Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "རྩ་ཕྲ་མོའམ། རྩ་ལམ་ཕྲ་མོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/4935  + (རྨི་ལམ་གྱི་ལུས། རྨི་ལམ་གྱི་རི་ར་བ་ཁང་ཁྱིམ་རྣམས་ལྟ་བུ། སྒྲ་བཤད་ནི། བག་ཆགས་སད་སྟོབས་ཀྱིས་བྱུང་བའི་ལུས་ཡིན་པས་བག་ཆགས་ཀྱི་ལུས་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/10205  + (རྨི་ལམ་ངན་པ་བཟློག་ཐབས་རྣམ་པ་བདུན་ཏེ། ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པ། མཁའ་འགྲོ་ལ་གཏོར་མ་སྦྱིན་པ། སྲུང་འཁོར་སྒོམ་པ། བཟླས་པ་བྱེད་པ། གོ་ཆའི་སྔགས་འགོད་པ། ལྷ་ལ་གསོལ་བ་འདེབས་པ། སྦྱིན་སྲེག་དང་བདུན་ནོ། །)
  • Dictionaries/sgom sde tshig mdzod chenmo/10209  + (རྨི་ལམ་ཐིག་པོ། འདུལ་བ་ལུང་གཞི་༼ ང་པ ༽༢༤༦བ༦ལས། དེའི་ཚེ་དེའི་དུས་ཀྱི་སྤྲེའུའི་ཚོགས་ཀྱི་དཔོན་པོ་རྨི་ལམ་རྣོ་བ་གང་ཡིན་པ་དེ་ནི་ང་ཡིན་ནོ། །ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10208  + (རྨི་ལམ་ཟིན་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/788  + (རྨི་ལམ། རྨྱིད་ལམ། (ཡིག་རྙིང་རྣམས་སུ་རྨི་ལམ་ལ་རྨྱི་ལམ་ཞེས་བྲིས་སྣང་། གཞན་ཡང་མེད་ལ། མྱེད། མི་ལ། མྱི། ཞེས་པ་ལྟ་བུས་མཚོན་ནོ) མནལ་ལམ། རྨང་ལམ། གཟིག་ལམ། (རྨི་ལམ་གྱི་ཞེ་སར་གཟིག་ལམ་ཟེར) གཟིགས་ལམ་རྣམས་དོན་གཅིག ཡིག་རྙིང་རྣམས་སུ་གཉིད་ལམ་ལ་རྨྱི་ལམ་ཞེས་འབྲི་བར་སེམས།)
  • Dictionaries/sgom sde tshig mdzod chenmo/10213  + (རྨིག་པ་ཁ་གཉིས་སུ་གྱེས་པ། བ་ཕྱུགས་དང་མ་ཧེ་སོགས་ཀྱི་རྨིག་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10215  + (རྨིག་པ་ཁ་གྱེས་པ་མིན་པར་ཟླུམ་པོར་ཡོད་པ། རྟ་དང་བོང་བུའི་རྨིག་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10214  + (རྨིག་པ་ཟླུམ་པོ་དང་འདྲ། རྟོག་གེ་འབར་བ་ལས། ཐལ་ཁུང་ན་འགྲེ་བ་དང༌། དུ་བའི་ཁ་དོག་དང༌། སྒྲ་བོ་ཆེ་དང༌། རྨིག་པ་གཅིག་པ་དང༌། རྣ་བ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བོང་བུའི་བདག་ཉིད་ཞེས་སོགས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3694  + (རྨུ་ཐག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/3697  + (རྨུ་སྐས་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/160  + (རྨུགས་པ་དང། གཉིད། རྒོད་པ། འགྱོད་པ། ཕྲག་དོག སེར་སྣ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཆབ་པའོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ལས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/13020  + (རྨེའུ་ཟན་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10238  + (རྨོང་སྤུ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10234  + (རྨོང་སྤུ་དང་འདྲ། འོན་ཀྱང་རྨོང་ཟེ་ཞེས་པ་བུད་མེད་ཀྱི་རྨོང་སྤུ་ལ་ཤས་ཆེར་བེད་སྤྱོད་བྱེད།)
