པའི་སྐུལ་ཚིག་ཡིན་པས་གས་འཕུལ་དག་གོ་ཞེས་དབྱངས་ཅན་དགའ་བློ་གསུང་། དེས་ན། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་གནོས། །ཞེས་འདོན་ནོ། །སྤྱོད་འཇུག་གི་ཚིག་བཅད་དེའི་དོན་ནི། འཁོར་བའི་སྡུག་བསྔལ་བསམ་པ་མེད་པར་འཁོར་བ་ལས་ངེས་པར་འབྱུང་བའི་བློ་མེད་པ་དེ་བས་ན་སེམས་ཁྱོད་བརྟན་པར་གནོས་པ་སྟེ་གནས་པར་བྱས་ལ་སྡུག་བསྔལ་ལ་བཟོད་པར་རིགས་སོ། །ཞེས་པའི་དོན་ནོ། །བསྔལ་ལ་བཟོད་པར་རིགས་སོ། །ཞེས་པའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/10553  + (གནས་བརྟན་གྱི་བཅུ་དྲུག་གི་ཡ་གྱལ་ཞིག འཕགས་པ་ལམ་ཆེན་པ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/5951  + (གནས་མ་བུ་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/1055  + (གནས་མོའི་བུ། ཁྱིམ་བདག་མོའི་བུ།)
  • Dictionaries/sgom sde tshig mdzod chenmo/1062  + (གནས་ཚང་གི་བདག་མོ། ཁྱིམ་བདག་མོ།)
  • Dictionaries/sgom sde tshig mdzod chenmo/2168  + (གནས་ཚད། ནུས་ཚད། སྤུས་ཚད། དཔེར་ན་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད། ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6341  + (གནས་ཚུལ་ཞིབ་ཕྲ་མ་ཤེས་གོང་ནས་ཐག་གཅོད་བྱེད་པའི་དཔེ་ཞིག)
  • Dictionaries/sgom sde tshig mdzod chenmo/3170  + (གནས་རིམ་མཐོ་ཤོས་ཀྱི་དགེ་བཤེས་ཤིག་སྟེ། དེ་ཡགནས་རིམ་མཐོ་ཤོས་ཀྱི་དགེ་བཤེས་ཤིག་སྟེ། དེ་ཡང་སྔར་བོད་ལ་ལྷ་སར་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་མཉམ་འཛོམས་ཀྱི་འདུས་ཚོགས་ཀྱི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་བགྲོ་གླེང་དམ་འཇོག་མཛད་པའི་མཐོ་རིམ་གྱི་དགེ་བཤེས་ཤིག་ཡིན། དགེ་བཤེས་ལྷ་རམས་པའི་སྲོལ་ནི། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཏོད་པར། མཁས་དབང་ཚེ་ཏན་ཞབས་དྲུང་གིས་རྗེའི་ལམ་རིམ་གྱི་ཟིན་བྲིས་གླེགས་བམ་སྟོད་ཆ་༣༤ན༣ལས་གསུངས་ལ། དེའི་རྩོད་རྒྱུགས་ཀྱི་བྱུང་བ་མདོ་ཙམ་བརྗོད་ན། དེ་སྔ་བོད་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་གཞུང་ས་མཆོག་ནས་ནོར་བུ་གླིང་ཁའི་ཕོ་བྲང་གི་གཟིམས་ཆུང་ཉི་འོད་འཁྱིལ་དུ་དགེ་བཤེས་ལྷ་རམས་པའི་རྩོད་རྒྱུགས་བཞེས་སྲོལ་ཕྱི་ལོ་༡༡༡༩ལོར་གསར་གཏོད་མཛད་ཅིང་། དེ་ཡང་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པའི་སྔ་ལོ་དེར་ཡིན་འདུག