Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "ཐུར་དུ་འགྲིལ་བ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/11596  + (ཐལ་བའམ་སྐྱོན་བརྗོད། དགག་པ། སུན་འབྱིན་ཡང་དགཐལ་བའམ་སྐྱོན་བརྗོད། དགག་པ། སུན་འབྱིན་ཡང་དག་ལྟར་སྣང་ཞེས་པ་ལྟ་བུ། མདོར་ན་སུན་འབྱིན་དང་སུན་འབྱིན་པ་གཉིས་ནི་མིང་དང་ལས་ཚིག་གི་ཁྱད་པར་ཙམ་ལས་དོན་གཅིག་སྟེ། དཔེར་ན་འགྲོ་བ་རིགས་དྲུག་ཅེས་པའི་འགྲོ་བ་ནི་མིང་དང༌། ལམ་དུ་འགྲོ་བ་ཞེས་པའི་འགྲོ་བ་ནི་ལས་ཚིག་ཡིན་པ་བཞིན་ནོ། །རྒྱས་པ་སུན་འབྱིན་ལ་གཟིགས།་ཡིན་པ་བཞིན་ནོ། །རྒྱས་པ་སུན་འབྱིན་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2843  + (ཐལ་བའམ་སྐྱོན་འཕེན་པའི་ངག མདོའི་ཁུངས་ནི། སེན་རིངས་ཀྱིས་བཅོམ་ལྡན་འདས་ལ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་གསོལ་པ་ལ། བཅོམ་ལྡན་འདས་ཀྱིས། གང་མི་བཟོད་པ་དེ་ཡང་མི་བཟོད་དམ་ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4737  + (ཐལ་འགྱུར་བའི་ཕྱོགས་འཛིན་པ་སངས་རྒྱས་བསྐྱངས་རྗེས་འབྲང་དང་བཅས་པ་དང༌། རང་རྒྱུད་པའི་ཕྱོགས་འཛིན་པ་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པའི་དབུ་མ་པ་ལ་ཟེར། སྒྲ་བཤད་ནི། དེ་དག་གི་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་རང་གི་ཕྱོགས་སོ་སོར་བཀྲལ་ཏེ་འཛིན་པས་ན་དེ་སྐད་ཅེས་བརྗོད།)
  • Dictionaries/sgom sde tshig mdzod chenmo/4902  + (ཐིག་ལེ་དཀར་དམར། ཁུ་ཁྲག སྒྲ་བཤད་ནི། བཀོད་པ་ཐིག་ལེ་དཀར་དམར། ཁུ་ཁྲག སྒྲ་བཤད་ནི། བཀོད་པ་ནི་གསལ་བཏབ་པའི་དོན་དང་བྱང་ཆུབ་ཀྱི་སེམས་ནི་འདིར་ཐིག་ལེ་དཀར་དམར་གྱི་མིང་ངོ་། །ཐིག་ལེ་དཀར་དམར་ལ་བཀོད་པ་ཞེས་པའི་རྒྱུ་མཚན་ནི་རྫོགས་རིམ་གྱི་སྐབས་དེ་གཉིས་ལུས་ཀྱི་སྙིང་ག་དང་ལྟེ་བ་སོགས་སུ་བཀོད་པའམ་གསལ་བཏབ་ནས་དེ་ལ་གནད་དུ་བསྣུན་པའི་རྒྱུ་མཚན་གྱིས་ཡིན་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་དམར་བཀོད་པ་ལ་དམིགས་ནས་གཉིད་ཀྱི་སྟོང་པ་འཛིན་པར་བཤད་པ་ཡང་། ཞེས་གསུངས་སོ། །དེ་གཉིས་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པའི་རྒྱུ་མཚན་ནི། ལྟེ་བའི་གཏུམ་མོ་འབར་བ་དང་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་གྲོགས་བྱེད་པས། བྱང་ཆུབ་ཀྱི་སེམས་ཞེས་འབྲས་མིང་རྒྱུ་ལ་བཏགས་པའོ། །བ་ཀྱི་སེམས་ཞེས་འབྲས་མིང་རྒྱུ་ལ་བཏགས་པའོ། །)
  • Dictionaries/sgom sde tshig mdzod chenmo/12060  + (ཐིག་ལེ། ཁུ་བ། སྐྱེས་པའི་ས་བོན།)