  • Dictionaries/sgom sde tshig mdzod chenmo/10243  + (རྨོད་རྒྱག་བྱེད་ཀྱི་གླང་གོག)
  • Dictionaries/sgom sde tshig mdzod chenmo/10239  + (རྨོས་གླང་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/125  + (རྩ་ཀུ་ཤའི་འབྱུང་གནས།)
  • Dictionaries/sgom sde tshig mdzod chenmo/10301  + (རྩ་གསུམ་འཁོར་ལོ་བཞིའམ་དྲུག་གསལ་བཏབ་ནས། དེ་རྩ་གསུམ་འཁོར་ལོ་བཞིའམ་དྲུག་གསལ་བཏབ་ནས། དེ་ལ་གསལ་སྣང་འདོན་པ་རྩའི་རྣལ་འབྱོར། རླུང་བུམ་པ་ཅན་ནམ། ངག་དབེན་གྱི་སྐབས་ལྟ་བུར་རྡོ་རྗེ་བཟླས་པ་སོགས་བསྒོམ་པ་རླུང་གི་རྣལ་འབྱོར། གདོང་དང༌། མགྲིན་པ། སྙིང་ག ལྟེ་བ། གསང་གནས། ནོར་བུའི་དབུས་ཀྱི་ཐིག་ལེ་བཅས་ལ་གནད་དུ་བསྣུན་ནས་བསྒོམ་པ་ཐིག་ལེའི་རྣལ་འབྱོར་རོ། །་བསྣུན་ནས་བསྒོམ་པ་ཐིག་ལེའི་རྣལ་འབྱོར་རོ། །)
  • Dictionaries/sgom sde tshig mdzod chenmo/10260  + (རྩ་དབུ་མ་ཁ་ཕྱེ་བའི་དོན། དེ་སྐོར་ཞིབ་པ་རྗེའི་ཞལ་ཤེས་གནད་ཀྱི་ཐིམ་ཡིག་ཟིན་བྲིས་དང་མཁས་གྲུབ་ཆོས་རྗེའི་གསང་འདུས་ཡིག་ཆུང་ཉེར་གཅིག་སོགས་ལས་ཤེས་པར་བྱའོ། །)
  • Dictionaries/sgom sde tshig mdzod chenmo/10250  + (རྩ་དབུ་མའི་མར་སྣ་ཁ་བྱེ་བའི་དོན། དེ་ཡང་རྣལ་རྩ་དབུ་མའི་མར་སྣ་ཁ་བྱེ་བའི་དོན། དེ་ཡང་རྣལ་འབྱོར་པས་རོ་འཛིན་དང་སོར་མོ་རིང་པོ་གསུམ་སྦྲུལ་གྱི་མགོ་ལྟར་བྱས་ནས་ཕྱག་རྒྱ་མའི་བྱ་རོག་གདོང་ཡང་དང་ཡང་དུ་བསྐུལ་བའམ་དྲུད་པས་སྙིང་འདར་བ་དང༌། དགའ་བས་མྱོས་ཤིང་བྱང་སེམས་ཀྱི་རྒྱུན་ཕྲ་མོ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ། བ་སྤུ་ལངས་ཤིང་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་དང་ནུ་མ་ནུ་བར་འགྱུར་ཞིང་སིད་སྒྲ་སྒྲོག་པ་རྣམས་ཡིན་ལ། དེ་རྣམས་ནི་སོར་མོ་དང་ལྕེས་བསྐུལ་བའི་རྩ་ཁ་བྱེ་བའི་རྟགས་ཡིན་ནོ། །རྗེའི་ཞལ་ཤེས་ལས་འབྱུང་བ་ལ་གཞི་བྱས་ཏེ་བཀོད། སྤྱིར་བཏང་རྩ་ཁ་བྱེ་བ་ཙམ་ནི་ཐ་མལ་པའི་ཆགས་པ་ཧ་ཅང་རྒྱས་པ་ལའང་འོང་བ་ཡིན་ནམ་སྙམ་མོ་དཔྱད།་ཧ་ཅང་རྒྱས་པ་ལའང་འོང་བ་ཡིན་ནམ་སྙམ་མོ་དཔྱད།)
