Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "ཉེ་འབྲེལ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/2588  + (ཉུང་མ་བཙོས་མ། བཙོས་པའི་ཉུང་མ།)
  • Dictionaries/sgom sde tshig mdzod chenmo/2582  + (ཉུང་མ་རློན་པ། རྗེའི་ལམ་རིམ་ཆེན་མོ་ལས། བྱང་ཉུང་མ་རློན་པ། རྗེའི་ལམ་རིམ་ཆེན་མོ་ལས། བྱང་པའི་བྱིས་པ་ནི་བྱང་ན་རྩམ་པ་དཀོན་པས་ཉུང་མ་ཉི་ཚེ་ཟ་བས་བྱིས་པ་ཞིག་བཀྲེས་ཏེ་རྩམ་པ་ཟ་འདོད་ནས། མ་ལ་ཟས་བསླངས་པ་ལ་མ་ལ་རྩམ་པ་མེད་པས་ཉུང་གཤེར་ཞིག་བྱིན་པས་དེ་མི་འདོད་ཟེར། དེ་ནས་ཉུང་མ་སྐམ་པོ་ཞིག་བྱིན་པས་མི་འདོད་ཟེར། དེ་ནས་ཉུང་མ་ཕོ་ཤ་ཞིག་བྱིན་པ་ལ་ཡང་ང་མི་འདོད་ཟེར། དེ་ནས་ཉུང་མ་བཙོས་འཁེངས་ཞིག་བྱིན་པས་དེ་ཡང་ང་མི་འདོད་ཟེར་ཞིང་ཁོ་མ་མགུ་ནས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། །ཞེས་པ་ལྟར་རོ། །ས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། །ཞེས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10030  + (ཉེ་ཉོན་ཉི་ཤུའི་ཐ་མ་ནི། དུག་གསུམ་གང་རུང་གི་ཆར་གཏོགས་གང་ཞིག དམིགས་པ་ལ་སེམས་འཕྲོ་བར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །)
  • Dictionaries/sgom sde tshig mdzod chenmo/11754  + (ཉེ་ཉོན་ཉི་ཤུའི་དྲུག་པ་ནི། འདོད་ཆགས་ཀྱི་ཆར་ཉེ་ཉོན་ཉི་ཤུའི་དྲུག་པ་ནི། འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག རྙེད་བཀུར་ལ་ཆགས་ནས་ཡོ་བྱད་སོགས་གཏོང་མི་འདོད་པས་རབ་ཏུ་ཕྱེ་བའི་རིག་པ། བྱེད་ལས་ནི། ཡོ་བྱད་སོགས་མི་གཏོང་བའི་ལས་ཅན་ནོ། །བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ་༨༠ན༥ལས། སེར་སྣ་ནི་སྦྱིན་པ་དང་མི་མཐུན་པར་རང་གི་ཕུན་སུམ་ཚོགས་པ་ལ་ཀུན་ཏུ་འཛིན་པའོ། །ཞེས་གསུངས་པ་ལྟར་རོ། །་ལ་ཀུན་ཏུ་འཛིན་པའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1986  + (ཉེ་ཉོན་ཉི་ཤུའི་བཅུ་གཅིག་པ་ནི། དུག་གསུམ་གང་རུང་གི་ཆར་གཏོགས་གང་ཞིག བདག་གི་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པས་རབ་ཏུ་ཕྱེ་བའི་སེམས་བྱུང་ངོ་། །བྱེད་ལས་ནི།་ཉོན་མོངས་དང་ཉེ་བའི་ཉོན་མོངས་རྣམས་སྐྱེད་པའི་ལས་ཅན་ནོ། །)
  • Dictionaries/sgom sde tshig mdzod chenmo/6178  + (ཉེ་ཉོན་ཉི་ཤུའི་བཅོ་ལྔ་པ་ནི། གཏི་མུག་གི་ཆར་གཏོགས་གང་ཞིག དགེ་བའི་ཆོས་ལ་ཡིད་མི་ཆེས་པ་དང༌། མ་དད་པ་དང༌། མི་འདོད་པར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །)