  • Dictionaries/sgom sde tshig mdzod chenmo/2861  + (ཐིམ་པ་ནི་ནུབ་པའི་དོན་དང༌། བསྟིམ་པ་ནི་ཐིམ་དུ་འཇུག་པའམ། ནུབ་ཏུ་འཇུག་པའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/2868  + (ཐུ་མི་སཾ་བྷོ་ཊས་བོད་ཡིག་ཐོག་མར་བརྩམས་ནས་ཆོཐུ་མི་སཾ་བྷོ་ཊས་བོད་ཡིག་ཐོག་མར་བརྩམས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོར་དབྱངས་ཡིག་ངེས་པ་བྱ་དཀའ་བའི་སྒྲ་རྒྱན་དུ་སྦྱར་ནས་བསྟོད་ཚིག་གི་ཡིག་ཕུད་ཕུལ་བ་ནི། ཞལ་རས་གསལ་ལ་རང་མདངས་གང་བ་བཟང༌། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང༌། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་སྟེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས། ། སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཅེས་ཕུལ་བ་རབ་ཏུ་དགྱེས་པའི་བྱ་དགའ་བསྩལ་བའི་ལོ་རྒྱུས་འདུག ཐུ་མིའི་ཡིག་ཕུད་འདི་འབུར་སྟོང་ཇེན་ཁོག་སྣང་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་སྐད། ཅེས་མཁས་པའི་དགའ་སྟོན་དུ་གསལ་བ་ལྟར་བཀོད།ད། ཅེས་མཁས་པའི་དགའ་སྟོན་དུ་གསལ་བ་ལྟར་བཀོད།)
  • Dictionaries/sgom sde tshig mdzod chenmo/2872  + (ཐུ་ལུད་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2989  + (ཐུ་ལུམ་དང་འདྲ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༠༥ན༤ན། ལྕགས་ཀྱི་ཐོ་ལུམ་ཞེས་ཀྱང་བྲིས་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/8038  + (ཐུག་པའི་མིང་སྟེ། འཇམ་དང་དོན་འདྲའོ། །འདུལ་བ་ལུང་གཞི་༼ ང་པ ༽༡༧༥ན༥ལས། འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འཇམས་གསོལ་ཏོ། །ལྷ་སྦྱིན་གྱིས་ང་རྒྱལ་བསྐྱེད་ནས་བཅོམ་ལྡན་འདས་ཀྱིས་ཀྱང་གསོལ་ཏོ་ཞེས་མར་མ་ཞུ་བཞིན་དུ་ཐུག་པ་འཐུངས་པས། ཞེས་སོགས་གོང་འོག་ཀུན་ཏུ་ལན་མང་པོར་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/1633  + (ཐུགས་ཀའི་ས་བོན་ལ་བཟླ་རྒྱུའི་སྔགས་མགོ་གྱེན་བསྟན་ཟླུམ་པོར་བསྐོར་བར་འོད་ཟེར་འབར་བའི་རྣམ་པ་ཅན་ལ་དམིགས་ནས་སྔགས་བཟླ་བ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/2890  + (ཐུགས་དགྱེས་པར་བྱེད་པ། ཐུགས་དགོངས་དམ་པ་སྐོང་བར་བྱེད་པ།)
  • Dictionaries/sgom sde tshig mdzod chenmo/3632  + (ཐུགས་དམ་ཚིག་གི་ཕྱག་རྒྱ་དང་དོན་འདྲ། དེ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/13307  + (ཐུགས་མཉེས་པའམ་སེམས་དགའ་བའི་ཚིག རྗེའི་ལམ་རིཐུགས་མཉེས་པའམ་སེམས་དགའ་བའི་ཚིག