  • Dictionaries/sgom sde tshig mdzod chenmo/224  + (རྩ་དབུ་མའི་མིང་། སྒྲ་བཤད་ནི། གཟུང་བ་འཛིན་པའི་རྣམ་རྟོག་ཀུན་རྣམ་པར་སྤངས་པས་ན་ཀུན་སྤངས་པ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/202  + (རྩ་དབུ་མའི་མིང་གི་རྣམ་གྲངས་ཤིག ཀུན་འདར་མ། ཀུན་སྤངས་མ། རྩ་དབུ་མ་རྣམས་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/7265  + (རྩ་དབུ་མའི་མིང༌།)
  • Dictionaries/sgom sde tshig mdzod chenmo/10262  + (རྩ་དབུ་མའི་ཡར་སྣེ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10458  + (རྩ་དབུ་མའི་ཡར་སྣེ་མར་སྣེ་གཉིས། རྩ་འཁོར་དྲུརྩ་དབུ་མའི་ཡར་སྣེ་མར་སྣེ་གཉིས། རྩ་འཁོར་དྲུག་གི་དབུས་དང་བརྒྱད། དེའི་སྟེང་དཔྲལ་བ་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང༌། མགྲིན་པ་དང་སྙིང་ཁའི་བར་དུ་མེ་ཡི་འཁོར་ལོ་འདབ་མ་གསུམ་པ་སྟེ་བཅུའོ། །དབུ་མའི་ཡར་སྣེ་བྱེ་ན་བདེ་བ་ལ་ཁྱད་ཆེ་བ་དང༌། མར་སྣེ་བྱེ་ན་གཏུམ་མོ་འབར་བ་ལ་ཁྱད་ཆེ་བར། རྗེའི་རིམ་ལྔ་གདན་རྫོགས་སུ་གསུངས་སོ། །་བར། རྗེའི་རིམ་ལྔ་གདན་རྫོགས་སུ་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/6239  + (རྩ་བ་དང་ཡན་ལག རྩ་ལག་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/4141  + (རྩ་བ་དང་ཡན་ལག་གི་རླུང་བཅུ་མཚོན།)
  • Dictionaries/sgom sde tshig mdzod chenmo/2069  + (རྩ་བ་དང་ཡན་ལག་ཅེས་པའི་དོན། སྒྲ་བཤད་ནི། ཆ་ནི་འདིར་ཆ་ཅན་ཞེས་པའི་ཚིག་བསྡུས་པ་སྟེ་རྩ་བའི་དོན་དང་། ལག་ནི་ཡན་ལག་གོ།)
  • Dictionaries/sgom sde tshig mdzod chenmo/10300  + (རྩ་བ་དང་རྩེ་མོའི་བསྡུས་ཚིག གཟུངས་འབུལ་ཤེལ་དཀར་མེ་ལོང་ལས། སྲོག་ཤིང་རྒྱུ་ཙན་དན་དཀར་དམར་ཤུག་པ་སོགས། དབྱིབས་གྲུ་བཞི་འམ་ཟླུམ་པོ། །རིང་ཐུང་རྟེན་དང་འཚམས་པ་རྩ་རྩེ་མ་ལོག་པ་ལ་སྲོག་ཤིང་བརྟེན་པའི་སྔགས་ཅི་མང་འབྲི་བའམ་དཀྲི། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/4059  + (རྩ་བ་ནས་བཏོན་པ། དཔེར་ན་སྡུག་བསྔལ་དྲུངས་ནས་ཕྱུང་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9005  + (རྩ་བ་རང་གིས་བརྩམས་ནས་དེའི་འགྲེལ་པའང་རང་གིས་བརྩམས་པའི་འགྲེལ་པ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/9208  + (རྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ་པརྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་དང་དྲུག་གོ། བུ་སྟོན་རིན་པོ་ཆེས། སྟོང་ཉིད་བདུན་ཅུ་པ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་འཐག