  • Dictionaries/sgom sde tshig mdzod chenmo/1339  + (ཉེ་ཉོན་ཉི་ཤུའི་བརྒྱད་པ་ནི། འདོད་ཆགས་དང་གཏིཉེ་ཉོན་ཉི་ཤུའི་བརྒྱད་པ་ནི། འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་གང་ཞིག རྙེད་བཀུར་ལ་ཆགས་པའི་དབང་གིས་གཞན་མགོ་རྨོངས་པར་བྱེད་འདོད་ཅིང༌། རང་གི་ཉེས་པ་གཞན་གྱིས་མི་ཤེས་པར་བྱེད་འདོད་པས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། དྲིས་པའི་ལན་གསལ་པོ་མི་འདེབས་པས་ཚུལ་བཞིན་ཡིད་ལ་བྱེད་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །དབུ་མ་རིན་ཆེན་ཕྲེང་བ་༡༢༢ན༤ལས། གཡོ་ནི་ཤིན་ཏུ་སླུ་བ་སྟེ། །ཞེས་གསུངས་སོ། ། གཡོ་ནི་ཤིན་ཏུ་སླུ་བ་སྟེ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4774  + (ཉེ་ཉོན་ཉི་ཤུའི་ལྔ་པ་ནི། ཞེ་སྡང་གི་ཆར་གཏོགསཉེ་ཉོན་ཉི་ཤུའི་ལྔ་པ་ནི། ཞེ་སྡང་གི་ཆར་གཏོགས་གང་ཞིག རྙེད་བཀུར་ལ་ཆགས་ནས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུགས་པའི་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། ཡིད་མི་བདེ་འདྲེན་པའི་ལས་ཅན་ནོ། །སྒྲ་བཤད་ནི། སེམས་གུ་དོག་པས་ན་ཕྲག་དོག་ཅེས་བྱ་སྟེ། སེམས་ཀྱི་ཕྲག་གམ་གུ་དོག་པས་དེ་སྐད་ཅེས་བྱའོ། །མས་ཀྱི་ཕྲག་གམ་གུ་དོག་པས་དེ་སྐད་ཅེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/1138  + (ཉེ་དུ་སོགས་ཀྱི་མིང་སོ་སོར་དྲན་པའི་ཤེས་པ་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/5534  + (ཉེ་བ་དང་བསྙེན་པའི་ཁྱད་པར་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2605  + (ཉེ་བ་ནི་ཐག་ཉེ་པོའི་དོན་ཡིན་ལ། བསྙེན་པ་ནི་ཐཉེ་བ་ནི་ཐག་ཉེ་པོའི་དོན་ཡིན་ལ། བསྙེན་པ་ནི་ཐག་ཉེ་བར་བྱེད་པའམ་ཐག་ཉེ་རུ་གཏོང་བའི་དོན་ནོ། །དབྱངས་ཅན་དགའ་བློའི་རྣམ་དབྱེ་དང་བྱ་བྱེད་ལས་སོགས་ཀྱི་ཁྱད་པར་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ལས། ཉེ་བ་བསྙེན་པ་ཉུང་བ་བསྙུངས། །ཐིམ་པ་བསྟིམས་པ་ཐུང་བ་བསྟུངས། །མཐུན་པ་བསྟུན་པ་མཐུད་པ་བསྟུད། །ནག་པ་གནགས་པ་ནན་པ་བརྣན། །ནོར་པ་དང་ནི་བསྣོར་བ་སོགས། །སྔ་མ་དོན་གྱི་ཁྱད་པར་དང༌། །ཕྱི་མ་རྣམས་ནི་ཁྱད་པར་དེར། །བྱས་པའི་མིང་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །ས་པའི་མིང་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4057  + (ཉེ་བའི་གཉེན་གྱི་མིང་དུའང་བཤད་དེ། རྗེའི་སྦསཉེ་བའི་གཉེན་གྱི་མིང་དུའང་བཤད་དེ། རྗེའི་སྦས་དོན་ཀུན་གསལ་ལས། དྲུང་པ་སྟེ་ཉེ་བའི་གཉེན་ནམ་མི་དྲུང་པ་སྟེ་རིང་བ་གཉེན་མ་ཡིན་པའི་བྱིས་པ་ལ་འཁྱུད་ཅིང༌། ཙུམྦ་ན་བྱེད་པ་ནི་ཙུམྦི་ཀར་ཤེས་པར་བྱ་སྟེ་དེ་ལ་སྐྲག་བྱེད་མ་ཞེས་ཀྱང་ཟེར་རོ། །འགྱུར་ཁ་ཅིག་ལས་སྡུག་པའམ་ཡང་ན་མི་སྡུག་པ། ཞེས་ཀྱང་འབྱུང་ངོ་། །ཞེས་གསུངས་སོ། །ྡུག་པ། ཞེས་ཀྱང་འབྱུང་ངོ་། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/3824  + (ཉེ་བའི་མཚམས་མེད་ལྔ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2631  + (ཉེ་བར་ཏེ་ལྷག་པར་འཚེ་བའམ་གནོད་པ།)