དེ་ལོར་རྩོད་རྒྱུགས་ཟིན་མཚམས་གདན་ས་སོ་སོའི་མཁན་པོ་རྣམས་བཀའ་འགུགས་ཀྱིས་འདི་ལོའི་དགེ་བཤེས་གྲས་ནས་འགའ་ཤས་ལྷ་རམས་མི་འོས་པ་ལྟ་བུ་འདུག་རུང་། ད་ལམ་རྩོད་རྒྱུགས་ཐོག་མར་སོང་གཤིས་དམིགས་བསལ་རང་བབས་བཞག་པ་ཡིན་ཞིང་། ཕྱི་ལོ་ནས་བཟུང་དགེ་བཤེས་སློབ་གཉེར་བཟང་གྲས་གོ་འཕེར་ཤ་སྟག་མ་བྱུང་ཚེ་དོ་བདག་དགེ་བཤེས་ཕྱིར་འཐེན་བྱ་རྒྱུ་སྨོས་མེད་ཐོག གྲྭ་ཚང་སོ་སོའི་མཁན་པོར་ཡང་ཉེས་བཀོད་གནང་རྒྱུ་ཡིན་ཞེས་བཀའ་ནན་ཕེབས། དེའི་རྟིང་ལོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཚན་རྟགས་བཞེས་སྐབས་སྒོ་མང་ཨུ་ཆུ་མུ་ཅིན་སོག་པོ་ཧོ་ཐོག་ཐུར་བཀའ་ཉེས་གསེར་སྲང་བཅུ་དང་། སེར་བྱེས་ལྡན་མ་སྤྲུལ་སྐུར་གསེར་སྲང་ལྔ། སེར་སྨད་ར་ལྟག་དང་། དགའ་ཤར་འབའ་ཐར་གཉིས་ལ་གསེར་སྲང་རེ་བཅས་བཀའ་ཉེས་ཕབ་ནས་དགེ་བཤེས་རང་འཇགས་གནས་ཙམ་བྱུང་། རྩོད་རྒྱུགས་སྐབས་རྒྱལ་དབང་མཆོག་ཀྱང་སྐབས་རེར་གཟིམས་ཆུང་ཉི་འོད་ཀྱི་གདེངས་ཆའི་གཟིམས་སྒོའི་ཡོལ་བའི་ཕག་ཏུ་བྱོན་ནས་མངོན་ཆུང་གིས་གསན་གཟིགས་བསྐྱངས་ཀྱི་ཡོད། དགེ་བཤེས་མིང་རྟགས་ནི་གྲྭ་ཚང་སོ་སོའི་མཁན་པོས་གནང་གི་ཡོད་མོད། འོན་ཀྱང་སེར་བྱེས་གྲྭ་ཚང་ལྟ་བུར་དགེ་བཤེས་ལྷ་རམས་གཏོང་སྔ་ཕྱིའི་གོ་རིམ་ནི་རིགས་ཆེན་ཚོགས་ལངས་ཀྱི་ཨང་ཐོབ་གོ་རིམ་ལྟར་ཡིན་པས་གལ་འགངས་ཆེན་པོར་བརྩི་ཞིང་། གྲྭ་ཚང་སྨད་ལ་རིགས་ཆུང་ཚོགས་ལངས་ཀྱི་སྒོ་ནས་དགེ་བཤེས་གཏོང་སྔ་རྟིང་འཇོག་པ་རེད། ངེད་རང་ལྷ་རམས་དམ་བཅའ་བཞག་པའི་སྔ་ལོའམ་ཕྱི་ལོ་༡༩༩༢ ལོར་༸གོང་སྐྱབས་མགོན་ཆེན་པོའི་བཀའ་ལུང་བཞིན་རྒྱ་གར་དུ་བྱེས་སུ་འབྱོར་ནས་སྔོན་བྱུང་མ་མྱོང་བའི་ལྷ་རམས་རྒྱུགས་སྤྲོད་ཧ་ཅང་དམ་དོག་ཆེ་བ་ཞིག་དགེ་ལྡན་བསྟན་པའི་མཛེས་རྒྱན་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གྲྭ་ཚང་དྲུག་གི་མཁན་པོ་ལས་ཐོག་བཅས་གདན་འཛོམས་པའི་དབུས་སུ་ཉིན་ཧྲིལ་པོ་བཅུ་གཉིས་རིང་རྩོད་རྒྱུགས་སྤྱན་འབེབས་ལམ་ལྷོང་དགོས་རྒྱུ་དང་། རྒྱ་གར་དུ་དེ་སྔ་ནི་འཛིན་གྲྭ་འཕོས་རིམ་བཞིན་དགེ་བཤེས་གཏོང་འགྲོ་བ་མ་གཏོགས་རྒྱུགས་འཕྲོད་མ་འཕྲོད་ཀྱི་ཐ་སྙད་མེད། ངེད་ཚོ་ནི་ཐེངས་དང་པོར་སོང་གཤིས་རྒྱུགས་སྤྲོད་དམ་དོག་ཧ་ཅང་ཆེས་པས་རྩོད་རྒྱུགས་འབུལ་མཁན་གྱི་དགེ་བཤེས་ཉི་ཤུ་ལས་དཔེ་ཆ་དྲག་གྲས་འགའ་རེ་དང་བཅས་མི་བརྒྱད་རྒྱུགས་མ་འཕྲོད་པས་ལྷ་རམས་ཕྱིར་འཐེན་བྱས་སོང་། རྗེས་ལོ་རྣམས་སུ་ངེད་ཚོ་ལ་གནང་བའི་དམ་དོག་གི་རྒྱ་དེ་ལྷོད་དུ་སོང་སྟེ། ཙི་ཙིའི་མཇུག་མ་ལྟར་གྱུར་ཅིང་། དེང་སང་ནི་དགེ་ལུགས་རྒྱུགས་སྤྲོད་འཕྲོད་མ་འཕྲོད་ཀྱིས་ས་མཚམས་འབྱེད་ཀྱི་ཡོད་འདུག ལྷ་རམས་པའི་སྒྲ་བཤད་ནི། ལྷ་ནི་ལྷ་ས་དང་། རམས་ནི་རབ་འབྱམས་ཀྱི་བསྡུས་ཚིག་སྟེ། ལྷ་སའི་རབ་འབྱམས་པ་ཞེས་བྱ་བའི་དོན་ནོ། །ྟེ། ལྷ་སའི་རབ་འབྱམས་པ་ཞེས་བྱ་བའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/3918  + (གནས་ལུགས་མཐར་ཐུག སྟོང་ཉིད། སྒྲ་བཤད་ནི། རྟོགས་བྱ་ཡིན་པས་དོན་དང༌། ཕྱིན་ཅི་མ་ལོག་པ་ཡིན་པས་དམ་པའོ། །ཡང་ན་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཡིན་པས་ན་དོན་དམ་པའོ། །)