ཐ་སྙད་གྲུབ་པ་དང་དྲུག་ཏུ་བཞེད། ཡང་འགའ་ཞིག་གིས་ག་ལས་འཇིགས་མེད་བསྣན་ནས་དྲུག་ཏུ་བཞེད། (དོགས་གཅོད) དགེ་ལྡན་པའི་ཕྱོགས་ལ་རིགས་ཚོགས་དྲུག་གི་ཐ་སྙད་རླུང་ལྟར་གྲགས་ཀྱང༌། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་ཕྲེང༌། ལེགས་བཤད་སྙིང་པོ། འཇུག་པའི་ཊཱིཀ་ཆེན། ལམ་རིམ་ཆེ་ཆུང༌། སྔགས་རིམ་ཆེན་མོ། རིམ་ལྔ་གསལ་སྒྲོན་སོགས་སུ་ནི་རིགས་ཚོགས་དྲུག་གི་ཐ་སྙད་མ་མཐོང་ཞིང༌། ལྷག་པར་གསེར་ཕྲེང་ལས་ནི་རིགས་ཚོགས་དྲུག་གི་ཐ་སྙད་འགོག་པར་མཛད་དེ། དེ་ཉིད་ལས། དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་དང་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་དབུ་མ་རྩ་བ། དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་ལྔའོ། །འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་འཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང༌། ཞེས་གསུངས་སོ། །འོ་ན་གསེར་ཕྲེང་གི་ལུང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་པོའི་སྤྱི་དོན་དུ་དྲངས་པ་ན་འདུག་སྙམ་ན། དེ་ནི་ཡི་གེ་མ་དག་པ་ཡིན་ཏེ། གསེར་ཕྲེང་ལས། དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང༌། ཞེས་པ་ཙམ་ལས་དྲུག་ཅེས་གསུངས་པ་མེད་དོ། །འོན་ཀྱང་རྗེའི་རྩ་ཤེ་ཊཱིཀ་ཆེན་དུ་རིགས་ཚོགས་དྲུག་གི་ཐ་སྙད་གསུངས་ཏེ། རྩ་ཊཱིཀ་ཆེན་མོ་༥ན༢ལས། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ་སྟོང་ཉིད་བདུན་ཅུ་པ་རྩོད་ཟློག་རིགས་པ་དྲུག་ཅུ་པ་ཞིབ་མོ་རྣམ་འཐག་རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །ཞེས་གསུངས་སོ། །སྒྲ་བཤད་ནི། ཟབ་མོ་དབུ་མའི་དོན་རིགས་པ་མང་པོས་གཏན་ལ་ཕབ་པས་ན་རིགས་ཚོགས་ཀྱི་ཐ་སྙད་བྱེད་དོ། །ཀློང་རྡོལ་བླ་མའི་གསུམ་འབུམ་པོད་དང་པོ་༤༣༢ལས། རིགས་ཚོགས་ལྔའི་སྟེང་དུ། རིན་ཆེན་ཕྲེང་བ་སྟེ་རིགས་ཚོགས་དྲུག་གོ། ཞེས་རེས་མདའ་བ་དང་ཙོང་ཁ་པ་ཡབ་སྲས་ཀྱིས་བཞེད་དོ། །ཞེས་དང༌། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྟོད་ཆ་༤༠༥ལས། ཁུ་ལོ་ཙཱ་བ་སོགས་སྔ་རབས་པ་རྣམས་རིགས་ཚོགས་ལྔའི་སྟེང་དུ་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པ་ལ། རྗེ་རིན་པོ་ཆེ་སོགས་གཞུང་དེ་འདྲ་ཡོད་ན་ཚིག་གསལ་དུ་མ་དྲངས་པ་དང༌། འཕགས་པའི་དངོས་སློབ་རྣམས་ཀྱིས་དྲང་རིགས་པ་ལ་གང་དུའང་མ་དྲངས་པས་རིན་ཆེན་ཕྲེང་བ་བསྣན་ཏེ་རིགས་ཚོགས་དྲུག་ཡིན་གསུངས། ཞེས་གསུངས། རྗེ་དགེ་འདུན་གྲུབ་པའི་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ཤོག་གྲངས་༡༦བ་ན། རིགས་ཚོགས་དྲུག་ལ་དབུ་མ་རིན་ཆེན་ཕྲེང་བ་བགྲང་ལ། ཐ་སྙད་གྲུབ་པ་མི་བགྲང་བའི་རྒྱུ་མཚན་རྒྱས་པར་གསུངས་ཡོད་དོ། །་བགྲང་བའི་རྒྱུ་མཚན་རྒྱས་པར་གསུངས་ཡོད་དོ། །)