  • Dictionaries/sgom sde tshig mdzod chenmo/8557  + (ཉེ་བར་བསྟེན་པ་ཞེས་པའི་དོན། བཤེས་སྤྲིངས་ལས། མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །ཞེས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། མཐོ་རིས་བུ་མོས་འབྲོངས་པ་ནི་ལྷའི་བུ་མོས་བསྟེན་པའོ། །ཞེས་གསུངས་ཤིང་། དག་ཡིག་ལི་ཤིའི་གུར་ཁང་ལས་ཀྱང་། འབྲོངས་པ་ནི་ཉེ་བར་བསྟེན་པ་ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/384  + (ཉེ་བར་མཁོ་བ། འཕྲལ་དུ་མཁོ་བ། ཛ་དྲག་བཅས་ཀྱི་དོན།)
  • Dictionaries/sgom sde tshig mdzod chenmo/2632  + (ཉེ་བར་འཚོ་བ་སྟེ་གསོན་པོར་གནས་པ། འཚོ་བ། གསོན་པ།)
  • Dictionaries/sgom sde tshig mdzod chenmo/8054  + (ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིས་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་ལ་འཇིག་པ་ནི་མི་རྟག་པ་དང་ཚོགས་པ་ནི་དུ་མ་ཡིན་པས་འདིས་གང་ལ་ལྟ་བའི་གཞི་ནི་མི་རྟག་པ་དང་དུ་མའི་ཆོས་ཅན་ཙམ་ཡིན་གྱི་རྟག་པ་དང་གཅིག་པུའི་གང་ཟག་གི་བདག་ནི་མེད་དོ་ཞེས་བསྟན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་མིང་བཏགས་སོ། །ཞེས་རྗེའི་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༠༤ན༧ལས་ཀྱང་། དེ་ལ་འཇིག་ཚོགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུ་གྱུར་པ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །ཞེས་གསུངས་སོ། །་བ་ནི་འཇིག་ཚོགས་ལ་ལྟ་བའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/8150  + (ཉེ་འཁོར་དུ་ཆགས་པ། ཉེ་འགྲམ་དུ་ཡོད་པ། བར་མཚམས་མེད་པར་འབྲེལ་ཆགས་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་སོགས་མཁས་པ་མང་པོའི་གསུང་ནང་ས་མཐའ་མེད་པ་སྣང༌། འདབས་ཆགས་པ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/11062  + (ཉེ་འཁོར་བའི་དམྱལ་བ་དང་དོན་གཅིག དེར་གཟིགས།)
  • Dictionaries/sgom sde tshig mdzod chenmo/2625  + (ཉེ་འཁོར།)
  • Dictionaries/sgom sde tshig mdzod chenmo/2983  + (ཉེ་འཁོར། ཐོན་ཀོར། ཞེས་ཀྱང་སྣང༌། ཐོ་ཕྱི་ཞེས་ཀྱང་བྱ།)
  • Dictionaries/sgom sde tshig mdzod chenmo/2807  + (ཉེ་འཁོར། དག་ཡིག་ངག་སྒྲོན་ན་གསལ།)
  • Dictionaries/sgom sde tshig mdzod chenmo/3013  + (ཉེ་འཁོར། བསྟན་དར་ལྷ་རམས་པ་གསུང༌། བོད་རྒྱ་ཚིག་མཛོད་ཆེན་མོར། ཐོ་ཀོར། ཐོ་སྐོར་ཞེས་སྣང༌།)