རྗེའི་ལམ་རིམ་ཆེན་མོ་ལས། འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་ནི། ངན་ལས་ཐམས་ཅད་ཉམས་སུ་བླང་བ་ལའང་ཡི་མི་འཕྲིག་པར་བསྒྲུབ་པ་སྟེ། གཙང་དུ་ལོ་པཎ་ཀུན་ལ་གནས་རྫབ་གསེབ་ཅིག་བྱུང་བས་སྟོན་པས་ན་བཟའ་ཐམས་ཅད་གསིལ་ནས་རྫབ་རྣམས་ཕྱགས་ཏེ་ག་ནས་བྱུང་ཆ་མེད་པར་ས་དཀར་སྐམ་པོས་གཡོགས། ཇོ་བོའི་མདུན་ན་མཎྜལ་ཞིག་ཀྱང་གྲུབ་འདུག་པས། ཇོ་བོའི་ཞལ་ནས། ཨ་རེ་ཁྱོད་ལྟ་བུ་ཞིག་རྒྱ་གར་ནའང་ཡོད་གསུང་བ་ལྟ་བུའོ། །ཞེས་དང་། ཤར་བའི་ཞལ་ནས་ཀྱང༌། ཁྱིམ་པ་ལས་ཀས་བྲེལ་བའི་དུས་སུ་གོས་བཟང་བཟང་གྱོན་ལ་དེ་ན་ཕར་སོང་དང་རབ་ཏུ་བྱུང་བ་ཨ་རེ་སྐྱིད་སྙམ་ནས། མ་འོངས་པ་ན་རབ་བྱུང་གི་བག་ཆགས་འཇོག་གསུང་ངོ་། །ཞེས་གསུངས་སོ། །་གི་བག་ཆགས་འཇོག་གསུང་ངོ་། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/2906  + (ཐུགས་རྗེ་ཆེན་པོ།)
  • Dictionaries/sgom sde tshig mdzod chenmo/2904  + (ཐུགས་སྐྱོ་བ་དང་། སྐྱོ་ཤས་སྐྱེ་བ། ངེས་འབྱུང་བཅས་ཀྱི་དོན། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༣༢ལས། (སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་བརྗོད་པའི་སྐབས་ལས) ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོད་པ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/2915  + (ཐུང་བ་ནི་རིང་པོའི་ལྡོག་ཕྱོགས་དང༌། བསྟུང་བ་ནི་ཐུང་བར་བྱེད་པའམ་ཐུང་དུ་གཏོང་བའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/2916  + (ཐུན་གྱི་དངོས་གཞི། འདིའི་ངོ་བོ་ཞེས་པ་སྦྱོར་དངོས་མཇུག་གསུམ་གྱི་དངོས་གཞི་ལ་གོ་དགོས། ལམ་རིམ་གྱི་སྐབས་སུ། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །ཞེས་འབྱུང་བས་ཤེས་སོ། །)
  • Dictionaries/sgom sde tshig mdzod chenmo/12831  + (ཐུན་མོང་། དཔེར་ན་སྤྱི་མཐུན་གྱི་ལས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1751  + (ཐུན་མོང་གི་དངོས་གྲུབ་མིག་སྨན་དང་། རལ་གྲི་དང་། སྔགས་ཀྱི་དངོས་གྲུབ་སོགས་ལ་གྲུབ་པའི་རིག་པ་ཞེས་བྱ་ལ། དངོས་གྲུབ་དེ་ཐོབ་པ་ལ་གྲུབ་པའི་རིག་པ་འཛིན་པ་ཞེས་བྱའོ། །ཞེས་དབྱངས་ཅན་དགའ་བློ་གསུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/10695  + (ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཚོར་བ། མིག་ཤེས་འཁོར་གྱི་ཚོར་བ་ནས་ལུས་ཤེས་འཁོར་གྱི་ཚོར་བའི་བར་ལྔའོ། །ལུས་ཚོར་ལ་ལུས་ཤེས་འཁོར་གྱི་ཚོར་བ་ཡིན་པས་མ་ཁྱབ་པ་ཡང་དེས་ཤེས་སོ། །)
  • Dictionaries/sgom sde tshig mdzod chenmo/11723  + (ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཚོར་བ། དཔེར་ན་ཡིད་ཤེས་འཁོར་གྱི་ཚོར་བ་ལྟ་བུ། མིག་གི་རྣམ་ཤེས་ནས་ལུས་ཀྱི་རྣམ་ཤེས་སོགས་ལྔའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་ནི་སེམས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ཡིན་ཀྱང་སེམས་ཚོར་མིན་པས་ཞིབ་ཆ་དགོས་སོ། །)