  • Dictionaries/sgom sde tshig mdzod chenmo/10251  + (རྩ་བའམ་ཐོག་མའི་འབྱུང་ཁུངས། དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ་༢༣ལས། སྟག་རྩེའི་ཟ་ཧོར་རྒྱུད་པ་ནི། རྒྱ་གར་ཡུལ་གྱི་ཟ་ཧོར་མིན་ཞེས་རྒྱ་ནག་ཏུ་ཟ་ཧོར་ཟུར་པ་ཞིག་ཡོད་ཁུལ་བྱས་སྣང་བ་གཉིས་ཀ་རྩ་ཁུངས་མ་ཆོད་པའི་རྨོངས་གཏམ་ཁོ་ནར་ཟད་དེ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/285  + (རྩ་བའི་རྒྱུད་བརྟག་པ་གཉིས་པ། (རྒྱུད་བརྟག་པ་རྩ་བའི་རྒྱུད་བརྟག་པ་གཉིས་པ། (རྒྱུད་བརྟག་པ་གཉིས་པ་འདི་ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་བོད་དུ་མ་འགྱུར་བ་ཞིག་ཡོད་པ། དེ་ལས་ཕྱུང་པར་མཁས་པ་འགའ་གསུང) བཤད་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་མ་རྡོ་རྗེ་གུར། རྒྱུད་མང་པོའི་བཤད་རྒྱུད་ཐུན་མོང་བ་དཔལ་སམྦུ་ཊ་རྒྱུད་ཕྱི་མ་དང་བཅས་པ་རྣམས་སོ། །ཤཱཀྱ་ཡེ་ཤེས་ཀྱི་འགྱུར།་དང་བཅས་པ་རྣམས་སོ། །ཤཱཀྱ་ཡེ་ཤེས་ཀྱི་འགྱུར།)
  • Dictionaries/sgom sde tshig mdzod chenmo/10265  + (རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་བཅུའོ། །སྲོག་འཛིན། ཐུར་སེལ། མེ་མཉམ། གྱེན་རྒྱུ། ཁྱབ་བྱེད་ཀྱི་རླུང་ལྔ་སྟེ་རྩ་བའི་རླུང་ལྔ་དང༌། ཀླུའི་རླུང༌། རུས་སྦལ་གྱི་རླུང༌། རྩངས་པའི་རླུང༌། ལྷས་སྦྱིན་གྱི་རླུང༌། ནོར་ལས་རྒྱལ་ལམ་གཞུ་ལས་རྒྱལ་གྱི་རླུང་སྟེ་བཅུའོ། །)
  • Dictionaries/sgom sde tshig mdzod chenmo/558  + (རྩ་བའི་རླུང་ལྔའི་ཡ་གྱལ་ཏེ། ལུས་ཀྱི་ཚིགས་ཐམས་ཅད་ལ་གནས་ཤིང་། བྱེད་ལས་འགྲོ་འོང་བརྐྱང་བསྐུམ་སོགས་བྱེད་པའི་རླུང་ཞིག སྒྲ་བཤད་ནི། ལུས་ཀྱི་ཚིགས་ཐམས་ཅད་ལ་ཁྱབ་པས་ན་ཁྱབ་བྱེད་ཅེས་བྱའོ། །རྒྱུད་རྡོ་རྗེ་འཕྲེང་བ་ལས། ཁྱབ་བྱེད་ཡན་ལག་ཀུན་ལ་ཁྱབ། །ཅེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/12306  + (རྩ་ཚིག་མ་བྱུང་བའི་གོང་དུ་དེའི་དོན་སྔར་བླངསརྩ་ཚིག་མ་བྱུང་བའི་གོང་དུ་དེའི་དོན་སྔར་བླངས་ནས་འགྲེལ་བཤད་བྱེད་པ་ལ་སྔ་འགྲེལ་དང་། ཡོངས་གྲགས་ལྟར་རྩ་བའི་ཚིག་གི་རྗེས་སུ་དེའི་དོན་འགྲེལ་བ་ལ་ཕྱི་འགྲེལ་ཞེས་བྱའོ། །རྗེའི་ལེགས་བཤད་གསེར་ཕྲེང་ལས། རྩ་བ་དེའི་སྔར་དང་རྗེས་སུ་དེའི་དོན་བླངས་ནས་འགྲེལ་བ་ནི་སྔ་འགྲེལ་དང་ཕྱི་འགྲེལ་གྱི་དོན་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ྲེལ་གྱི་དོན་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/9434  + (རྩ་རྐྱང་མ་དང་དོན་འདྲ། རྩ་རྐྱང་མ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/6900  + (རྩ་རྐྱང་མ་ལས་སྐྱེས་པའི་རྩ་ཞིག་སྟེ། རྩ་ཉེར་བཞིའི་ནང་ཚན་ནོ། །སྒྲ་བཤད་ནི། རྡོ་རྗེ་གསུམ་མི་ཕྱེད་པས་ན་མི་ཕྱེད་མ་ཞེས་བྱའོ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ལ་གཞི་བྱས།)