  • Dictionaries/sgom sde tshig mdzod chenmo/7801  + (ཉེ་འདབས།)
  • Dictionaries/sgom sde tshig mdzod chenmo/3854  + (ཉེ་རིང་གི་ཁྱད་པར་སོགས་སྟོན་པའི་ཕྲད་རང་དབང་ཉེ་རིང་གི་ཁྱད་པར་སོགས་སྟོན་པའི་ཕྲད་རང་དབང་ཅན་ཞིག་སྟེ།དེདང་འདི་གཉིས། རང་དང་ཉེ་བ་ལ་འདི། ཐག་རིང་བ་ལ་དེ་སྦྱར་བ་དང༌། དུས་འདས་མ་འོངས་ལ། དེ་སྦྱར་བ་དཔེར་ན། ན་ནིང་གི་ལོ་དེ་ཞེས་པ་དང༌། སང་ཕོད་ཀྱི་ལོ་དེ་ཞེས་པ་ལྟ་བུ། ད་ལྟ་བ་ལ་འདི་སྦྱར་བ་དཔེར་ན། ད་ལོའི་ལོ་འདིཞེས་པ་ལྟ་བུའོ། །སུམ་ཅུ་པའི་རྩ་བ་ལས། ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཐ་སྙད་ཀྱི་དབང་དུ་བྱས་ན་གསུམ་ནི། སྤྱི་ལ་མ་ཡིན་པར་ཐད་ཀར་གྱི་ཐ་སྙད་སྟོན་པ་དཔེར་ན། བུད་མེད་མཛེས་མའོ། །དེགཟུགས་བཟང་ངོ༌། །དེམདོག་ལེགས་སོ། །དེནུ་མ་འཁྲང་ལ་ཟླུམ་མོ། །དེསྐད་སྙན་ནོ་ལྟ་བུ། ཐ་སྙད་ཀྱི་རྣམ་གྲངས་གཞན་སྟོན་པ།དེལ་ཡི་གེ་བྲིས་ཤིག་ལྟ་བུ་འབྲི་གཞི་དངོས་སུ་མི་གསལ་ཡང༌། དེ་སྒྲའི་ཤུལ་དུ་ཤོག་བུ་ལྟ་བུ་ཐ་སྙད་ཀྱི་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པ་དོན་གྱིས་སྟོན་པ་ལྟ་བུ། ལྷག་བཅས་ཀྱི་སྒྲའི་ཐ་སྙད་སྟོན་པ་དཔེར་ན། ཤིང་བཅད་དེམེ་ལ་འབུད་ལྟ་བུ། དངོས་པོའི་དབང་དུ་བྱས་ན་བཞི་ནི། བདེན་པའི་དངོས་པོ་ལ་འཇུག་པ་དཔེར་ན།དེརང་ཡིན་ནོ་ལྟ་བུ། གསང་བའི་དངོས་པོ་ལ་འཇུག་པ་དཔེར་ན།དེམ་སྟོན་ཅིག་ཅེས་པ་ལྟ་བུ། བདག་གི་བའི་དངོས་པོ་ལ་འཇུག་པ་དཔེར་ན། ཁོ་བོའི་གླེགས་བམ་དེཀློགས་ཤིག་ཅེས་པ་ལྟ་བུ། ཕ་རོལ་གྱི་དངོས་པོ་ལ་འཇུག་པ་དཔེར་ན། རྡོ་བ་དེའདེགས་ནུས་སམ་ལྟ་བུ། དུས་ཀྱི་དབང་དུ་བྱས་ན་གསུམ་ནི། འདས་པ་ལ་འཇུག་པ་དཔེར་ན། ན་ནིང་གི་ལོ་དེལྟ་བུ། མ་འོངས་པར་འཇུག་པ་དཔེར་ན། སང་ཉི་མ་ཤར་བའི་དུས་དེརའགྲོའི་ལྟ་བུ། དེ་ཐམས་ཅད་བསྡུས་ན་གཉིས་སུ་འདུས་ཏེ། ལེགས་བཤད་ལྗོན་དབང་ལས། ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་གསུངས་པ་ལྟར་རོ། །་གཞན་ཅན་གཉིས་ལ་འཇུག །ཅེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2616  + (ཉེ་རིང་གི་བརྒྱུད་པའི་ཁྱད་པར་ནི། དཔེར་ན་རྗེཉེ་རིང་གི་བརྒྱུད་པའི་ཁྱད་པར་ནི། དཔེར་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་གནང་བའི་ཆོས་ཀྱི་བརྒྱུད་པ་ལ་ཉེ་བརྒྱུད་དང༌། བདག་ཅག་གི་སྟོན་པ་ནས་རྗེ་ཙོང་ཁ་པ་ཆེན་པོ་ལ་བརྒྱུད་པའི་ཆོས་ཀྱི་བརྒྱུད་པ་རིང་བརྒྱུད་ཟེར་བ་ལྟ་བུའོ། །དེས་གཞན་ལའང་རིགས་འགྲེའོ། །ཟེར་བ་ལྟ་བུའོ། །དེས་གཞན་ལའང་རིགས་འགྲེའོ། །)