  • Dictionaries/sgom sde tshig mdzod chenmo/12543  + (ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་དགུའི་ཡ་གྱལ་ཏེ། སྟོབས་བཅུ་ཡོད་དེ། གནས་དང་གནས་མིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་དྲན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སུ་ཡོད་པའི་ཕྱིར། སོ་སོའི་འགྲེལ་བཤད་ནི། དགེ་མི་དགེའི་ལས་ལས་འབྲས་བུ་བདེ་སྡུག་འབྱུང་བ་གནས་དང་དེ་ལས་ལྡོག་པ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་འབྲས་ཕྲ་ཞིང་ཕྲ་བ་མ་ལུས་པ་མངོན་སུམ་དུ་རྟོགས་པ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང༌། མངོན་མཐོ་ལ་མོས་པ་དང༌། ཐེག་པ་གསུམ་གྱི་ལམ་ལ་མོས་པ་སྣ་ཚོགས་མཁྱེན་པ་དང༌། འཇིག་རྟེན་གྱི་ཁམས་ཀྱི་རང་བཞིན་དུ་གནས་པ་དང༌། བསྒྲུབ་པ་ལས་གྱུར་པའི་རིགས་དུ་མ་མཁྱེན་པ་དང༌། དད་སོགས་ཀྱི་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། བསོད་ནམས་དང་མི་གཡོ་བའི་ལས་སོགས་མངོན་མཐོ་དང༌། ཐེག་པ་གསུམ་ལ་སོགས་པ་ངེས་ལེགས་ཐམས་ཅད་དུ་འགྲོ་བའི་ལམ་དང༌། དེ་ལས་ལྡོག་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་མཁྱེན་པ་དང༌། བསམ་གཏན་དང་རྣམ་ཐར་སོགས་ལ་སྙོམས་འཇུག་གི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་ལས་ངེས་པར་འབྱུང་བ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་དང༌། རང་དང་གཞན་གྱི་སྔོན་གྱི་གནས་ཚེ་རབས་སྔ་མ་མཐའ་དག་རྗེས་སུ་དྲན་པ་དང༌། སེམས་ཅན་མཐའ་དག་གི་སྐྱེ་གནས་མ་འོངས་པར་འཇུག་པའི་འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང༌། ཉན་རང་རྣམས་ཀྱི་ཉོན་སྒྲིབ་ཟད་པ་དང༌། སངས་རྒྱས་རྣམས་ཀྱི་དྲི་མ་མཐའ་དག་ཟད་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུའོ། །་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུའོ། །)
  • Dictionaries/sgom sde tshig mdzod chenmo/4857  + (ཐུབ་དབང་། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བཐུབ་དབང་། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་དང་བཞིའོ། །ལྷ་བཞི་པོ་འདི་ཇོ་བོས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་གནང་ནས། བཀའ་གདམས་ལྷ་བཞི་ཞེས་གྲགས་པ་འབྱུང་ངོ་། །བཀའ་གདམས་གླེགས་བམ་༼ ཀ ༽༣༢ལས། འདི་ནི་འབྲོམ་གྱི་ལྷ་བཞི་ཡིན། །ཨ་ཏི་ཤ་ཡིས་ལེགས་པར་གནང་། །ཞེས་གསུངས་པ་ལྟར་རོ། །བཀའ་གདམས་ལྷ་བཞི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ཉེར་མཁོ་འགའ་ཞིག་ཅེས་པ་༥ན༢ན་གསལ་ལོ། །་གསུང་ཉེར་མཁོ་འགའ་ཞིག་ཅེས་པ་༥ན༢ན་གསལ་ལོ། །)