  • Dictionaries/sgom sde tshig mdzod chenmo/5387  + (རྩ་རྒྱུད་དེ་དང་དེར་མི་གསལ་བ་གསལ་བར་བྱེད་པ་རྩ་རྒྱུད་དེ་དང་དེར་མི་གསལ་བ་གསལ་བར་བྱེད་པ་དང༌། མ་ཚང་བ་ཁ་སྐོང་བ་དང༌། མདོར་བསྡུས་པ་རྒྱས་པར་འཆད་པ་དང༌། རྣམ་གྲངས་གཞན་ཡང་སྟོན་པ་དང༌། ཚིག་དོན་ཞིབ་པར་འཆད་པ་སོགས་ཀྱི་སྒོ་ནས་རང་གི་རྩ་རྒྱུད་དེའི་འགྲེལ་པ་ལྟ་བུར་གནས་པའི་རྒྱུད་ལ་ཟེར། དཔེར་ན་གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང༌། བདེ་མཆོག་གི་བཤད་རྒྱུད་མངོན་བརྗོད་བླ་མ་ལ་སོགས་པ་ལྟ་བུའོ། །ཞེས་མཁས་གྲུབ་ཆོས་རྗེ་གསུང༌།གས་པ་ལྟ་བུའོ། །ཞེས་མཁས་གྲུབ་ཆོས་རྗེ་གསུང༌།)
  • Dictionaries/sgom sde tshig mdzod chenmo/5607  + (རྩ་རྒྱུད་ལ་རྒྱས་བསྡུས་གཉིས་ཡོད་པའི་རྩ་རྒྱུརྩ་རྒྱུད་ལ་རྒྱས་བསྡུས་གཉིས་ཡོད་པའི་རྩ་རྒྱུད་བསྡུས་པ་ལ་བསྡུས་རྒྱུད་ཟེར། དེ་ལ་ཉུང་ངུའི་རྒྱུད་ཅེས་ཀྱང་བྱའོ། །སྤྱིར་རྩ་རྒྱུད་ལ་དབྱེ་ན། རྒྱུད་རྒྱས་པ་དང་། ཉུང་ངུའི་རྒྱུད་དམ་བསྡུས་རྒྱུད་གཉིས་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། འདིར་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་དང་བཤད་པའི་རྒྱུད་ཅེས་གྲགས་པའི་དོན་གང་ཡིན་སྙམ་ན། རྩ་བའི་རྒྱུད་ཀྱི་དབྱེ་བ་ནི་རྒྱུད་རྒྱས་པ་དང༌། ཉུང་ངུའི་རྒྱུད་དམ་བསྡུས་པའི་རྒྱུད་ཅེས་པ་གཉིས་ཡིན་ཏེ། དང་པོར་རྒྱུད་ཤིན་ཏུ་རྒྱས་པར་གསུངས་པ་ཕྱིས་ཀྱི་གདུལ་བྱ་སྔ་མ་ལ་བལྟོས་ན་ཚེ་དང་ཤེས་རབ་སོགས་དམན་པས་བདེ་བླག་ཏུ་ཁོང་དུ་ཆུད་མི་ནུས་པའི་དོན་དུ་སྔ་མ་ལས་བསྡུས་ནས་བསྟན་པའོ། །དེ་གཉིས་ནི་རྒྱུད་ཀྱི་ཚིག་རྒྱས་བསྡུས་ཀྱི་དབྱེ་བ་ཙམ་མ་གཏོགས་པ་གཉིས་ཀ་རྩ་རྒྱུད་ཡིན་པས་སྔ་མ་ཕྱི་མའི་རྩ་རྒྱུད་དུ་འགྲོ་བ་མིན་ནོ། །ཞེས་གསུངས་པ་ལྟར་རོ། །ད་དུ་འགྲོ་བ་མིན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3085  + (རྩ་རྒྱུད་ལས་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་འབྱུང་བའི་དོན་ནི། དཀྱིལ་འཁོར་ནི་སྙིང་པོ་ལེན་ཞིང་འཛིན་པ་ཡིན་པས་སྙིང་པོ་ལེན་པའི་མཆོག་བཤད་དུ་གསོལ། ཞེས་པའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/9645  + (རྩ་རྒྱུད་ལས་ཕྱིས་གསུངས་པའི་རྒྱུད་ཅིག་ལ། རྒརྩ་རྒྱུད་ལས་ཕྱིས་གསུངས་པའི་རྒྱུད་ཅིག་ལ། རྒྱུད་ཕྱི་མ་ཟེར་བ་འདྲའོ། །དཔེར་ན་གསང་འདུས་ལེའུ་བཅོ་བརྒྱད་པ་ལྟ་བུའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལྟར་མི་འཇོག་ན་ནི་རྒྱུད་ཕྱི་མའི་འཇོག་མཚམས་གང་ནས་ཡིན་སྨོས་ཤིག་ཅེ་ན། རྒྱུད་ཕྱི་མར་སྤྱིར་འཇོག་ཚུལ་མང་ཡང༌། འདིར་འདུས་པའི་རྒྱུད་ཕྱི་མར་འཇོག་ཚུལ་བཤད་པར་བྱའོ། །དེ་ལ་ལེའུ་བཅོ་བརྒྱད་པ་འདི་འདུས་པའི་རྒྱུད་ཀྱང་ཡིན་ལ། འདུས་པའི་རྩ་བའི་རྒྱུད་ལས་ཕྱིས་གསུངས་ཤིང༌། རྩ་རྒྱུད་ལེའུ་བཅུ་བདུན་པོ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དང་ལེའུ་སོ་སོའི་དོན་དཀའ་ཞིང་སྦས་པ་རྣམས་གསལ་བར་འབྱེད་པས་འདུས་པ་ཕྱི་མ་ཞེས་ཟེར་བས། རྩ་རྒྱུད་ཀྱི་ལེའུ་ཕྱི་མ་རྣམས་ལེའུ་སྔ་མའི་རྒྱུད་ཕྱི་མར་འགྱུར་བའི་སྐྱོན་མེད་དོ། །འདུས་པའི་བཤད་རྒྱུད་དུ་འཕགས་པ་ཡབ་སྲས་ཀྱིས་དངོས་སུ་གསུངས་པ་ནི་ལྔ་སྟེ། རིམ་ལྔ་ལས་ལྷ་མོ་བཞིས་ཞུས་དང༌། དགོངས་པ་ལུང་སྟོན་དང༌། རྡོ་རྗེ་འཕྲེང་བ་བཤད་རྒྱུད་དུ་གསུངས་ལ། སྤྱོད་བསྡུས་ལས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱང་བཤད་རྒྱུད་དུ་གསུངས་ཤིང༌། སྒྲོན་གསལ་ལས་གླེང་གཞིའི་ཡི་གེ་དང་པོ་གཉིས་འཆད་པ་ན་ལྷའི་དབང་པོས་ཞུས་པའི་ཁུངས་དངོས་སུ་སྨོས་ཤིང༌། དེ་ནས་དེའི་ལྷག་མ་རྣམས་འཆད་པ་ན་བཤད་པའི་རྒྱུད་ལས་ཞེས་གསུངས་པ་ནི་སྔ་མ་ཉིད་དུ་སྣང་བས། ལྷའི་དབང་པོས་ཞུས་པ་བཤད་རྒྱུད་དུ་གསུངས་ཏེ་འདི་མ་འགྱུར་རོ། །ཡབ་སྲས་རྣམས་ཀྱིས་ལེའུ་བཅོ་བརྒྱད་པ་རྒྱུད་ཕྱི་མར་གསུངས་པ་མ་གཏོགས་པ་བཤད་རྒྱུད་དུ་གསལ་བར་གསུངས་པ་མི་སྣང་ཡང༌། ཐ་ག་ན་དང་རྒྱལ་བས་བྱིན་གྱིས་རྩ་རྒྱུད་ཀྱི་བཤད་པར་འདོད་པ་ལྟར་བཤད་རྒྱུད་དུ་འདོད་པར་བྱའོ། །ཞེས་གསུངས་སོ། །ཤད་རྒྱུད་དུ་འདོད་པར་བྱའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/1343  + (རྩ་རླུང་ཐིག་ལེའི་ནང་ཚན་གྱི་རླུང༌། སྒྲ་བཤད་ནི། གཡོ་བ་ནི་འདིར་བརྟེན་པ་ལ་ཟེར་ཏེ། ལུས་ཀྱི་རྩ་ནི་རྟེན་དང་རླུང་ནི་གཡོ་བ་སྟེ་བརྟེན་པ་ཡིན་པའི་ཕྱིར་རོ། །དཔེར་ན་སྣོད་བཅུད་ཀྱི་འཇིག་རྟེན་ལ་རྟེན་གཡོ་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/10688  + (རྩ་རླུང་ཐིག་ལྟ་བུའི་ལུས་ཕྲ་བ་རྣམས་ལ་ཟེར། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་དཀར་དམར་ལྟ་བུ། གྲུབ་མཐའ་ལ་མ་སྦྱངས་པའི་འཇིག་རྟེན་རང་དགའ་བ་རྣམས་ཀྱི་བློའི་སྤྱོད་ཡུལ་མིན་པས་ན་ཕྲ་བའོ། །)
  • Dictionaries/sgom sde tshig mdzod chenmo/10303  + (རྩ་ལམ་རྣག་ཁྲག་ཆུ་སེར་ནད་ཚང་ཚིང་ལྗན་ལྗིན་སོརྩ་ལམ་རྣག་ཁྲག་ཆུ་སེར་ནད་ཚང་ཚིང་ལྗན་ལྗིན་སོགས་ཀྱིས་འགགས་པ་སེལ་བའི་རྫོགས་རིམ་གྱི་རྣལ་འབྱོར་ཞིག དེ་བསྒོམ་པའི་ཚུལ་ནི། རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་བླ་མ་ཡི་དམ་ངོ་བོ་དབྱེར་མེད་ཀྱི་ཐིག་ལེ་དཀར་དམར་སྲན་མ་འབྲིང་པོའམ། ཡུངས་འབྲུ་ཙམ་སྙིང་གར་ཡོད་པ་དེས་སྤྱི་བོའི་རྩ་འཁོར་ཆགས་ལུགས་སོགས་ལ་བལྟ་བར་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས་འོད་ཀྱི་གོང་བུར་འདྲིལ་ནས་དབུ་མའི་ནང་བརྒྱུད་དེ་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་སོང༌། ལུས་དང་དེ་ལ་བརྟེན་པའི་རྩ་རླུང་ཐིག་ལེའི་གནས་ཚུལ་སྤྱི་དང༌། ཁྱད་པར་སྤྱི་བོའི་རྩ་འཁོར་གྱི་གནས་ཚུལ་ལ་བལྟ་རྟོག་དང་དཔྱད་པ་བྱས་པས་གསལ་བར་མཐོང༌། ཞིབ་ཏུ་དཔྱོད་པའི་ཕྱིར་ཤར་གྱི་རྩ་འདབ་ཀྱི་སྐྱོན་སྦྱང་བར་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས། དེའི་རྩེ་མོའི་བར་ཕྲི་ལི་ལི་འདྲིལ་ནས་རྩེ་མོར་སླེབས་པ་ན་ཅུང་ཟད་བསྡད། སླར་ཡང་དབུས་སུ་འོང་ནས་ངལ་བསོས། དེ་འདྲ་ཡང་ཡང་བྱས་པས་ཤར་གྱི་རྩ་ཆད་པ་མཐུད། ཡོ་བ་བསྲངས། ཞར་བ་བསལ། འཁུམ་པ་རེངས། རྣག་ཁྲག་ཆུ་སེར་ནད་ཚང་ཚིང་ལྗན་ལྗིན་སོགས་འགགས་པ་བསལ། གྱོང་བ་མཉེན། ཁུམ་པ་ཐར་བཅད་ནས་ཆུ་ཤིང་གི་སྡོང་པོ་ལྟར་འདྲོང་བར་བྱས་ཏེ་རྩ་འདབ་ནས་རླུང་ཅི་ལྟར་བསྡུ་འདོད་ཀྱང་ཚེགས་མེད་པར་བསྡུས་ཆོག་སྙམ་པ་བྱས། དེ་ལྟར་རྩ་འཁོར་སོ་གཉིས་ལ་འགྲོ་འོང་སོ་གཉིས་ཀྱིས་སྤྱི་བོའི་རྩ་འཁོར་སྦྱངས། དེ་ནས་མགྲིན་པ། སྙིང་ག ལྟེ་བ། གསང་གནས། ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་ལའང་སྔར་ལྟར་སྦྱངས། རྫོགས་རིམ་རྩལ་དུ་འདོན་ན་ཞག་གྲངས་མང་པོར་རྩའི་གསལ་སྣང་སྒྲུབ་སྟེ། དབུ་མའི་ཡར་སྣེ་ནས་རླུང་བུས་ན་རྩ་འཁོར་ཐམས་ཅད་ཀྱི་རྩེ་མོ་ནས་རླུང་སི་རི་རི་འབྱུང་བའི་ཚོད་ལྟ་བུ་དང༌། རྩ་གནས་ཐམས་ཅད་བུ་ག་ཧ་རེ་གསལ་བར་མཐོང་བ་ལྟ་བུའི་དོན་སྤྱི་ཡིད་ངོར་འཆར་ངེས་ཀྱི་བར་སྦྱངས་ན་ལེགས་པར་གསུང་ངོ༌། །འཆར་ངེས་ཀྱི་བར་སྦྱངས་ན་ལེགས་པར་གསུང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/10269  + (རྩ་ཤེའི་རྒྱ་འགྲེལ་གྲགས་ཅན་བརྒྱད་ཅེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10270  + (རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10353  + (རྩང་ཆུང་ཆོས་གྲགས་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་གསུམ་མོ། །འདི་བསྟན་དར་ལྷ་རམས་པའི་ཤེར་སྙིང་འགྲེལ་པར་སྣང་།)
  • Dictionaries/sgom sde tshig mdzod chenmo/13261  + (རྩབ་ཧྲལ། རྙིང་གོག ཐ་ཤལ། དཔེར་ན་གོས་ཧྲུལ། ཁྱབ་ཧྲུལ་ཁྱབ་ལོགཞེས་པ་ལྟ་བུ། རུལ་བའི་དོན་ཡིན་པར། བསྟན་དར་ལྷ་རམས་པ་གསུང༌།)