  • Dictionaries/sgom sde tshig mdzod chenmo/3609  + (ཉེན་པ། གཟིར་བ། བཟོད་ཐབས་མེད་པ། སེམས་དབང་མེཉེན་པ། གཟིར་བ། བཟོད་ཐབས་མེད་པ། སེམས་དབང་མེད་དུ་གཡོ་བའི་དོན་དུ་བཤད། བསྟན་དར་ལྷ་རམས་པས། དབྱེན་སྤྱོ་ནི་འདོད་ཆགས་ཀྱིས་ཉེན་པ་སྟེ་ཉེ་སྡེའི་བྱུང་བ་ལས། སྡེ་པའི་ཆུང་མ་འདོད་ཆགས་ཀྱིས་དབྱེན་སྤྱོ་བར་འགྱུར་ཞེས་པ་ལྟར་རོ། །འདི་ལ་དབྱེན་བཅོས་ཞེས་བྲིས་ནས་བཟོད་ཐབས་མེད་པའི་དོན་དུ་བཤད་པའང་སྣང་ཞིང་། ཞེས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། སྐད་ཅིག་རེ་རེ་བཞིན་ཉེས་སྤྱོད་ཀྱིས་དབྱེན་བཅོས་པས་ནི་བརྡེག་འཆའ། ཞེས་གསུངས་སོ། །འདི་ལ་དབྱེན་སྤྱོ་དང་། དབྱེན་བཅོས་ཞེས་འབྲི་ཚུལ་གཉིས་སྣང་ངོ་། །འགའ་ཞིག་གིས་གཡེན་སྤྱོ་ཞེས་ཀྱང་འབྲི་བར་བྱེད་ཀྱང་། དེ་ནི་དབྱེན་སྤྱོ་དང་མི་འདྲ་སྟེ། གཡེན་སྤྱོ་བ་ནི། འཁྲུག་པ་དང་ཅོ་འདྲིའམ་སྡང་བར་བྱེད་པའི་དོན་དུ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་དང་ལི་གུར་ལས་གསུངས་སོ། །འབྱེད་ཀྱི་འགྲེལ་པ་དང་ལི་གུར་ལས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/2626  + (ཉེར་ཐོབ་དང་། སྣང་བ་ཉེར་ཐོབ། ཉེར་ཐོབ་ནག་ལམ་ཉེར་ཐོབ་དང་། སྣང་བ་ཉེར་ཐོབ། ཉེར་ཐོབ་ནག་ལམ་པ། སྟོང་པ་ཆེན་པོ་ཡང་ཟེར། མཆེད་པ་ཉེར་ཐོབ་ལ་ཐིམ། སྟོན་གནམ་གཡའ་དག་པ་ལ་མཚམས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པ་ལ། ཉེར་ཐོབ་ཟེར། འཆར་བའི་རྐྱེན་ནི། དབུ་མའི་ཡས་མས་ཀྱི་རླུང་རྣམས་སྙིང་གའི་དབུ་མའི་ནང་དུ་འདུས་པའི་སྟོབས་ཀྱིས་སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྲོལ་ཏེ། སྟེང་གི་ཐིག་ལེ་དཀར་པོ་མར་བབས། འོག་གི་ཐིག་ལེ་དམར་པོ་ཡར་འོངས་ཏེ། སྙིང་གའི་དྷཱུ་ཏཱིའི་དབུས་ན་མི་ཤིགས་པའི་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་གྱི་ཚུལ་དུ་ཡོད་པའི་དབུས་སུ་ཆུད་ནས་ཕྲད་པའི་རྐྱེན་གྱིས་དེ་འདྲའི་སྣང་བ་བྱུང་བ་ཡིན་གྱི། ཕྱི་རོལ་ནས་མུན་པ་སོགས་ཀྱི་སྣང་བ་ཤར་བ་ནི་མིན་ནོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐྱབས་ཐུགས་རྗེ་མ་ལས། བྱང་སེམས་ཐུར་བབས་དཀར་ལམ་ཤར་བ་དང་། །རཀྟ་གྱེན་ལོག་དམར་ལམ་ཤར་བ་དང་། །དབུ་མ་འགྱེལ་དུས་ནམ་ལམ་འཚུབ་པའི་ཚེ། །སྐྱབས་ལ་བབ་མོ་བླ་མ་རིན་པོ་ཆེ། །འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས། །ཞེས་གསུངས་པའམ་དེ་དང་འདྲའོ། །ཉེར་ཐོབ་ཀྱི་སྒྲ་བཤད་ནི། འོད་གསལ་དང་ཉེ་ཞིང་དེ་ཉིད་མྱུར་དུ་འཐོབ་པར་འགྱུར་བའི་གནས་སྐབས་ཡིན་པས་ན་དེ་སྐད་ཅེས་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། ཐུན་མཚམས་ཀྱི་སྨག་བཞིན་དུ་ཤིན་ཏུ་མི་གསལ་བར་སྣང་ཞིང་འོད་གསལ་དང་ཉེ་བས་སྣང་བ་ཉེར་ཐོབ་དང༌། ཞེས་གསུངས། དེ་ལ་སྟོང་པ་ཆེན་པོ་ཟེར་བའི་རྒྱུ་མཚན་ནི། མཆེད་པ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ་དང༌། ཞེས་གསུངས་སོ། །སྟོང་པས་སྟོང་པ་ཆེན་པོ་དང༌། ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/12665  + (ཉེར་ཐོབ་དང་དོན་འདྲ། ཉེར་ཐོབ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2627  + (ཉེར་ཐོབ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/8885  + (ཉེར་མཁོའི་ཅ་ལག ཕྱི་རོལ་གྱི་གནོད་འཚེ་ལས་སྐྱོབ་བྱེད།)
  • Dictionaries/sgom sde tshig mdzod chenmo/10392  + (ཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་ཐ་དད་པ་ལཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་ཐ་དད་པ་ལ་རྫས་རིགས་གཅིག་པ་ལ་ཟེར། མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྫས་རིགས་མཐུན་པ་སོགས་སུ་འཇོག་པ་ནི། ཉེར་ལེན་གཅིག་ལས་སྐྱེས་པས་འཇོག་པ་ཡིན་པས། ཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་ཐ་དད་པ་རྣམས་ཕན་ཚུན་རྫས་ཀྱི་རིགས་མཐུན་པ་དང་གཅིག་པ་དང་འདྲ་བ་ཞེས་བྱའོ། །དེའི་ཕྱིར་ནས་ཀྱི་ས་བོན་འབྲུ་གཅིག་གིས་བསྐྲུན་པའི་སྡོང་བུ་ལས་འོངས་པའི་ནས་འབྲུ་ཐ་དད་དག་ལྟ་བུ་ནི་ཉེར་ལེན་གཅིག་ལས་སྐྱེས་པའི་ཕྱིར་དང་། ཕན་ཚུན་ཐ་དད་པའི་ཕྱིར། རྫས་རིགས་མཐུན་པ་ཞེས་བྱ་ལ། ཞེས་གསུངས་པ་ལྟར་རོ། །ིགས་མཐུན་པ་ཞེས་བྱ་ལ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2615  + (ཉེར་ལེན་གྱི་ཕུང་པོ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/7956  + (ཉེས་པ་སྦེད་ཅིང་གསང་བ་ལ་ཟེར། བྱེད་ལས་ནི། འགྱོད་པ་དང་བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའོ། །)
  • Dictionaries/sgom sde tshig mdzod chenmo/10540  + (ཉེས་པའམ་སྐྱོན་བྱུང་རྐྱེན། རྐྱེན་རྩ། དཔེར་ན་ལན་རྩ་སུ་ལ་ཡོད་ཀྱི་སྦྱངས་ཤད་ཞིབ་ཏུ་གནང་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7948  + (ཉེས་སྤྱོད་འདག་པར་བྱེད་པ་ལ་ཟེར། འཆགས་པ། (ད་ཉེས་སྤྱོད་འདག་པར་བྱེད་པ་ལ་ཟེར། འཆགས་པ། (ད་ལྟ་བ) བཤགས་པ། (འདས་པ) བཤག (མ་འོངས་པ) ཤོག (སྐུལ་ཚིག) བོད་རྒྱ་ཚིག་མཛོད་ཆེན་མོར། འཆགས་པའི་དོན་ལ། རང་སྐྱོན་མི་སང་བར་ཤོད་པའམ་བརྗོད་པ་ཞེས་གསལ་ཡང་། དེ་ནི་མཐོལ་བའི་དོན་ཡིན་གྱི་འཆགས་པའི་དོན་མིན་ཏེ། དེ་ལྟར་ན་མཐོལ་བ་དང་བཤགས་པ་གཉིས་ལ་ཁྱད་པར་མེད་པར་འགྱུར་རོ། །དང་བཤགས་པ་གཉིས་ལ་ཁྱད་པར་མེད་པར་འགྱུར་རོ། །)
  • Dictionaries/sgom sde tshig mdzod chenmo/660  + (ཉེས་སྤྱོད་ལ་འཛེམས་ཟོན།)
  • Dictionaries/sgom sde tshig mdzod chenmo/6745  + (ཉོན་མོངས་ཀྱི་ས་བོན་ལ་གསོས་འདེབས་བྱེད་ཀྱི་ཉོན་མོངས་མངོན་གྱུར་བའི་མིང༌དུ། རྗེའི་ལམ་རིམ་ཆེན་མོའི་ཞི་ལྷག་གི་སྐབས་ཀྱི་མཆན་བུར་གསལ།)