  • Dictionaries/sgom sde tshig mdzod chenmo/4519  + (ཐུམ་བུའི་མིང་གི་རྣམ་གྲངས་སུ་མཚོ་ཊཱིཀ་གསུང༌། དཔེར་ན་སྨན་ཕྱེའི་ཐུམ་བུ་ལ་ཕྱེ་མའི་ཕུར་མའམ་ཕྱེ་མ་ཕུར་མ་དང༌། འབྲུའི་ཐུམ་བུ་ལ་འབྲུའི་ཕུར་མ་ཟེར་བ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4782  + (ཐུར་དུ་འདྲིལ་ནས་འགྲོ་ཚུལ་གྱི་མིང་སྟེ། དཔེར་ན་སྨྱུག་སྦུབས་ཕྲ་མོའི་ནང་སྲན་རིལ་འདྲིལ་ནས་འགྲོ་བ་ལྟར་རམ། ཡང་ན་སྐུད་པ་ལ་ཆུ་ཐིག་འཁྲིལ་ཏེ་འགྲོ་ཚུལ་ཞིག་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/8391  + (ཐུར་དུ་འཕྱངས་ནས་ཡོད་པའི་ཐག་པ། འཕྱང་འཕྲུལ་དུ་ཡོད་པའི་ཐག་པ། དཔྱང་ཐག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/7601  + (ཐུར་མ། ཤིང་གིས་བཟོས་པའི་ཐུར་མ། དཔེར་ན་ཕྱག་ངར་ཟ་ཐུར་སྐམ་པོ་བཞིན་དུ་རིད་རིད་པོ་སེང་སེང་པོར་གྱུར་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2948  + (ཐུར་རེ་དང་འདྲ། རྗེའི་རིམ་ལྔ་གསལ་སྒྲོན་ལས། ཉིན་པར་བྱ་བ་གང་ལ་འདུན་པ་དྲག་པོ་ཐུར་ཐུར་འོང་བ་དེ་ཕལ་ཆེར་རྨི་ལམ་དུ་ཡང་འོང་ངོ་། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3429  + (ཐེ་ཚོམ་གྱི་མིང་། མར་དཔྱང་བའི་ཐག་པ་དེ་ཕྱོགས་གང་ལ་ཡང་མ་རེག་པ་ལྟར་ཐེ་ཚོམ་ཡང་ཡུལ་གང་ལའང་མི་ཕྱོགས་པས་དེ་སྐད་ཅེས་བརྗོད་དོ། །ཞེས་དབྱངས་ཅན་དགའ་བློ་གསུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/7424  + (ཐེ་ཚོམ་གྱི་མིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༣བ༢ལས། ཁུངས་མེད་ཀྱི་ཚོམ་པ་བྱུང་བ་འདི་ནས་བཤད་ཀྱི་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2900  + (ཐེ་ཚོམ་གྱི་ཞེ་ས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༥༨བ༣ལས། རྩིས་སྐར་ནག་གི་དྲི་ལན་དུ་ཐུགས་ཚོམ་དཔྱད་བྱ་ལྟ་བུར་གནང་བ་བླུན་པོ་སྙིང་ཁམས་ཅན་འགས། ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4230  + (ཐེ་ཚོམ་དུ་གྱུར། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ན་གསལ།)
  • Dictionaries/sgom sde tshig mdzod chenmo/3889  + (ཐེ་ཚོམ་མམ་ཐེ་ཚོམ་ཟ་བ།)