  • Dictionaries/sgom sde tshig mdzod chenmo/8410  + (གནས་སྐབས། རེ་ཞིག)
  • Dictionaries/sgom sde tshig mdzod chenmo/11989  + (གནས་སྤོ་བའམ། གཞི་སྤོ་བ། མཁས་གྲུབ་རིན་པོ་ཆེགནས་སྤོ་བའམ། གཞི་སྤོ་བ། མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུ་༥༥བ༦ལས། ཤེས་ཀྱང་མ་བསྒྲུབ་པར་ཕྱི་བཤོལ་དུ་ལུས་པའི་སོས་དལ་གྱི་སྐབས་སུ། གློ་བུར་གྱི་སྐྱས་འདེགས་ཤིག་བབ་པའི་དུས་ན། འགྱོད་ཀྱང་ནི་འཕྱིས། ཞེས་གསུངས། དྭགས་པོ་ཐར་རྒྱན་༣༣ལས། སྐྱས་ཆེན་པོ་ནི་འདེགས། ཞེས་གསུངས་པ་ལྟ་བུ།། སྐྱས་ཆེན་པོ་ནི་འདེགས། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4235  + (གནོད་པ་དང་སུན་གཙེར་བྱེད་པ། ལེགས་ཉེས་ཀྱི་རྒགནོད་པ་དང་སུན་གཙེར་བྱེད་པ། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་སྡེ་དགེ་བཀའ་འགྱུར་༼ ཨཿ ༽༢༠༣ན༤ལས། ཚེ་འདི་ལ་མ་ཡར་མོར་གྱུར་ནས་ཆུང་མ་སྔ་མའི་བུ་དག་ལ་ནེར་པ་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མེ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ར་ལྟུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/172  + (གནོད་པ་བྱ་བར་འདོད་པ། ཁོང་ཁྲོ་བ། ཞེ་སྡང་བ་བཅས་ཀྱི་དོན།)
  • Dictionaries/sgom sde tshig mdzod chenmo/6256  + (གནོད་པ་མེད་པའམ། ཉེར་འཚེ་མེད་པ། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། མ་སྨས་པ་ནི་མ་སྣད་པའོ། །ཉེ་བར་འཚེ་བ་མེད་པ་སྟེ་ཉེ་བར་འཚེ་བའི་བར་ཆད་མེད་པའི་ཕྱིར་རོ། །)
  • Dictionaries/sgom sde tshig mdzod chenmo/13111  + (གནོད་པ་སྲུང་བྱེད་ཀྱི་སྐུད་པ་དམར་པོ་སུམ་མདུགནོད་པ་སྲུང་བྱེད་ཀྱི་སྐུད་པ་དམར་པོ་སུམ་མདུད་ཅན་ཞིག དེ་དཔུང་པ་གཡས་གཡོན་གང་དུ་འདོགས་ཀྱང་ཁྱད་པར་མེད། དེ་ཡང་སྐུད་པ་ལུས་ཚད་ཅན་སུམ་ལྟབས་སུ་བྱས་པ་ནི། རྩ་རོ་རྐྱང་དབུ་མ་གསུམ་མཚོན་པའི་ཆེད་དང༌། སུམ་མདུད་དུ་བྱས་པ་ནི། རྡོ་རྗེ་གསུམ་སྟེ་རྒྱལ་བའི་སྐུ་གསུང་ཐུགས་གསུམ་མཚོན་པར་རྗེའི་སྔགས་རིམ་ཆེན་མོ་དང༌། དབང་དོན་དེ་ཉིད་རབ་གསལ་སོགས་སུ་གསུངས། ང་ཚོ་གསང་སྔགས་ཉམས་ལེན་བྱེད་མཁན་ཡིན་སྐད་ཀྱིས་རབ་ཏུ་བྱུང་བས་སྲུང་སྐུད་འདོགས་རུང་མི་རུང་སྐོར་དོགས་པ་ཙམ་ཡང་མ་ཟོས་ཀྱང་། འདི་ལ་