  • Dictionaries/sgom sde tshig mdzod chenmo/2658  + (ཉོན་མོངས་ངོ་ཤེས་པར་བྱེད་པ་ལ་ཟེར། ཉོན་མོངས་ཉོན་མོངས་ངོ་ཤེས་པར་བྱེད་པ་ལ་ཟེར། ཉོན་མོངས་སྤྱི་དང་བྱེ་བྲག་གི་མཚན་ཉིད་ངོས་བཟུང་བ། དེའི་དོན་ནི། སྤྱིར་བཏང་ཉོན་མོངས་ཟེར་བ་དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དང་། ཁྱད་པར་དུ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་སོགས་རེ་རེ་ནས་ག་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དེ་ངོ་ཤེས་པར་བྱེད་པ་ལ་ཟེར། ཉོན་མོངས་ངོས་བཟུང་བའི་རྒྱུ་མཚན་ནི། རྗེའི་ལམ་རིན་ཆེན་མོ་ལས། ཉོན་མོངས་ཀྱི་མཚན་ཉིད་ཤེས་པ་ལ་ཡང་ཆོས་མངོན་པ་མཉན། མ་མཐའ་ནའང་ཕུང་པོ་ལྔའི་རབ་བྱེད་མཉན་ལ། རྩ་བ་དང་ཉེ་བའི་ཉོན་མོངས་རྣམས་ངོ་ཤེས་པར་བྱས་ནས་ཆགས་སྡང་ལ་སོགས་པ་གང་རུང་རྒྱུད་ལ་སྐྱེས་ཙ་ན། འདི་དེ་ཡིན་ཨང་ཁོ་བྱུང་ངོ་སྙམ་དུ་ངོས་བཟུང་གིན་ཉོན་མོངས་དང་འཐབ་པ་ཡིན་ནོ་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ར་གོ་དགོས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2659  + (ཉོན་མོངས་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/789  + (ཉོན་མོངས་པ་དང་རྣམ་ཐར་གྱི་སྒྲིབ་པ་གཉིས་ཀ་ལསཉོན་མོངས་པ་དང་རྣམ་ཐར་གྱི་སྒྲིབ་པ་གཉིས་ཀ་ལས་གྲོལ་བའི་དགྲ་བཅོམ་པ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་འགོག་སྙོམས་ཐོབ་པའི་དགྲ་བཅོམ་པ། དགྲ་བཅོམ་རྒྱན་ཅན་རྣམས་དོན་གཅིག སྒྲ་བཤད་ནི། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ། ཏིང་ངེ་འཛིན་གྱིས་རྣམ་པར་ཐར་པའི་སྒྲིབ་པ་ལས་གྲོལ་བས་དེ་སྐད་ཅེས་བྱའོ། །རྣམ་པར་ཐར་པའི་སྒྲིབ་པ་ནི། ལེ་ལོ་དང༌། དམིགས་པ་བརྗེད་པ། བྱིང་བ་དང་རྒོད་པ། རྩོལ་བ་དང་མི་རྩོལ་བའི་ཉེས་པ་ལྔ་ལ་སོགས་པ་སྟེ། ཊཱིཀ་བྱེད་དག་གིས་རྣམ་པར་ཐར་པའི་སྒྲིབ་པ་ནི་གང་གིས་རྣམ་པར་ཐར་པ་དང༌། བསམ་གཏན་དག་སྐྱེད་པར་མི་ནུས་པ་སྟེ་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ། །ཞེས་མཆིམས་མཛོད་ན་གསལ།སུ་མི་རུང་བ་ཉིད་དོ། །ཞེས་མཆིམས་མཛོད་ན་གསལ།)
  • Dictionaries/sgom sde tshig mdzod chenmo/10548  + (ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས།)