  • Dictionaries/sgom sde tshig mdzod chenmo/1644  + (ཐེ་ཚོམ་མེད་པའམ། ཐེ་ཚོམ་ཆོད་པའི་དོན། གོར་མ་ཐེ་ཚོམ་མེད་པའམ། ཐེ་ཚོམ་ཆོད་པའི་དོན། གོར་མ་ནི་རྡོའི་མིང་ཡིན་པས། རྡོ་ཆག་པའམ་བཅག་པ་ཞེས་པའི་དོན་ཡིན་ཏེ། ལི་ཤིའི་གུར་ཁང་ལས། གོར་མ་རྡོ་སྟེ་རྡོ་བཅག་པའི་དོན། ཞེས་གསུངས་ཤིང་། ཐེ་ཚོམ་ཆོད་པའི་དོན་ཏེ། དེ་ཡང་ཐེ་ཚོམ་རྡོ་དང་དཔེ་སྦྱར་ནས་དེ་ཆག་པ་སྟེ་ཆོད་པ་ཡིན་པས་དེ་སྐད་ཅེས་བརྗོད་པར་སེམས་སོ། །ོད་པ་ཡིན་པས་དེ་སྐད་ཅེས་བརྗོད་པར་སེམས་སོ། །)
  • Dictionaries/sgom sde tshig mdzod chenmo/2970  + (ཐེག་ཆེན་གྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་སར་འགྲོ་བའི་གང་ཟག)
  • Dictionaries/sgom sde tshig mdzod chenmo/2660  + (ཐེག་ཆེན་གྱི་ལུགས་ལ། ཉོན་མོངས་ཀྱི་སྤྱོད་པ་དཐེག་ཆེན་གྱི་ལུགས་ལ། ཉོན་མོངས་ཀྱི་སྤྱོད་པ་དང་ཆོས་ཀྱི་སྒོ་དང་ཕར་ཕྱིན་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རེ་རེ་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པར་བཤད་ལ། དེ་དག་ཀྱང་མདོར་བསྡུས་པ་ཡིན་གྱི། ཞིབ་ཏུ་ཕྱེ་ན་དཔག་ཏུ་མེད་པར་བཤད་པའང་ཡོད་དོ། །མདོ་སྡེ་བསྐལ་བཟང་ལས། ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རིང་བསྲེལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་ཕར་ཕྱིན་དྲུག་ཚན་སུམ་བརྒྱ་ལྔ་བཅུ་བཤད་པ་དེ་སོ་སོར་ཕྱེ་ན་ཉིས་སྟོང་ཆིག་བརྒྱ་ཡོད་པ་འདོད་ཆགས་ལ་སྤྱོད་པ་དང༌། ཞེ་སྡང་ལ་སྤྱོད་པ་དང༌། གཏི་མུག་ལ་སྤྱོད་པ་དང༌། ཆ་མཉམ་ལ་སྤྱོད་པའི་གཉེན་པོར་ཕྱེ་བས་བརྒྱ་སྟོང་བཞི་བརྒྱའོ། །དེ་དག་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་ཚུལ་ནི། རྒྱ་ནག་གི་འགྲེལ་ཆེན་ལས། འདི་ཇི་ལྟར་བསྐལ་བ་བཟང་པོའི་མདོ་ལས། སྒོ་སུམ་བརྒྱ་ལྔ་བཅུ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་པ་དེས་ན་ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ཉིད་དུ་འགྱུར་ཏེ། གཉེན་པོ་དེ་དག་འབྱུང་བ་ཆེན་པོ་བཞི་དང་ཞེ་སྡང་དྲུག་གི་ནང་རབ་ཏུ་སྦྱར་བས་ཉིས་ཁྲི་ཆིག་སྟོང་དུ་འགྱུར་ལ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་རྣམ་པ་བཞིའི་གཉེན་པོའི་ཕྱིར་བརྒྱད་ཁྲི་བཞི་སྟོང་ཉིད་དུ་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་སོ། །དེས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་ཡང་རིགས་འདྲེ། མདོ་སྡེ་བསྐལ་བཟང་དུ་ཕར་ཕྱིན་ཉིས་སྟོང་ཆིག་བརྒྱ་གསལ་བར་བཤད་འདུག་པས་དེ་དག་གི་མི་མཐུན་ཕྱོགས་དང་སྦྱར་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་ངོས་འཛིན་རྒྱུ་ཡོད་པ་ལྟ་བུར་སྣང་ངོ༌། །ཞེས་དཔལ་ལྡན་ཆོས་རྗེའི་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དུ་གསུངས་སོ། །གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དུ་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/11978  + (ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/2099  + (ཐེག་དམན་གྱི་མྱང་འདས་སམ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་ལ་ཟེར། སྒྲ་བཤད་ནི། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྒྱུན་ཆད་པའམ་འཁོར་བ་རྒྱུན་ཆད་པའི་མྱང་འདས་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་། རྟག་པ་འཁོར་བ་དང་། ཆད་པ་མྱང་འདས་ཞེས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2550  + (ཐེག་པ་ཆུང་ངུ་དང་དོན་གཅིག སྒྲ་བཤད་ནི། ཉམས་ལཐེག་པ་ཆུང་ངུ་དང་དོན་གཅིག སྒྲ་བཤད་ནི། ཉམས་ལེན་གྱི་དུས་སུ་རྒྱུ་ཚོགས་མཐའ་ཡས་པ་ལ་མི་སློབ་པར་ཉི་ཚེ་བའམ་ཕྱོགས་རེ་བ་ཙམ་ལ་སློབ་པས་དེ་སྐད་ཅེས་བྱའོ། །རྗེའི་ལམ་རིམ་ཆེན་མོ་ལས། ཐེག་པ་ཆེ་ཆུང་ཡང་ཉམས་ལེན་གྱི་དུས་སུ་ཚོགས་མཐའ་ཡས་པ་ལ་སློབ་མི་སློབ་ཉིད་ཡིན་ཏེ། ཉི་ཚེ་བའི་ཐེག་པ་དང་ཐེག་པ་ཆུང་ངུ་གཉིས་མིང་གི་རྣམས་གྲངས་ཡིན་ལ་ཉི་ཚེ་བའི་དོན་ནི་ཕྱོགས་རེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11521  + (ཐེག་པ་ཆེན་པོ་སྤྱིའི་མིང་ངམ། མདོ་ལུགས་ཀྱི་ཐཐེག་པ་ཆེན་པོ་སྤྱིའི་མིང་ངམ། མདོ་ལུགས་ཀྱི་ཐེག་པ་ཆེན་པོའི་མིང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༦ན༥ལས། དང་པོར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབས། དེ་ལ་ལོབས་པ་ན་བསྐྱེད་རིམ་དང་། དེ་ལ་ལོབས་ན་རྫོགས་རིམ་ལ་སློབ་དགོས་པར་གསུངས་ཏེ། སངས་རྒྱས་ཀྱི་ཐེག་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའོ། །ག་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའོ། །)
  • Dictionaries/sgom sde tshig mdzod chenmo/12038  + (ཐེག་པ་ཆེན་པོའི་ཆོས་ལུགས་སམ། ཐེག་པ་ཆེན་པོའི་ཆོས།)
  • Dictionaries/sgom sde tshig mdzod chenmo/6813  + (ཐེག་པ་ཆེན་པོའི་བློ་སྦྱོང༌། སྒྲ་བཤད་ནི། དེའི་གདམས་པ་མཛེ་ནད་ཅན་མང་པོར་གནང་ནས་བསྒོམས་པས་ནད་ལས་གྲོལ་བས་མཛེ་ཆོས་སུ་གྲགས།)
  • Dictionaries/sgom sde tshig mdzod chenmo/6121  + (ཐེག་པ་ཆེན་པོའི་ལམ་ལ་བློ་འབྱོངས་པའི་རྟགས་ནི། དཔེར་ན་རྟ་རྩལ་ཅན་ཡེངས་པའི་ཚེ་རྟ་འདྲོགས་ཀྱང་མི་ལྟུང་བ་བཞིན་དུ། སེམས་ཡེངས་པ་ནའང༌། གཞན་གྱི་བརྡེག་འཚོག་ངན་སྨྲས་སོགས་ལ་ཁོང་ཁྲོ་དང་མི་དགའ་བ་སོགས་མེད་པ་ནི་བློ་འབྱོངས་པའི་རྟགས་སོ། །)