ངེས་པར་དོགས་པ་གཅོད་དགོས་ཏེ། འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༦བ༢ལས། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྟེ་རྣམས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། དེ་དག་གིས་བྲམ་ཟེ་དྲི་དང་མེ་ཏོག་གིས་བརྒྱན་པ་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིངས་པ་ཞིག་དུས་སྟོན་ཟོས་ནས་དབང་པོ་ཚིམ་སྟེ། ཁྱིམ་ནས་བྱུང་བ་མཐོང་བ་དང་། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཐབས་འདི་ནི་བཟང་པོ་ཞིག་སྟེ། བདག་ཅག་ཀྱང་འདི་བཞིན་བྱའོ་ཞེས་དེ་དག་ཕྱི་དེ་ཉིན་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིངས་ནས་བསོད་སྙོམས་ལ་ཞུགས་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་ཞིང་གུས་པར་སྨྲའོ། །གུས་པར་སྨྲའོ་ཞེས་སྨྲས་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཀྲེན་པ་ཁྱེད་ཀྱིས་གུས་པར་སྨྲ་བར་བྱ་བ་གང་དག་ཡིན་པ་དང་། ཕྱག་བྱ་བ་གང་དག་ཡིན་པ་འདི་ཡང་མ་ཤེས་སམ། དེ་དག་གིས་སྨྲས་པ། འདི་ལ་ཅི་ཞིག་འཚལ་བར་བགྱི། བྲམ་ཟེ་རྒན་པ་རྒན་པ་རྣམས་ནི་གུས་པར་སྨྲ་བར་བྱ་བ་ཡིན་ལ་དགེ་སློང་རྣམས་ནི་ཕྱག་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཁྱེད་དགེ་སློང་རྣམས་ལ་གུས་པར་སྨྲ་བར་བྱེད་ཀྱི་ཕྱག་མ་ཡིན། འཕགས་པ་དག་བདག་ཅག་གིས་ཁྱེད་བྲམ་ཟེ་ལགས་པར་འཚལ་གྱི། དགེ་སློང་དུ་ནི་མ་ལགས་སོ། །དེ་ལྟ་ལགས་པས་བདག་ཅག་གིས་མ་འཚལ་གྱིས་བཟོད་པར་གསོལ་ལོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ། སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ནི་དགེ་སློང་རྣམས་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་འཆིང་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིང་བར་མི་བྱའོ། །འཆིང་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ནད་པ་གཞན་ཞིག་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་ལ་ནད་འདི་ལྟ་བུ་བྱུང་ན་སྨན་སྟོན་ཅིག་ཅེས་བྱས་པ་དང་། དེས་སྨྲས་པ། འཕགས་པ་སྐུད་པ་ལ་གསང་སྔགས་དག་གིས་བཟླས་བརྗོད་བྱས་ཏེ། ལག་པ་ལ་བཅིངས་ན་ཁྱོད་འཚོ་བར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྨན་པའི་ལུང་གིས་སྐུད་པ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྨན་པའི་ལུང་གིས་སྐུད་པ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ལག་པ་གཡས་པའི་རྩེ་མོ་ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལག་པ་གཡས་པའི་རྩེ་མོ་ལ་བཅིང་བར་མི་བྱའོ། །དེ་རྣམས་ལག་པ་གཡས་པའི་དཔུང་པ་ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལག་པ་གཡས་པའི་རྩེ་མོ་ལ་བཅིང་བར་མི་བྱའོ། །དེ་རྣམས་ལག་པ་གཡས་པའི་དཔུང་པ་ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་དུ་གྱུར་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་གཡས་པའི་དཔུང་པ་ལ་བཅིང་བར་མི་བྱའོ། །དེ་རྣམས་ལག་པ་གཡོན་པའི་རྩེ་མོ་ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་གཡོན་པའི་རྩེ་མོ་ལ་བཅིང་བར་མི་བྱའི། །འོན་ཀྱང་ལག་པ་གཡོན་པའི་དཔུང་པ་ལ་བཅིང་བར་བྱའོ། །དགེ་སློང་རྣམས་ནད་སོས་པར་གྱུར་ནས་སྐུད་པ་བབ་བབ་ཏུ་འདོར་བས་མི་མ་ཡིན་པ་རྣམས་འཕྱ་སྟེ། འཕགས་པ་དག་ངེད་ཀྱིས་སོས་པར་བྱས་ན་ད་མ་གུས་པར་ལྟ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བབ་བབ་ཏུ་དོར་བར་མི་བྱ་སྟེ། གལ་ཏེ་ནད་མ་བྱང་ན་ཆོས་གོས་ཀྱི་མཐའམ། རྒྱ་ཅང་ལ་བཅིང་བར་བྱའོ། །འོན་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་སོས་པར་གྱུར་ན་ཀ་བའི་སེར་གའམ། རྩིག་པའི་གསེབ་ཏུ་གཞུག་པར་བྱའོ། །ཞེས་གསུངས་སོ། །པའི་གསེབ་ཏུ་གཞུག་པར་བྱའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/5200  + (གནོད་བྱེད་ལ་ཇི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང་གསུམ་མོ། །)
  • Dictionaries/sgom sde tshig mdzod chenmo/11974  + (གནོད་འཚེ་ལས་སྐྱོབ་མཁན་ལ། སྐྱབས་ཟེར། ཞིབ་ཏུ་བཤད་ན། མཛོད་རང་འགྲེལ་ལས། སྐྱབས་ཀྱི་དོན་ཅི་ཞེ་ན། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/6694  + (གནོད་སེམས། ཁོང་ཁྲོ། ཞེ་སྡང་། འདི་དང་ཀུན་ནས་མནར་སེམས་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/517  + (གནོད་སེམས། ཞིབ་པར་བཤད་ན། རྩ་ཉོན་དྲུག་གི་གཉིས་པ་ནི། ཆོས་གསུམ་གང་རུང་ལ་དམིགས་ནས་མི་བཟོད་ཅིང་གནོད་པ་བྱ་བར་འདོད་པ་ཀུན་ནས་མནར་སེམས་པས་རབ་ཏུ་ཕྱེ་བའི་རིག་པ། བྱེད་ལས་ནི། མི་འདོད་པ་ལ་དངོས་སུ་སྦྱོར་བ་དང་། དེའི་རྒྱུ་ལ་རྒྱུད་ནས་སྦྱོར་བའོ། །)
  • Dictionaries/sgom sde tshig mdzod chenmo/171  + (གནོད་སེམས། ཞེ་སྡང་། ཁོང་ཁྲོ་བཅས་ཀྱི་མིང་།)
  • Dictionaries/sgom sde tshig mdzod chenmo/1077  + (གབ་པ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/1081  + (གབ་ཙེ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2457  + (གཙང་གི་གཞིས་རྩེའི་ཁུལ་གྱི་ལྷ་རྩེ་རྫོང་ཁོངས་སུ་ཡོད། ཇོ་མོ་ནང་དང་དོན་འདྲ། ཇོ་མོ་ ནང་ལ་གཟིགས།)