  • Dictionaries/sgom sde tshig mdzod chenmo/2666  + (ཉོན་མོངས་མ་སྤངས་པ། ཉོན་མོངས་སྐྱེ་བའི་ཡུལ་དཉོན་མོངས་མ་སྤངས་པ། ཉོན་མོངས་སྐྱེ་བའི་ཡུལ་དང་ཐག་ཉེ་བར་གནས་པ། ཚུལ་མིན་ཡིད་བྱེད་ཀྱི་བློ་དང་གསུམ་མོ། །མཛོད་རྩ་བ་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། ། ཞེས་གསུངས། རྗེའི་ལམ་རིན་ཆེན་མོར་ཉོན་མོངས་སྐྱེ་བའི་རྒྱུ་དྲུག་གསུངས་ཏེ། ཉོན་མོངས་པ་སྐྱེ་བའི་རྒྱུ་ནི་དྲུག་ལས། རྟེན་ནི་ཉོན་མོངས་པའི་བག་ལ་ཉལ་ལོ། །དམིགས་པ་ནི་ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་ཡུལ་རྣམས་སྣང་བའོ། །འདུ་འཛི་ནི། སྐྱེས་བུ་དམ་པ་མ་ཡིན་པ་གྲོགས་ངན་པའི་རྗེས་སུ་སློབ་པའོ། །བཤད་པ་ནི་ཆོས་ལོག་པ་མཉན་པའོ། །གོམས་པ་ནི་སྔོན་ཉོན་མོངས་པ་འདྲིས་པའི་སྟོབས་བསྐྱེད་པའོ། །ཡིད་ལ་བྱེད་པ་ནི་སྡུག་མི་སྡུག་གི་མཚན་མ་སྒྲོ་འདོགས་པ་དང་མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཚུལ་མིན་ཡིད་བྱེད་དོ། །ཞེས་གསུངས་སོ། །སོགས་ཚུལ་མིན་ཡིད་བྱེད་དོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/2663  + (ཉོན་མོངས་སོ་སོའི་མཚན་ཉིད་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2662  + (ཉོན་མོངས་སྐྱེ་བའི་རྒྱུ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/159  + (ཉོན་མོངས། སྒྲ་བཤད་ནི། སེམས་ལ་ཀུན་ནས་འཁྲི་ཤིང་ཐམས་ཅད་དུ་དཀྲིས་ནས་གནས་པས་དེ་སྐད་ཅེས་བྱའོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ལས་གསུངས།)
  • Dictionaries/sgom sde tshig mdzod chenmo/225  + (ཉོན་མོངས། སྒྲ་བཤད་ནི། སྡུག་བསྔལ་སྣ་ཚོགས་ལ་ཀུན་ཏུ་སྦྱོར་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཕུང་པོ་ལྔའི་རབ་བྱེད་ལས་གསུངས།)
  • Dictionaries/sgom sde tshig mdzod chenmo/10803  + (ཊ་ཋ་ཌ་ཎ་ཥ་ཀྵ། ཥའི་ཀློག་ཚུལ་ནི། ཤ་ཥ་ཡར་སྦྱརཊ་ཋ་ཌ་ཎ་ཥ་ཀྵ། ཥའི་ཀློག་ཚུལ་ནི། ཤ་ཥ་ཡར་སྦྱར་ས་ལྟར་བཀླག དཔེར་ན་མཤྩཎྜ་ (ཕྱག་འཚལ་ལོ་གཏུམ་པོ) ལྟ་བུའི་ཤ་དང༌། ཨུཤཎིའ་ཥ་ (གཙུག་ཏོར) ལྟ་བུའི་ཥ་གཉིས་ཡར་སྦྱར་ལ་ས་ལྟར་བཀླག་སྟེ་དཔེར་ན། ན་མསྲ་ཙཎྜ། ཨུསྲ་ཎིའ་ཥ་ལྟ་བུར་བཀླག་གོ། ཡང་ཥ་ནི་ཁ་དང་ཆ་མཐུན་པར། རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །ཞེས་པས་སྟོན་ཏེ། ཥ་ནི་བོད་ཀྱི་ཁའི་གདངས་དང་ཆ་ཅུང་ཞིག་མཐུན་པར། རྐན་གྱི་ཕུགས་ནས་མི་གསལ་བའི་ཚུལ་དུ་སྟོངས་ཀྱིས་འདོན་ལ། བོད་ཀྱི་ཁ་ལྟར་གསལ་བ་ནི་མ་ཡིན་ནོ། །ཞེས་གསུངས། སྣང་ཐང་ལོ་ཙཱ་བའི་སྔགས་ཀྱི་བཀླག་ཐབས་སོགས་ལས་གསུངས། དེང་སང་རྒྱ་གར་བས་ཤ་ཥ་ནི་གཉིས་ཀ་ཤ་ལྟ་བུར་བཀླག་གོ། ལོག་ཡིག་བྱུང་ཚུལ་ནི། སཾ་སྐྲྀ་ཏའི་སྐད། བོད་དུ་གཟུངས་སྔགས་སུ་འགྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཎྜི་ཏ་རྣམས་ཀྱིས་རྟིང་དུ་བཅོས་པར་རྒྱལ་རབས་གསལ་བའི་མེ་ལོང་དུ་གསུངས་པ་ལྟར་རོ། །ྱལ་རབས་གསལ་བའི་མེ་ལོང་དུ་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2676  + (ཌཱ་ཀི་ནཱི་དང་འདྲ།)