  • Dictionaries/sgom sde tshig mdzod chenmo/2969  + (ཐེག་པ་ཐུན་མོང་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/12331  + (ཐེག་པ་འདིའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་ཐེག་པ་འདིའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་དེས། ཕོ་མོ་གཉིས་ཀྱི་དབང་པོ་གཉིས་མཉམ་པར་སྦྱར་ནས་ཁམས་དཀར་དམར་གྱི་འདུ་འཕྲོད་བྱས་པ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་ནུས་པ་ཞིག་ཡིན་ལ། དེ་འདྲ་བའི་གང་ཟག་ནི། འཛམ་བུ་གླིང་པ་མ་གཏོགས་པའི་འགྲོ་བ་གཞན་ལ་མེད་པའི་ཕྱིར་ཏེ། གཟུགས་མེད་ཁམས་པའི་ལྷ་ལ་ནི། བཞིན་ལག་གི་རྣམ་པ་ཅན་གྱི་གཟུགས་མེད་པའི་ཕྱིར་དང་། གཟུགས་ཁམས་དང་འདོད་ལྷ་གོང་མ་ལ་ནི། གཟུགས་ཡོད་ཀྱང་ཕོ་མོའི་དབང་པོ་མེད་པའི་ཕྱིར་དང་། འདོད་ལྷ་འོག་མ་གཉིས་ལ་ཕོ་མོའི་དབང་པོ་ཡོད་ཀྱང་། མཚན་སྒོར་རླུང་ཉི་ཚེ་བ་དེ་རྒྱུ་བ་མ་གཏོགས་ཁམས་དཀར་དམར་གྱི་འདུ་འཕྲོད་མེད་པ་དང་། ངན་སོང་གསུམ་ལ་ཁམས་དཀར་དམར་གྱི་འདུ་འཕྲོའི་བདེ་བ་ཡོད་ཀྱང་། དེ་རྣམས་ཆོས་སྒྲུབ་པའི་རྟེན་དུ་མི་རུང་བ་དང་། གླིང་གཞན་གསུམ་གྱི་མི་ལ་ཁམས་དཀར་དམར་གྱི་འཕྲོ་འདུའི་བདེ་བ་ཡོད་ཀྱང་། དེ་རྣམས་ཚེ་སྔ་མར་བསགས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་མྱོང་བའི་ལོངས་སྤྱོད་ཀྱི་ས་པ་ཡིན་པའི་ཕྱིར་དང་། ཚེ་འདིར་ལམ་སྒོམ་པའི་འབྲས་བུ་ཚེ་འདིར་ཐོབ་པའི་ལས་ཀྱི་ས་པ་མ་ཡིན་པའི་ཕྱིར། འཛམ་བུ་གླིང་པའི་མི་ཉིད་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རྟེན་དུ་ངེས་སོ། །གས་ཀྱི་ལམ་ཉམས་སུ་ལེན་པའི་རྟེན་དུ་ངེས་སོ། །)
  • Dictionaries/sgom sde tshig mdzod chenmo/7808  + (ཐེག་མཆོག་འཁོར་ལོ་བཞི་དང་དོན་གཅིག དགེ་བ་འཕེཐེག་མཆོག་འཁོར་ལོ་བཞི་དང་དོན་གཅིག དགེ་བ་འཕེལ་བའི་ཡུལ་ན་གནས་པ། དགེ་བའི་བཤེས་གཉེན་ལ་བརྟེན་པ། བདག་ཉིད་ལས་དང་སྨོན་ལམ་བཟང་པོའི་འབྲས་བུར་ལུས་ངག་ཡིད་གསུམ་དགེ་བ་ལ་སྤྲོ་བཞིན་དུ་འཇུག་པ། ཚེ་སྔོན་མར་བསོད་ནམས་བགྱིས་པས་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་པ་སྟེ་བཞིའོ། །འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ཡང་ཁྱོད་ལ་མངའ། །ཞེས་གསུངས་པ་ལྟར་རོ། །་བཞི་ཡང་ཁྱོད་ལ་མངའ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2975  + (ཐེབས་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/5948  + (ཐེར་འབུམ་གཅིག (one billion: 1,000,000,000) དུང་འཕྱུར་བཅུ། བྱེ་བ་ཕྲག་བརྒྱ་རྣམས་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/627  + (ཐེར་འབུམ་ཆེན་པོ་བཅུ་ལ་ཟེར། ཞིབ་པར་བྱེ་བ་ཁྲག་ཁྲིག་ཅེས་པའི་ཐད་དུ་གཟིགས།)